མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་
འབུལ་བའི་བྱེད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་01ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་
འབུལ་བའི་བྱེད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ།

         མི་དམངས་དྲ་བའི་འཕྲིན། སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་འབུལ་བའི་བྱེད་སྒོ་ཟླ་9ཚེས་30ཉིན་གྱི་སྔ་དྲོར་པེ་ཅིང་གྲོང་ཁྱེར་གྱི་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་རྒྱལ་སའི་ལས་རིགས་ཁག་གི་འཐུས་མི་ཚོ་དང་མཉམ་དུ་མཛད་སྒོ་ལ་ཞུགས་པ་རེད།
         གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་རྒྱལ་དར་ལྷབ་ལྷབ་གཡོ་བ་དང་། མེ་ཏོག་སྣ་བརྒྱ་སྒྲུག་ཡོད། ཐང་ཆེན་གྱི་དཀྱིལ་དུ་བརྗོད་བྱར་མེས་རྒྱལ་ལ་སྨོན་འདུན་ཞུ་ཞེས་པའི་མེ་ཏོག་སི་ར་ཆེན་པོ་ཞིག་ཡོད་པ་དང་། དེས་བཀྲ་ཤིས་བདེ་ལེགས་དང་བདེ་སྐྱིད་ཞི་མཐུན་མཚོན་ཡོད། ཐང་ཆེན་གྱི་ལྷོ་ཁུལ་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྐབས་ཆེད་དུ་བཟོས་པའི་ལྕགས་རི་རིང་པོ་བརྗོད་བྱར་བྱས་པའི་མེ་ཏོག་སྟེགས་བུ་ཆེན་པོ་ཞིག་ཡོད། རྒྱལ་སའི་ལས་རིགས་ཁག་གི་འཐུས་མི་3000ལྷག་གིས་ལག་ཏུ་མེ་ཏོག་བཟུང་ནས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་ཕྱོགས་ནས་གུས་སྟབས་ཀྱིས་ལངས་ཡོད། ཁོང་ཚོའི་ཁྲོད་དུ་སྐྲ་ལོ་དུང་ལྟར་དཀར་བའི་འཐབ་མོ་བ་རྒན་པ་དང་། བློ་མཐུན་རྒན་པ། གཟི་བརྗིད་ཅན་གྱི་སྔོན་གཤེགས་དཔའ་བོའི་ཉེ་དུ། ཀྲུང་དབྱང་ཏང་གི་སློབ་གྲྭ་ན་སློབ་སྦྱོང་བྱེད་བཞིན་པའི་རྫོང་ཨུའི་ཧྲུའུ་ཅི་200ལྷག་ཙམ། གཞན་ད་དུང་སྐྱེས་སྟོབས་ཀྱི་དཔལ་འབར་བའི་ན་གཞོན་སློབ་མ་དང་ལོ་ཆུང་བྱིས་པ་ཡང་ཡོད་པ་རེད།
         སྔ་དྲོའི་ཆུ་ཚོད་10སྟེང་། ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཏང་དང་རྒྱལཁ་བ་ཀྱི་འགོ་ཁྲིད་པ་གནམ་བདེ་སྒོ་ཆེ་ཐང་ཆེན་དུ་ཕེབས་པ་དང་། མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས་པ་རེད།

༄༅།།སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་
འབུལ་བའི་བྱེད་སྒོ་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ།