མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲིན་ཧྲིང་གིས་ཞིན་ཅང་དམག་ཁུལ་གྱི་བཀོད་འཐབ་པ་དང་ཞིན་ཅང་འཛུགས་སྐྲུན་
དཔུང་ཚོགས་ཀྱི་ལས་བྱེད་པ་སོགས་ལ་མཇལ་འཕྲད་གནང་།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་01ཉིན། 12:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲིན་ཧྲིང་གིས་ཞིན་ཅང་དམག་ཁུལ་གྱི་བཀོད་འཐབ་པ་དང་ཞིན་ཅང་འཛུགས་སྐྲུན་
དཔུང་ཚོགས་ཀྱི་ལས་བྱེད་པ་སོགས་ལ་མཇལ་འཕྲད་གནང་།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲེང་ཧྲེང་གིས་སྐུ་ཚབ་ཚོགས་པའི་མི་སྣ་ཁ་ཤས་ཁྲིད་དེ་སོ་སོར་ཞིན་ཅང་དམག་ཁུལ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས། དྲག་ཆས་ཉེན་རྟོག་དམག་དཔུང་ཞིན་ཅང་སྤྱི་ཁྱབ་རུ་ཁག་བཅས་ལ་ཕེབས་ཏེ་འཚམས་འདྲི་མཛད་པར་མ་ཟད། རང་སྐྱོང་ལྗོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཚབ་མཛད་དེ་ཚང་མར་བླ་ན་མེད་པའི་གུས་འདུད་དང་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་རེད།
         ཞིན་ཅང་དམག་ཁུལ་བུའུ་ལུའུ་མུའུ་ཆིའི་ཁྲི་ཤོག་ཡན་གྱི་ལས་བྱེད་པར་མཇལ་འཕྲད་གནང་སྐབས། ཡུས་ཀྲེང་ཧྲེང་གིས་རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་དམ་པོར་བཟུང་སྟེ། འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་ཡོང་བར་ཁག་ཐེག་བྱེད་པར་སྟོབས་དང་ལྡན་པའི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།

༄༅།།ཡུས་ཀྲིན་ཧྲིང་གིས་ཞིན་ཅང་དམག་ཁུལ་གྱི་བཀོད་འཐབ་པ་དང་ཞིན་ཅང་འཛུགས་སྐྲུན་
དཔུང་ཚོགས་ཀྱི་ལས་བྱེད་པ་སོགས་ལ་མཇལ་འཕྲད་གནང་།