མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་ནས་མི་སྣ་འཆི་རྨས་ཉུང་དུ་གང་ཐུབ་གཏོང་དགོས་
པའི་བླང་བྱ་བཏོན་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་22ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན་གྱི་ཆུ་ཚོད་11དང་སྐར་མ་40ཡོལ་ཙམ་ལ་ཀོང་ཏུང་ཧྲེན་ཀྲེན་གྲོང་ཁྱེར་འོད་ཟེར་ཁུལ་གསར་རྒྱ་བྱ་སྡེ་ཁུལ་ཧེང་ཐའེ་ཡུས་བཟོ་ལས་གླིང་དུ་རི་ཉིལ་ནས་ཉེ་འདབས་ཀྱི་ནུབ་རླངས་ཤར་འདྲེན་མདོང་ལམ་འབར་གས་ཀྱི་གནས་ཚུལ་ཐོན་པ་རེད། ཆུ་ཚོད་19བར་མི་སེར་སྡོད་ཁང་སྟར་པ་22་དང་བཟོ་ཁང་བསྣུབས་པ་དང་དེ་གར་རི་ཉིལ་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་བཅུ་ལྷག་ཙམ་ཟིན་པ་དང་མི་3རྨས་པ་དང་གཞན་ཡང་མི་27དང་འབྲེལ་བ་ཆད་པ་རེད།
         གནས་ཚུལ་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་དེ་མར་མཛུབ་སྟོན་གལ་ཆེན་གནང་ནས་ཀོང་ཏུང་ཞིང་ཆེན་དང་ཧྲེན་ཀྲེན་གྲོང་ཁྱེར་ལ་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཉེན་འགོག་སྐྱོབ་རོགས་བྱས་ནས་དེ་མ་ཉིད་དུ་ཉེན་གྱར་མི་སྣ་མྱུར་སྐྱོབ་བྱེད་པ་དང་། མི་སྣ་འཆི་རྨས་ཉུང་དུ་གང་ཐུབ་གཏོང་བ། རྨས་མ་སྐྱོབ་བཅོས་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་སེམས་གསོ་དང་རྗེས་འཇུག་གི་ལས་དོན་ལེགས་པར་སྒྲུབ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་མྱུར་སྐྱོབ་བྱ་རྒྱུར་དོ་སྣང་བྱས་ནས་ཞོར་སྐྱོན་མི་ཐོན་པ་བྱེད་དགོས། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱིས་གནོད་འཚེ་འདྲ་མིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་སྔོན་ཇུས་བཟོ་རྒྱུར་ས་གནས་ལ་མཛུབ་ཁྲིད་བྱེད་པ་དང་ཉེན་བརྡ་སྔོན་གཏོང་དང་དེ་བཞིན་འཕྲལ་སྡོམ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་གནས་ཚུལ་གསལ་པོ་ཤེས་པ་དང་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་ནས་རྨས་མ་སྐྱོབ་བཅོས་གང་ཐུབ་དང་མི་སྣ་འཆི་རྨས་ཉུང་དུ་གང་ཐུབ་གཏོང་དགོས། མཐའ་འཁོར་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྒོ་ཀུན་ནས་གྲལ་བཤེར་བྱས་ཏེ་གནོད་འཚེ་ཐེངས་གཉིས་པ་མི་ཐོན་པ་བྱེད་དགོས། དེ་དང་ཆབས་ཅིག་གནོད་འཚེ་འབྱུང་རྐྱེན་གསལ་རྟོགས་ཡོང་བ་དང་རྗེས་འཇུག་གི་ལས་ཀ་ལེགས་པར་སྒྲུབ་དགོས། རྒྱལ་ཁབ་ས་ཆའི་ཐོན་ཁུངས་པུའུ་དང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་སོགས་སྡེ་ཚན་གྱིས་ས་གནས་སུ་ཉེན་འགོག་སྐྱོབ་རོགས་ལས་དོན་ལེགས་པར་སྒྲུབ་རྒྱུར་མཛུབ་ཁྲིད་བྱེད་མི་མངགས་གཏོང་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
         ཞིས་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱིས་ལས་དོན་ཚོགས་ཆུང་གནས་ཚུལ་ཐོན་ཡུལ་དུ་སྐྱོབ་རོགས་ལས་དོན་ལ་མཛུབ་ཁྲིད་བྱེད་པར་བཏང་བ་དང་ཀོང་ཏུང་ཞིང་ཆེན་ཞིང་ཨུད་དང་སྲིད་གཞུང་། ཧྲེན་ཀྲེན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་ཛ་དྲག་ངང་གནས་ཚུལ་ཐོན་ཡུལ་དུ་སྐྱོབ་རོགས་བྱེད་པར་བསྐྱོད་ཅིང་། མིག་སྔར་རོགས་སྐྱོར་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད།

  
2015-12-17 215-12-09 2015-12-06