མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ནང་ངོས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་བྱང་ཤར་བཟོ་ལས་རྟེན་གཞི་
རྙིང་པ་དར་རྒྱས་གོང་འཕེལ་མགྱོགས་པོ་གཏོང་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་21ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ནང་ངོས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་བྱང་ཤར་བཟོ་ལས་རྟེན་གཞི་
རྙིང་པ་དར་རྒྱས་གོང་འཕེལ་མགྱོགས་པོ་གཏོང་དགོས་ཞེས་གསུངས་པ།

མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཟླ་ཚེས་17ཉིན་གྱི་ཕྱི་དྲོར་ཁྲང་ཁྲུན་དུ་འཚོགས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གཅིག་གི་ཏང་ཨུད་ཀྱི་འགན་ཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུའི་ཐོག་བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གཏོང་རྒྱུ་དང“ ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་གསན་ཞིང་། ཁོང་གིས་བྱང་ཤར་ས་ཁུལ་ནས་བལྟས་ནའང་འདྲ་ཡང་ན་རྒྱལ་ཡོངས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་བལྟས་ནའང་འདྲ། བྱང་ཤར་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་ཡོང་བ་བྱ་རྒྱུ་ནི་ཚང་མར་དོན་སྙིང་གལ་ཆེན་ལྡན་ཡོད། བྱང་ཤར་གྱི་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གཏོང་རྒྱུ་དེ་རྦབ་རྡོ་གྱེན་འདྲེན་དང་ལ་བརྒལ་ཉག་སྒྲོལ་གྱི་འགག་རྩའི་དུས་སུ་སླེབས་ཡོད། དེར་བརྟེན་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བྱང་ཤར་ས་ཁུལ་གྱི་ནང་ངོས་འཕེལ་རྒྱས་གཏོང་བའི་གསོན་ཤུགས་དང་སྒུལ་ཤུགས་ཆེ་རུ་གཏོང་བའི་ཁར་ཤུགས་གནད་ལ་འཁེལ་བ་དང་ལས་དོན་ཏན་ཏིག་བསྒྲུབས་ནས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གོང་འཕེལ་མགྱོགས་པོ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས་དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་དུས་བབ་དང་འཁོར་སྐྱོད་ཀྱི་རྣམ་པ་སྤྱིའི་ཆ་ནས་བརྗོད་ན་ལེགས་པོ་ཡོད། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་དུས་ཡུན་རིང་པོར་གཞི་རྩའི་ཆ་ནས་ལེགས་པོ་ཡིན་པར་འགྱུར་བ་མེད་པ་དང་། དཔལ་འབྱོར་གྱི་འཕེལ་ཚུལ་ལེགས་པ་དང་། མི་མངོན་པའི་ནུས་པ་འདང་ངེས་ཡོད་པ། འཕེལ་རྒྱས་ཀྱི་བར་སྟོང་ཆེ་བ་བཅས་ཀྱི་གཞི་རྩའི་ཁྱད་ཆོས་ལ་འགྱུར་བ་མེད་པ། དཔལ་འབྱོར་མུ་མཐུད་འཕར་བའི་འདེགས་སྐྱོར་གྱི་རྨང་གཞི་དང་ཆ་རྐྱེན་ཡག་པོར་འགྱུར་བ་མེད་པ། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་དང་ལེགས་སྒྱུར་གྱི་མདུན་སྐྱོད་རྣམ་པར་འགྱུར་བ་མེད་པ། འཕར་གཞི་གསར་པ་དེ་མགྱོགས་མྱུར་གསོ་སྐྱོང་བྱེད་བཞིན་ཡོད་པ་མ་ཟད། འཆིང་རྒྱ་གཏོར་ནས་ཐོན་གྲབས་ཀྱང་བྱེད་བཞིན་ཡོད་པ་དང་། འཕར་བའི་སྒུལ་ཤུགས་གསར་པ་གང་མགྱོགས་ཆགས་བཞིན་ཡོད་པ་མ་ཟད། སྟོབས་ཤུགས་ཀྱང་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་པ་བཅས་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་སྔར་བཞིན་ཡངས་པོ་ཡོད་པས་ཚང་མར་ངེས་པར་དུ་ཡིད་ཆེས་ཡོད་པ་བྱེད་དགོས་ཞེས་ནན་བཤད་་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་བྱང་ཤར་ས་ཁུལ་གྱི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བྱང་ཤར་ས་ཁུལ་གྱི་མི་འབོར་དང་། ཐོན་ཁུངས། ཐོན་ལས། ཤེས་ལྡན་པ། རྨང་གཞིའི་སྒྲིག་བཀོད། ས་བབ་སོགས་ཀྱི་འདེགས་སྐྱོར་ནུས་པ་ཧ་ཅང་ཆེ་བ་དང་། འཕེལ་རྒྱས་ཀྱི་བར་སྟོང་དང་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ཡོད། བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་བྱས་ནས་ལོ་10 ལྷག་ཙམ་སོང་རིང་། ཀྲུང་དབྱང་གིས་བྱང་ཤར་ས་ཁུལ་ལ་རྒྱབ་སྐྱོར་དང་། རོགས་རམ། སྐུལ་འདེད་བཅས་ཀྱི་ཆེད་དོན་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་དང་། རིམ་པ་ཁག་དང་འབྲེལ་ཡོད་ཕྱོགས་ཁག་གིས་ལས་དོན་འབོར་ཆེན་བསྒྲུབས་ནས་བྱང་ཤར་བཟོ་ལས་རྟེན་གཞི་རྙིང་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ཏང་ཀྲུང་དབྱང་གིས་བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་པ་དེ་ནི་ཡང་དག་པ་ཞིག་ཡིན་པ་དང་། བྱང་ཤར་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་གཏོང་རྒྱུའི་མདུན་ལམ་ནི་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱེད་ཐུབ་ཅེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་བྱ་དངོས་འཕེལ་རྒྱས་ཁྲོད་ག་དུས་ཡིན་ནའང་འགལ་བ་སྣ་ཚོགས་མཉམ་འགྲོགས་མཉམ་ཐོན་བྱེད་ཀྱི་ཡོད། མིག་སྔར་བྱང་ཤར་ས་ཁུལ་གྱི་འཕེལ་རྒྱས་ལ་དཀའ་ངལ་དང་འགྲན་སློང་གསར་པ་འཕྲད་པ་དེའི་ནང་རྒྱལ་ཡོངས་ཀྱི“ཐེངས་གསུམ་རྩེག་སྣོན”སོགས་ཐུན་མོང་རང་བཞིན་ཐད་ཀྱི་རྒྱུ་རྐྱེན་ལྡན་ཡོད་ལ་བྱང་ཤར་ས་ཁུལ་དུ་ཐོན་ལས་ཀྱི་གྲུབ་ཆ་དང་སྒྲིག་སྲོལ་ལམ་སྲོལ་སོགས་བྱེ་བྲག་རང་བཞིན་ཐད་ཀྱི་རྒྱུ་རྐྱེན་ཡང་ལྡན་ཡོད། ཉེན་ཁ་ཡོད་པ་དང་འགལ་བ་ཡོད་པར་སྐྲག་དགོས་དོན་མེད། འགག་རྩ་ནི་འགལ་བ་སེལ་བའི་ཆོད་སེམས་དང་ཉེན་ཁ་སེལ་རྒྱུའི་བྱ་ཐབས་ལྡན་དགོས། དཀའ་ངལ་དང་འགྲན་སློང་གི་མདུན་དུ་ག་བྱེད་འདི་བྱེད་མེད་པ་དང་རེ་མེད་ཐབས་མེད་བྱེད་མི་རུང་། དཀའ་ལས་ག་ཚོད་ཡོད་རུང་གལ་སྲིད་མཐོང་ཆེན་བྱས་ན། དཀའ་ལས་ཁག་པོ་ཞིག་མེད། ལམ་བུ་ཆེ་ཆུང་གང་ཞིག་ཡིན་རུང་གལ་སྲིད་བསྐྱོད་པ་ཡིན་ན། གཞི་ནས་མདུན་ལམ་ཡོད། སྤུས་ཚད་དང་ཕན་འབྲས་ལ་སྣང་ཆེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དཔལ་འབྱོར་བརྟན་པོའི་ངང་མུ་མཐུད་འཕར་བར་བྱེད་པའི་བྱེད་ཐབས་དང་བྱ་ཐབས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་ནང་རྐྱེན་ལ་མང་ཙམ་དམིགས་པ་དང་། ནང་རྐྱེན་ནས་བྱེད་འགོ་མང་ཙམ་འཛུགས་པ། ནང་རྐྱེན་ནས་ཤུགས་མང་ཙམ་རྒྱག་པ་བཅས་བྱེད་དགོས། འབྱུང་གཞི་འཕྱུགས་མེད་བཙལ་ཐུབ་ན། འབེན་ཡོད་སར་མདའ་འཕེན་ཐུབ་པ་དང་ནད་བསྟུན་སྨན་སྤྲོད་ཐུབ་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་བྱང་ཤར་གྱི་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་སྐབས་སྒྲིག་སྲོལ་དང་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གྲུབ་ཆ་ལེགས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ། ཚན་རྩལ་གསར་གཏོད་དང་བྱ་གཞག་གསར་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་གཏོང་དགོས་པ། དམངས་འཚོ་ནུས་ཤུགས་ཡོད་རྒུས་འགན་སྲུང་དང་ལེགས་སུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་སྒྲིག་སྲོལ་ལམ་སྲོལ་ཐད་ཀྱི་འགལ་རྐྱེན་མཐའ་གཅིག་ཏུ་བསལ་ནས་ཁྲོམ་ར་དང་འབྲེལ་མཐུད་རྦད་དེ་ཐུབ་པ་དང་། ནང་གནས་སུ་གསོན་ཤུགས་ཀྱིས་ཁེངས་པའི་སྒྲིག་སྲོལ་ལམ་སྲོལ་ཞིག་ཆགས་པ་བྱ་རྒྱུ་ནི་བྱང་ཤར་བཟོ་ལས་རྟེན་གཞི་རྙིང་པ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བཅོས་ཐབས་ཇུས་ཤིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་ཁྲོམ་ར་ཤེས་རྟོགས་དང་སྐྱེད་སྲིང་ཧུར་ཐག་བྱེད་དགོས་པ་དང་། སྔར་བས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས་ཁྲོམ་རའི་ནང་བྱེད་ཐབས་འཚོལ་ཞིབ་དང་། ལས་སྟེགས་འཚོལ་ཞིབ། ལམ་བུ་འཚོལ་ཞིབ་བཅས་བྱེད་པའི་ཐབས་ལམ་ལྷུག་ཏུ་གཏོང་དགོས། བྱང་ཤར་ས་ཁུལ་དུ་གཞུང་ཁོངས་ཁེ་ལས་ཀྱི་བསྡུར་ཚད་ཆེ་བ་དང་རྨང་གཞི་ཡག་པོ་ཡོད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཁེ་ལས་བཅོས་སྐྱོང་བྱེད་སྟངས་དང་གཉེར་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཀྱི་ཁྲོམ་རའི་གཙོ་གཟུགས་གནས་བབ་དངོས་འབྲེལ་གཏན་འཁེལ་བྱེད་པ་བཅས་ཀྱི་ཐོག་ནས་ཁེ་ལས་ཀྱི་ནང་ངོས་གསོན་ཤུགས་དང་། ཁྲོམ་རའི་འགྲན་རྩོད་ནུས་པ། འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་ནུས་བཅས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་བྱང་ཤར་ས་ཁུལ་གྱི་བཟོ་ལས་ཀྱི་གྲུབ་ཆ་མང་པོ་མེད་པ་དང་། སྲོལ་རྒྱུན་ཐོན་རྫས་ཀྱིས་གཙོ་ཆེ་ས་བཟུང་བ། “དེ་སྔའི”མིང་ཅན་དང“ཐོག་མའི”མིང་ཅན་ཐོན་རྫས་ཅུང་མང་པོ་ཡོད། གནས་ཚུལ་དེ་རིགས་ལ་རང་འགུལ་ངང་འགྱུར་ལྡོག་མགྱོགས་པོ་གཏོང་དགོས། གྲུབ་ཆ་ལེགས་སུ་གཏོང་བར་ཐབས་མང་མཉམ་དུ་སྤྱོད་དགོས། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བར་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་མགྱོགས་པོ་བྱེད་དགོས་པ་དང་། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱ་ཆེ་རུ་གཏོང་བ། དམངས་གཉེར་དཔལ་འབྱོར་གོང་འཕེལ་ཧུར་ཐག་གཏོང་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་སྔར་བས་མང་བ་གསར་གཏོད་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྒྱུར་བྱེད་གྲངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྲིད་གཞུང་གིས་ཁྲོམ་རར་ལུགས་དང་མི་མཐུན་པའི་ཐེ་གཏོགས་བྱེད་པ་དང་། ཁྲོམ་རའི་གཙོ་གཟུགས་ལ་ལུགས་དང་མི་མཐུན་པའི་བཀག་སྡོམ་ཉུང་དུ་གཏོང་དགོས། དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་གང་མགྱོགས་འཕེལ་རྒྱས་གཏོང་བ་དང་། དེང་རབས་ཞིང་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་ཧུར་ཐག་བཏོད་ནས་དེང་རབས་ཀྱི་ཞིང་ལས་དེ་ཐོན་ལས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་གསར་གཏོད་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་ཞིག་དང་། གསར་གཏོད་དོན་གཉེར་བྱེད་པ་ནི་འབྱུང་འགྱུར་དོན་གཉེར་བྱེད་པ་ཞིག་རེད། གསར་གཏོད་མ་བྱས་ན་རྗེས་ལུས་ཐེབས་ངེས་རེད་ལ་གསར་གཏོད་བྱེད་འགོར་ནའང་རྗེས་ལུས་ཐེབས་ངེས་རེད། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་བྱེད་སེམས་སྐུལ་སློང་བྱས་ཏེ་མུ་མཐུད་ཤུགས་བརྒྱབ་ནས་གསར་གཏོད་ལ་བརྟེན་ནས་སྣེ་འཁྲིད་དང་འདེགས་སྐྱོར་གཙོ་བོར་བྱེད་པའི་དཔལ་འབྱོར་མ་ལག་དང་འཕེལ་རྒྱས་གཏོང་སྟངས་ཤིག་གང་མགྱོགས་ཆགས་པ་བྱེད་དགོས། གསར་གཏོད་ལ་ཕན་པའི་སྲིད་ཇུས་ཀྱི་ཁོར་ཡུག་དང་ལམ་ལུགས་ཀྱི་ཁོར་ཡུག་ཧུར་ཐག་བཏོད་དེ་གནད་ལ་འཁེལ་བ་དང་རྒྱབ་སྐྱོར་བྱེད་དགོས་ངེས་ཐད་སྲིད་གཞུང་གིས་ལུགས་མཐུན་དང་ཁྱད་པར་ཡོད་པའི་ཡར་སྐུལ་སྲིད་ཇུས་འགའ་ཞིག་སྤྱོད་ཆོག དངུལ་རྩའི་ཞབས་ཞུ་ལེགས་སུ་གཏོང་བར་དངུལ་རྩ་དེ་དངོས་གཞིའི་དཔལ་འབྱོར་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་གྲས་སུ་ཁྱབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དམངས་འཚོ་དམ་འཛིན་བྱེད་རྒྱུ་ནི་འཕེལ་རྒྱས་དམ་འཛིན་བྱེད་པ་ཞིག་རེད། གཞི་རྩའི་སྤྱི་པའི་ཞབས་ཞུ་འགན་ལེན་ནུས་ལྡན་བྱེད་པའི་རྨང་གཞིའི་ཐོག་མང་ཚོགས་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཁྱིམ་ཚང་གི་ཞབས་ཞུ་དང་། རྒན་གསོའི་ཞབས་ཞུ་། བདེ་ཐང་གི་ཞབས་ཞུ། རིག་གནས་ལུས་རྩལ་གྱི་ཞབས་ཞུ། རོལ་རྩེད་ཀྱི་ཞབས་ཞུ་སོགས་ཐད་ཀྱི་སྤྱི་ཚོགས་ཀྱི་དགོས་མཁོ་བསྐངས་ནས་འབྲེལ་ཡོད་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་བྱས་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་འབྲེལ་མཐུད་ནུས་ལྡན་དང་སྤེལ་ཟླ་བྱེད་རེས་བྱེད་དགོས། དམངས་འཚོ་འཛུགས་སྐྱོང་གི་མ་དངུལ་གཏོང་ཤུགས་འགན་ལེན་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སློབ་གསོ་དང་། ལས་ཞུགས། ཡོང་འབབ། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན། བཟའ་བཅའི་བདེ་འཇགས་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ནས་དམངས་འཚོའི་སྦྲེལ་ཐག་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་རྒྱུའི་འགན་ལེན་བྱེད་དགོས། དམངས་འཚོའི་ལས་དོན་ལ་ཐད་ཀར་མི་སེར་དང་ངོ་འཕྲད་བྱེད་པ་དང་རྩིས་ཐོ་ཞིབ་བསྡུར་བྱས་ནས་གཡོ་རྫུས་སྤུ་ཙམ་ཡང་བྱེད་མི་རུང་། ལས་དོན་ཧུར་ཐག་སྒྲུབ་དགོས་ལ་ནུས་པས་ལྕོགས་ཚོད་ཀྱིས་བསྒྲུབས་ནས་ཁས་ལེན་བྱས་རིགས་ཁ་བཤད་ལག་བསྟར་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།