མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་འབུམ་ཤོག་ཆེ་མོ་བཅུ་དྲུག་པར་གཟིགས་ཞིབ་གནང་བར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་21ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་འབུམ་ཤོག་ཆེ་མོ་བཅུ་དྲུག་པར་གཟིགས་ཞིབ་གནང་བར་ཕེབས་པ།

མི་དམངས་དྲ་བའི་འཕྲིན། བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་སྔ་ནུབ་ཏུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚེས་18ཉིན་གྱི་ཕྱི་དྲོ་ཆེད་མངགས་འབུམ་ཤོག་ཆེ་མོ་བཅུ་དྲུག་པར་གཟིགས་ཞིབ་གནང་བར་ཕེབས་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་འབུམ་ཤོག་ཆེ་མོ་བཅུ་དྲུག་པའི་དཔོན་དམག་ཡོངས་ལ་ཟོལ་མེད་འཚམས་འདྲི་གནང་བ་དང་འབྲེལ་དམག་ཡོངས་ཀྱི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་སྤྲོ་སེམས་འཁོལ་བའི་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་བསམ་བློ་སྔོན་སྤེལ་མཐའ་འཁྱོངས་དང་། དམག་སྦྱོང་དམག་གྲབས་མཐའ་འཁྱོངས། ནན་པོ་མཐའ་འཁྱོངས། རང་དཔེ་གཞན་སྟོན་མཐའ་འཁྱོངས་བཅས་ཀྱི་ཐོག་ནས་དུས་བབ་གསར་པ་དང་ལས་འགན་གསར་པ་དང་འཚམ་པ་བྱས་ཏེ་དམག་དཔུང་ལ་དོ་དམ་ཡག་པོ་དང་དམག་མིའི་སྣེ་ཡག་པོ་འཁྲིད་དེ“བཞི་ལྡན”གྱི་དུས་སྐབས་གསར་པའི་གསར་བརྗེའི་དམག་མི་གསོ་སྐྱོང་ནུས་ལྡན་བྱས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་གཞི་རིམ་དུ་རྩ་བ་ཚུགས་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཕྱི་དྲོའི་ཆུ་ཚོད་3པ་ཙམ་དུ་ཞིས་ཅིན་ཕིང་འབུམ་ཤོག་ཆེ་མོ་བཅུ་དྲུག་པའི་ལས་ཁུངས་སུ་ཕེབས་ནས་འབུམ་ཤོག་ཆེ་མོ་བཅུ་དྲུག་པའི་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་ཧྲེ་ལུའེ་ཚན་པའི་དོ་དམ་པ་གཙོ་བོ། ཁྲང་ཁྲུན་དུ་བཅའ་སྡོད་དཔུང་སྡེའི་ཧྲེ་ཡན་གྱི་འགོ་ཁྲིད་ལས་བྱེད་པ། སྒྲིག་གཞི་ཚང་བའི་ཐོན་ཚན་པའི་དོ་དམ་པ་གཙོ་བོ་བཅས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
         ཞིས་ཅིན་ཕིང་གིས་འབུམ་ཤོག་ཆེ་མོ་བཅུ་དྲུག་པའི་ལས་དོན་གྱི་སྙན་སེང་གསན་པ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་བ་རེད།
         ཞིས་ཅིན་ཕིང་གིས་བསམ་བློ་སྔོན་སྤེལ་མཐའ་འཁྱོངས་བྱེད་པར་རྩ་སྲ་ཟུངས་འཕེལ་དང་སྙིང་སྟོབས་གཅིག་སྒྲིལ་ཐད་ཤུགས་སྣོན་རྒྱག་དགོས། རྒྱུན་བསྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་མི་སྣ་གསོ་སྐྱོང་བྱས་ཏེ་དམག་དཔུང་གི་བླ་སྲོག་སློབ་གསོ་ཡག་པོ་གཏོང་རྒྱུར་དམ་འཛིན་གཏིང་ཟབ་བྱེད་པ་དང་། དཔོན་དམག་ཚོས་ཕུགས་བསམ་དད་སེམས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། བསམ་བློའི་འགོག་སྲུང་བརྟན་པོ་འཛུགས་པ། ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་བ། དུས་གང་འདྲ་ཞིག་དང་གནས་ཚུལ་ཅི་འདྲ་ཞིག་གི་འོག་ཏང་གིས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་པའི་གཞི་རྩའི་རྩ་དོན་དང་ལམ་ལུགས་བརྟན་དུ་གཏོང་བ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་མཐའ་གཅིག་ཏུ་གང་གསུང་དེ་སྒྲུབ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་ནས་གལ་ཆེའི་རྩ་དོན་གྱི་གནད་དོན་ཐད་ཟ་ཟིར་སྤུ་ཙམ་ཡང་མེད་པ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་ནས་གལ་ཆེའི་རྩ་དོན་གྱི་གནད་དོན་ཐད་ཟ་རི་ཟི་རི་གཏན་ནས་བྱེད་མི་རུང་། ཞུས་ཚའེ་ཧོའུ་ཡི་སྒྲིག་འགལ་ཁྲིམས་འགལ་བྱེད་སྤྱོད་ཀྱིས་དམག་དཔུང་འཛུགས་སྐྱོང་ཐད་གནོད་འཚེ་ཕོག་ཚབས་ཆེ་བ་དང་གཏིང་ཟབ་པ་ཞིག་ཡོད་པས་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་དག་ཐེར་ལ་དམ་འཛིན་བྱ་རྒྱུའི་སྐོར་གྱི་དམག་ཨུད་ཀྱི་བཀོད་སྒྲིག་བཞིན་བསམ་བློ་དང་། སྒྲིག་འཛུགས། སྤྱོད་ཚུལ་བཅས་ཀྱི་ཐད་ཞུས་ཚའེ་ཧོའུ་ཡི་གྱོད་གཞིའི་ཤུགས་རྐྱེན་རྦད་དེ་མེད་པ་བཟོས་ནས་དམར་དམག་རྒན་གྲས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཕུལ་བྱུང་གི་སྲོལ་རྒྱུན་སླར་གསོ་ཡག་པོ་དང་། རྒྱུན་འཁྱོངས་ཡག་པོ། དར་སྤེལ་ཡག་པོ་བཅས་ཀྱི་ཐོག་ནས་དམག་དཔུང་དེ་བས་དྭངས་གཙང་བརྟན་ལྷིང་དང་རྒྱ་ཆེའི་དཔོན་དམག་ཏང་དར་འོག་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དམག་སྦྱོང་དམག་གྲབས་མཐའ་འཁྱོངས་བྱེད་སྐབས་འཇོན་ཐང་ཆེར་གཏོང་དང་དཀའ་ཚེགས་སྦྱོང་བརྡར་ཐད་ཤུགས་སྣོན་རྒྱག་དགོས། དམག་འཐབ་ཀྱི་ལས་འགན་མི་འདྲ་བར་དམིགས་ནས་དམག་སྦྱོང་ནན་པོ་བྱེད་པ་དང་། དངོས་འཐབ་ཁྲོད་དཔོན་དམག་གི་སྙིང་སྟོབས་ལ་ཞུན་བརྡར་སྤྲོད་པ། ཉམས་སད་ཐེག་ཐུབ་པའི་དམག་དོན་བྱང་ཚད་མཐོ་རུ་གཏོང་བ་བཅས་ལ་བརྟེན་ནས་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་དམག་འཐབ་ཀྱི་སྙིང་སྟོབས་འཕེལ་བ་བྱེད་དགོས། སྦྱོང་བརྡར་མཉམ་འདྲེས་དང་། སྦྱོང་བརྡར་འགན་ལེན། སྦྱོང་བརྡར་སྒྲིག་ཆས། སྦྱོང་བརྡར་བྱ་ཡུལ་བཅས་དང་དེ་བཞིན་སྦྱོང་བརྡར་བྱེད་པའི་ནུས་པ་སོགས་ཐད་གནས་པའི་གནད་དོན་ལ་ཞིབ་འཇུག་ནན་ཏན་བྱས་ནས་ནུས་ལྡན་གྱི་ཐབས་ཇུས་བཏོན་ཐོག་དུས་ཚོད་ཀྱིས་མི་མི་སྒུག་པའི་སྙིང་སྟོབས་ཀྱི་ཐོག་ནས་མགྱོགས་མྱུར་ཐག་གཅོད་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ནན་པོ་མཐའ་འཁྱོངས་བྱེད་པར་དོ་དམ་ནན་པོ་དང་ཁྲིམས་ལྟར་དམག་མིའི་སྣེ་འཁྲིད་རྒྱུའི་ཐད་ཤུགས་སྣོན་རྒྱག་དགོས། དོ་དམ་ནན་པོ་བྱས་ཚེ་གཞི་ནས་ཁྲིམས་བཞིན་སྐྱོང་ཐུབ་པ་དང་། ནན་པོ་བྱས་ཚེ་གཞི་ནས་དམག་དཔུང་ཁག་གི་དབང་གྲགས་འཕེལ་ཐུབ་པ་དང་། ནན་པོ་བྱས་ཚེ་གཞི་ནས་དམག་འཐབ་ནུས་པ་འདོན་ཐུབ། ཁྲིམས་སྐྱོང་གི་བསམ་གཞིར་ཤུགས་སྣོན་རྒྱག་པ་དང་། བཀའ་ཁྲིམས་སྲོལ་ཡིག་དང་། སྒྲིག་སྲོལ་ལམ་ལུགས་བཞིན་བྱ་བ་བསྒྲུབས་ནས་ཁྲིམས་ལྟར་དམག་མིར་སྦྱོང་བརྡར་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དམག་དཔུང་གི་གཞི་རིམ་འཛུགས་སྐྱོང་གི་རྩ་གནད་གཞིར་བཟུང་རྒྱུན་གཏན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱས་ནས་འཐབ་ཕྱོགས་དང་པོའི་བཀོད་འདོམས་པུའུ་དང་། འཐབ་ཕྱོགས་དང་པོའི་དམག་འཐབ་མཁར་རྫོང་། འཐབ་ཕྱོགས་དང་པོའི་དམག་མིར་སྦྱོང་བརྡར་བྱེད་མཁན་གྱི་དཔུང་ཁག་དེ་བས་བརྟན་དུ་གཏོང་དགོས། 《སྔར་ལས་ལྷག་པའི་ངང་གཞི་རིམ་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་སྒྲིག་ལམ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག་》དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་གཞི་རིམ་དཔོན་དམག་ཚོའི་དཀའ་ངལ་དངོས་ཐག་གཅོད་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། དཔོན་དམག་ཚོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་ཀྱི་ཐོག་ནས་གཞི་རིམ་འཛུགས་སྐྱོང་གི་ནང་གནས་སྒུལ་ཤུགས་འཕེལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།