མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་23ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ཟླ་12ཚེས་18ནས་ཚེས་21ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
         ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་2015ལོའི་དཔལ་འབྱོར་ལས་དོན་ཕྱོགས་སྡོམ་དང་། དེང་སྐབས་རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ། 2016ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་ཞིང་། གཙོ་གནད་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གྲོས་འགོའི་བླང་བྱ་དོན་འཁྱོལ་བྱས་ནས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་བཏང་ནས་དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས་ཕྱི་ལོའི་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་ཀྱི་ཁ་གཏད་ཕྱོགས་རྒྱས་བཤད་དང་། ཕྱི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཀའི་གཙོ་གནད་བཀོད་སྒྲིག་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།
         ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་ཤར་ཚུན་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ་ང་ཚོས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་མ་གཏོང་བའི་བླང་བྱ་ལྟར་ན་ནིང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དཔལ་འབྱོར་ལས་དོན་ལ་ཏང་གི་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམས་པ་བྱེད་པ་དང་། ཉེན་ཁ་དང་འགྲན་སློང་གལ་ཆེར་ཁ་གཏད་འོས་འཚམས་བཅག་ནས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ལ་སྐུལ་མ་བཏང་བར་ཡར་རྒྱས་ཆེན་པོ་ཐོབ་ཡོད། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་བརྟན་པོ་ཡིན་པ་དང་། བརྟན་ཐོག་ཡར་འཕེལ། བརྟན་ཐོག་ལེགས་པ་བཅས་བྱུང་ནས་དཔལ་འབྱོར་འཕར་བའི་མྱུར་ཚད་མཐོ་འབྲིང་མཐའ་འཁྱོངས་ཐུབ་སྟེ་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སུ་ཕྱིན་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་ཕྱིན་པ། དམངས་འཚོ་རྒྱུན་སྲིང་ངང་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་བཅས་བྱུང་ཡོད། འདི་ལོའི་དམིགས་ཚད་ལས་འགན་གཙོ་བོ་ལེགས་གྲུབ་བྱུང་བའི་ཐོག་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་རྒྱལ་ཁའི་ངང་མཇུག་སྒྲིལ་ཐུབ་པ་བྱུང་ནས་རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་ཆུ་ཚད་དེ་བས་མཐོ་བར་སླེབས་པ་མཚོན་གྱི་ཡོད། དེ་དང་ཆབས་ཅིག་ཕྱོགས་མང་པོའི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་དང་རྒྱལ་ཁབ་ཕྱི་ནང་གི་ཆ་རྐྱེན་ལ་འགྱུར་ལྡོག་བྱུང་བས་དཔལ་འབྱོར་འཕེལ་རྒྱས་ལ་འགལ་ཟླ་དང་གནད་དོན་མངོན་གསལ་དོད་པོ་ཁག་གཅིག་སྔར་བཞིན་གནས་པས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་ནས་སེལ་དགོས།
         ཚོགས་འདུའི་ཐོག་བསྟན་དོན། ཕྱི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགོ་ཚུགས་པའི་ལོ་གཅིག་ཡིན་ལ་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་བའི་འགག་སྒྲོལ་ལོ་ཡང་རེད། དཔལ་འབྱོར་ལས་དོན་ལེགས་པར་སྒྲུབ་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་ལེན་བསྟར་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱི་ཁྱོན་ཡོངས་གཉིས་གཅིག་འདོམས་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལྟར་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམས་པར་བྱས་ཐོག་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས། བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་མཐའ་འཁྱོངས་བཅས་བྱས་ཏེ་སྤྱི་ཁོག་སྲིད་ཇུས་བརྟན་པོ་དང་། ཐོན་ལས་སྲིད་ཇུས་འཕྱུགས་མེད། བྱེ་བྲག་སྲིད་ཇུས་སྟབས་བསྟུན། སྒྱུར་བཅོས་སྲིད་ཇུས་ཏན་ཏིག སྤྱི་ཚོགས་སྲིད་ཇུས་མཐིལ་འདེགས་བཅས་དགོས་པའི་སྤྱི་ཡོངས་བསམ་ཕྱོགས་ལག་ལེན་བསྟར་ནས་དཔལ་འབྱོར་འཁོར་སྐྱོད་དེ་འཚམས་མཐུན་བར་མཐོངས་སུ་གནས་རྒྱུ་མཐའ་འཁྱོངས་བྱས་ནས་འཐབ་ཇུས་ཐད་རྒྱུན་བསྲིང་དམག་འཐབ་བྱེད་པ་དང་། འཐབ་རྩལ་ཐད་ཚར་གཅོད་དམག་འཐབ་ལེགས་པར་རྒྱག་པ། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཐོག་སྤྱིའི་དགོས་མཁོ་ཚད་རན་པོའི་སྒོ་ནས་ཆེ་རུ་གཏོང་བ་དང་ཆབས་ཅིག་ཐོན་ནུས་གཅོག་པ་དང་། མཛོད་ཉར་འཕྲི་བ། འདེགས་ཤིང་མེད་པར་བཟོ་བ། མ་གནས་ཆུང་དུ་གཏོང་བ། མི་འདང་ས་གསབ་པ་བཅས་བྱས་ནས་མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་དང་། དངུལ་གཏོང་གི་ཕན་ནུས་རང་བཞིན་མཐོ་རུ་བཏང་སྟེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་པོ་ཆགས་པ་བྱེད་པ་དང་། སྲོལ་རྒྱུན་གྱི་ལེགས་ཆ་སྒྱུར་བཀོད་དང་ལེགས་སུ་གཏོང་བ། རྒྱུན་སྲིང་འཕར་བའི་སྒུལ་ཤུགས་ཆེ་རུ་གཏོང་བ། རང་རྒྱལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་ལེགས་སུ་འགྲོ་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཡག་པོ་ཞིག་རྩོམ་དགོས།
         ཚོགས་འདུའི་ཐོག་ཕྱི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་ལས་འགན་ཧ་ཅང་ལྕི་བས་འཐབ་ཇུས་ཐད་བརྟན་ཐོག་ཡར་་འཕེལ་མཐའ་འཁྱོངས་དང་། གོམ་བགྲོད་དང་མྱུར་ཚད་ཚོད་འཛིན་ཡག་པོ་བྱེད་པ་དང་། འཐབ་རྩལ་ཐད་འགག་རྩ་དམ་འཛིན་བྱེད་དགོས། གཙོ་བོ་ནི་ཐོན་ནུས་གཅོག་པ་དང་། མཛོད་ཉར་འཕྲི་བ། འདེགས་ཤིང་མེད་པར་བཟོ་བ། མ་གནས་ཆུང་དུ་གཏོང་བ། མི་འདང་ས་གསབ་པ་བཅས་ལས་འགན་ཆེན་པོ་ལྔར་དམ་འཛིན་ཡག་པོ་བྱེད་དགོས་པ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་བར་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་བརྟེན་དགོས། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་སྒྱུར་བཅོས་བྱ་ཐབས་ཁག་གཅིག་འདོན་དགོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་སྐུལ་མ་ཤུགས་ཆེན་བཏང་སྟེ་གཞུང་ཁོངས་ཀྱི་མ་རྩའི་མ་འཇོག་དང་གཉེར་སྐྱོང་ཀུང་སི་བསྐྱར་སྒྲིག་དང་མགྱོགས་པོ་བཙུགས་ནས་སྒེར་སྡེམ་ལས་རིགས་ཀྱི་སྒྱུར་བཅོས་ལ་སྐུལ་མ་མགྱོགས་པོ་གཏོང་དགོས། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་མགྱོགས་སུ་བཏང་ནས་ཀྲུང་དབྱང་དང་ས་གནས་ཀྱི་འགན་དབང་དང་གཏོང་སྒོའི་འགན་འཁྲི་འབྱེད་པ་དང་། ས་གནས་དཔྱ་ཁྲལ་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ས་གནས་ཀྱི་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ། ཁེ་ལས་ཀྱི་ཁུར་པོ་ཡང་དུ་སྒོ་གཏོང་བ་སོགས་འགག་རྩའི་རང་བཞིན་གྱི་གནད་དོན་དམ་འཛིན་བྱས་ནས་སྐུལ་མ་མགྱོགས་པོ་གཏོང་དགོས། དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་མགྱོགས་སུ་བཏང་ནས་མ་དངུལ་བསྡུ་གཏོང་གི་ནུས་པ་ཚང་བ་དང་། རྨང་གཞིའི་ལམ་ལུགས་ཏན་ཏིག ཁྲོམ་རའི་ལྟ་སྐུལ་དོ་དམ་ནུས་ལྡན། མ་འཇོག་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ནུས་ལྡན་བཅས་ཀྱི་མ་རྐང་ཁྲོམ་ར་གང་མྱུར་ཆགས་པ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་ཇུས་གཞི་ཞིབ་འཇུག་བྱས་ནས་འདོན་དགོས། དངུལ་ཁང་གི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་མ་མགྱོགས་པོ་གཏོང་བ་དང་། གཞུང་ཁོངས་ཚོང་ལས་དངུལ་ཁང་གི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ལྗང་མདོག་དངུལ་རྩ་འཕེལ་རྒྱས་མགྱོགས་པོ་གཏོང་བ་བཅས་བྱེད་དགོས། རྒན་གསོ་འགན་བཅོལ་ལམ་ལུགས་ཀྱི་སྒྱུར་བཅོས་མགྱོགས་སུ་གཏོང་བ་དང་། སྒེར་གྱི་རྩིས་ཐོ་འཐུས་སྒོ་ཚང་དུ་གཏོང་བ། ཞིབ་རྩིས་དོ་མཉམ་མཐའ་འཁྱོངས་བྱེད་པ། རིམ་པ་གཅིག་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་མགྱོགས་སུ་བཏང་ནས་གཞི་རྩ་འགན་ལེན་དང་གཞི་རིམ་སྟོབས་ཆེར་གཏོང་བའི་རྨང་གཞིའི་ཐོག་སྒྲིག་སྲོལ་ལམ་སྲོལ་གསར་པ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་རྣམས་ནད་ལྟ་དཀའ་བ་དང་སྨན་ཡོན་མཐོ་བའི་གནད་དོན་ཐག་གཅོད་ལེགས་པར་བྱེད་དགོས།
         ཚོགས་འདུའི་ཐོག་ད་རེས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ནི་ཕྱི་ལོའི་དཔལ་འབྱོར་ལས་དོན་ལ་སྒོ་ཀུན་ནས་བཀོད་སྒྲིག་བྱས་པ་ཞིག་ཡིན་པ་མ་ཟད། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་བའི་གཙོ་གནད་བཀོད་སྒྲིག་ཀྱང་རེད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་བསམ་བློ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཡང་དག་ཁ་ཕྱོགས་ཁོང་དུ་ཆུད་པ་དང་ཏན་ཏན་ཏིག་ཏིག་ངང་སྐུལ་མ་བཏང་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཁག་ལ་ཕན་འབྲས་ངོ་མ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ཆེ་བ། དྲང་གཞག་དེ་བས་ཡིན་པ། དེ་བས་རྒྱུན་སྲིང་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་དང་དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་སོགས་ཚོགས་འདུར་ཕེབས་ཡོད།
         ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་དང་། འཆར་གཞི་ལོགས་སུ་འགོད་པའི་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་ཏང་སྲིད་འགོ་ཁྲིད་བློ་མཐུན་གཙོ་བོ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་དང་དངུལ་རྩའི་སྒྲིག་གཞི་ཁག་གཅིག་གི་འགན་ཁུར་བློ་མཐུན། དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཕེབས་ཡོད།

  
2015-12-17 215-12-09 2015-12-06