མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་སྡེ་ཚན་གྱི“གཞུང་གྲོན་གསུམ” ཆེས་ཆེར་ཆག་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་19ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་2014ལོའི་ལོ་འཁོར་གྱི་ཀྲུང་དབྱང་གི་ངེས་རྩིས་གཞི་གྲངས་ཀྱི་ཐོག་ནས་མངོན་པ་ལྟར་ན། ཀྲུང་དབྱང་སྡེ་ཚན་གྱི“གཞུང་གྲོན་གསུམ”གྱི་གཏོང་ཆ་ཁྱོན་སྒོར་དུང་ཕྱུར་58.8ཟིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་11.35ཉུང་དུ་ཕྱིན་ནས་16.2%ཆག་པ་དང་། སྔོན་རྩིས་གྲངས་གཞི་ལས་སྒོར་དུང་ཕྱུར་12.71ཉུང་དུ་ཕྱིན་ནས་17.8%ཆག་ཡོད། དེ་ནི་ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་སྡེ་ཚན་གྱི“གཞུང་གྲོན་གསུམ”ཆག་ཚད་ཆེ་ཤོས་ཤིག་རེད།
     “གཞུང་གྲོན་གསུམ”གྱི་སྤྱི་འབོར་ཆེས་ཆེར་ཆག་པ་མ་ཟད་གྲོན་དངུལ་རྐྱང་པ་ཁག་གི་འགྲོ་སོང་མངོན་གསལ་དོད་པོས་ཆག་ཡོད་ཅིང་། དེའི་ནང་གཞུང་དོན་དུ་རྒྱལ་ཁབ་(ས་ཁོངས)ཕྱིར་བསྐྱོད་པའི་གྲོན་དངུལ་སྒོར་དུང་ཕྱུར་16.2ཟིན་ནས་18%ཆག་པ་དང་། གཞུང་འཁོར་ཉོ་བ་དང་འཁོར་སྐྱོད་གྲོན་དངུལ་སྒོར་དུང་ཕྱུར་35.99ཟིན་ནས་12.8%ཆག་པ། གཞུང་དོན་སྣེ་ལེན་གྱི་གྲོན་དངུལ་སྒོར་དུང་ཕྱུར་6.61ཟིན་ནས་36.9%ཆག་པ་བཅས་རེད།
     “གཞུང་གྲོན་གསུམ”ཆེས་ཆེར་ཆག་པའི་རྒྱུ་རྐྱེན་གཙོ་བོ་ནི་ཀྲུང་དབྱང་སྡེ་ཚན་ཁག་གིས་གཏན་འབེབས་དོན་ཚན་བརྒྱད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གྲོན་ཆུང་གཟབ་ནན་དང་འགྲོ་སོང་ཚོད་འཛིན་ནན་པོ་བྱས་པའི་འབྲས་བུ་ཞིག་རེད། ཀྲུང་དབྱང་སྡེ་ཚན་ཁག་གིས་བྱེད་ཐབས་ནུས་ལྡན་སྤྱད་ནས་རྒྱལ་ཁབ་ཕྱིར་སྐྱོད་མཁན་ཚོགས་པ་ཁག་གཅིག་ཁུ་བསྡུ་དང་མེད་པ་བཟོས་པ་དང་། གཞུང་འཁོར་ལམ་ལུགས་སྒྱུར་བཅོས་ལག་བསྟར་གྱིས་གཞུང་འཁོར་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་གཞུང་དོན་སྣེ་ལེན་བྱེད་སྒོ་ཚད་ལྡན་དུ་གཏོང་བ་སོགས་བྱས་པས“གཞུང་གྲོན་གསུམ”གྱི་གཏོང་ཆ་རྐྱང་པ་ཁག་ཡོངས་མངོན་གསལ་དོད་པོས་ཆག་ཡོད། ལྷག་དོན་དུ་གཞུང་དོན་སྣེ་ལེན་གྱི་གྲོན་དངུལ་36.9%ཆག་པ་དང་དེ་ལྟ་བུའི་སྟོབས་ཤུགས་དང་ཕན་འབྲས་དེ་སྤྱི་ཚོགས་ཀྱི་སྔོན་དཔག་ལས་བརྒལ་ཡོད་པ་རེད།
     ད་རེས་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་བལྟས་ན། སྡེ་ཚན་ཁག་གི“གཞུང་གྲོན་གསུམ”གྱི་མཆན་འགྲེལ་གསལ་བཤད་སྔར་བས་ཞིབ་ཕྲ་བཟོས་ཏེ་སྔོན་ཆད་ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་ཕྱིར་སྐྱོད་པའི་ཚོགས་པ་དང་དེ་བཞིན་མི་ཐེངས། གཞུང་འཁོར་ཉོ་གྲངས་དང་བདག་ཚད་ཀྱི་རྨང་གཞིའི་ཐོག་ཐེངས་དང་པོར་གཞུང་དོན་སྣེ་ལེན་གྲོན་དངུལ་གྱི་འབྲེལ་ཡོད་ཁག་གྲངས་དང་མི་གྲངས་ཡོངས་བསྒྲགས་བྱས་པ་རེད།
     ནོར་སྲིད་པུའི་ནོར་སྲིད་ཚན་རིག་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ་པའེ་ཅིན་མིང་གིས་ཀྲུང་དབྱང་སྡེ་ཚན་གྱི“གཞུང་གྲོན་གསུམ”ཆེས་ཆེར་ཆག་པ་དང་གྲུབ་ཆ་ཉིན་རེ་བཞིན་ལུགས་མཐུན་ཅན་དུ་འགྱུར་བཞིན་ཡོད། དེ་ནི་སྔོན་རྩིས་དེ་བསྡུར་ཚད་ལྟར་བཙན་གྱིས་མར་གནོན་པ་མིན་པར་ལམ་ལུགས་ཀྱི“རླུང་ཙི”ཇི་ལྟར་བསྡམས་ན་དེ་ལྟར་དམ་དུ་སོང་བ་ལས་བྱུང་། ལོ་འདི་གཉིས་རིང་རྒྱལ་ཁབ་ཀྱིས་ལམ་ལུགས་གཏན་འབེབས་རབ་དང་རིམ་པ་བྱས་པ་དང་། དེའི་ནང་གཞུང་དོན་དུ་རྒྱལ་ཁབ་ཕྱིར་སྐྱོད་པའི་ཚོགས་པའི་ཉིན་གྲངས་དང་མི་གྲངས་དང་གཞུང་དོན་གྱི་གནམ་གྲུའི་སྤ་སེའི་རིན་གོང་། དེ་བཞིན་གཞུང་དོན་སྣེ་ལེན་གྱི་ཚད་གཞི་སོགས་ལ་བླང་བྱ་ཞིབ་ཕྲ་བཟོས་ཡོད། འགྲོ་སོང་གི་ཚད་གཞི་ལས་བརྒལ་ཚེ་རྩིས་ཞུ་བྱེད་ཐབས་མེད་པ་མ་ཟད་ད་དུང་དོ་བདག་གིས་འགན་འཁྲི་འཁུར་དགོས་པ་དང་གང་འདོད་དུ་དངུལ་བེད་སྤྱོད་བྱེད་པར་གཅུན་སྡོམ་ནུས་ལྡན་ཕོག་པའི་ངོས་འཛིན་བྱས་པ་རེད།