མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།གཞུང་ལས་པའི་ཡིག་རྒྱུགས་ཐད"ཐེངས་གཅིག་ལ་ཕུགས་ཐག་ཆོད་པ"སོགས་ཀྱི་མགོ་སྐོར་
འོག་མི་ཚུད་པ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་21ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། གཞུང་ལས་པའི་ཡིག་རྒྱུགས་སླེབས་ལ་ཉེ་བའི་སྐབས་སུ་ཉེས་ཅན་པ་ཁག་གཅིག་གིས“ཐེངས་གཅིག་ལ་ཕུགས་ཐག་ཆོད་པ”དང“ཉིན་བདུན་ནང་གཞུང་ལས་པའི་ཡིག་རྒྱུགས་ལ་ཁ་གཏད་གཅོག་ཐུབ་པ”སོགས་ལ་ཁ་གཡར་ཏེ་སློབ་མའམ་ཡང་ན་ཁྱིམ་བདག་ལ་མགོ་སྐོར་བཏང་ནས་རྒྱུ་ནོར་ཁ་བསླུས་རྒྱག་གི་ཡོད། ལན་ཀྲོའུ་གྲོང་ཁྱེར་སྤྱི་བདེ་སྡེ་ཚན་གྱིས་རྒྱ་ཆེའི་སློབ་མ་དང་ཁྱིམ་བདག་ཚོས་གཞུང་ལས་པའི་ཡིག་རྒྱུགས་ཀྱི་གཞུང་ཕྱོགས་དྲ་ཚིགས་སུ་འབྲེལ་ཡོད་ཆ་འཕྲིན་ལྟ་དགོས་པ་དང་ཡིག་རྒྱུགས་སྲིད་ཇུས་དང་གཏན་འབེབས་ནན་ཏན་ངང་བཀླགས་ནས་སྟེས་དབང་གི་བསམ་ཚུལ་འཆང་མི་རུང་བ་དང་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས་ཞེས་དྲན་སྐུལ་བྱས་པ་རེད།
         ལན་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ངོ་སྤྲོད་བྱས་པར། གཞུང་ལས་པའི་ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་རིགས་ཀྱི་གྱོད་གཞིར་བརྟག་དཔྱད་བྱས་པ་བརྒྱུད་གཞུང་ལས་པའི་ཡིག་རྒྱུགས་མ་བཏང་གོང་ཁྲིམས་འགལ་བ་ཁག་གཅིག་གིས་སྔོན་ནས་དྲ་ཚིགས་དང་གླེང་སྟེགས་སོགས་འདྲ་བཟོ་བྱེད་པ་དཔེར་ན། “གཞུང་ཞབས་པའི་ཡིག་རྒྱུགས་དྲ་ཚིགས”སོགས་གཞུང་ཕྱོགས་དྲ་ཚིགས་རྫུས་མའི་ཐོག་སྲིད་ཇུས་ཡོངས་བསྒྲགས་བྱེད་པ་དང“གྲ་སྒྲིག་མིང་ཐོ་འགོད་པ”དང་ལས་བྱེད་པ་བཀོད་སྒྲིག་དང་བསྡུ་བ་སོགས་ལ་ཁ་གཡར་ནས་གནས་ཚུལ་གསལ་པོ་མི་ཤེས་པའི་སློབ་མར་མགོ་སྐོར་གཏོང་བའམ་ཡང་ན་གཞུང་ཕྱོགས་དྲ་ཚིགས་ཀྱི་མིང་ཐོག་ནས་གཞུང་ལས་པའི་དྲ་ཚིགས་རྫུས་མའི་ཐོག་བརྡ་ཁྱབ་བཏང་སྟེ“ལས་སྣོན”སྟབས་བདེ་བྱས་པ་ལས་གྲུབ་པའི་གཞུང་ལས་པའི་ཡིག་རྒྱུགས་ཆེད་ལས་དེབ་རྫུས་མ་འཚོང་ཐབས་བྱས་ནས་རྒྱུ་ནོར་ཁ་བསླུས་རྒྱག་གི་ཡོད།
         ཉེས་ཅན་པ་ཁག་གཅིག་གིས་ད་དུང་མི་དོན་སྡེ་ཚན་གྱི་གཞུང་ཐམ་རྫུས་མ་བཟོས་ནས་ཤེས་ལྡན་མི་སྣ་བསྡུ་བའི་དོ་དམ་གཞུང་དོན་ཁང་དང་དེ་སྔ་གཞུང་ལས་པའི་ཡིག་རྒྱུགས་འདོན་མྱོང་ཡོད་པའི་རིགས་གཅིག་མཁས་ཅན་སོགས་ཀྱི་མིང་ཐོག་དང་གཞུང་ལས་པའི་ཡིག་རྒྱུགས་གོང་གི་གསོ་སྦྱོང་འཛིན་གྲྭ་དང་གཞུང་ལས་པའི་ངོ་འཕྲད་རྒྱུགས་ལེན་ཟུར་ཁྲིད་འཛིན་གྲྭ་གཉེར་བ་དང་གཞུང་ལས་པའི་ཡིག་རྒྱུགས་གསོ་སྦྱོང་དཔྱད་གཞིའི་ཡིག་རིགས་འཚོང་ཐབས་བྱེད་པའི་ཐོག་ནས་མིང་ཐོ་འགོད་པའི་དངུལ་དམའ་པོ་ལེན་པ་བརྒྱུད་རྒྱུ་ནོར་ཁ་བསླུས་རྒྱག་གི་ཡོད།
         གཞན་ཡང་ཁ་བསླུས་རྒྱག་མཁན་ཁག་གཅིག་གིས་དྲ་ཚུགས་དང་QQཐོག་ཆ་འཕྲིན་སྤེལ་ནས་རྒྱུགས་ལན་ཡོད་མདོག་བྱེད་པ་དང་། ཁག་གཅིག་གིས་སློབ་མ་བསྡུ་མཁན་ཚན་པའི་མི་དོན་སྡེ་ཚན་གྱི་འགན་འཁུར་བ་ངོ་ཤེས་ཡིན་པས་ལྟག་སྒོ་བརྒྱུད་ཆོག་ཅེས་བཤད་ནས་སློབ་མའམ་ཡང་ན་ཁྱིམ་བདག་ལ་མགོ་སྐོར་བཏང་སྟེ་རྒྱུ་ནོར་ཁ་བསླུས་རྒྱག་གི་ཡོད།