མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སྒྱུར་བཅོས་དོན་འཁྱོལ་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཤེས་ལྡན་
པའི་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་གང་ལེགས་འཕེལ་བར་
བྱེད་དགོས་པའི་ནན་བཤད་གནང་བ།

                                                                                                                         ལིའུ་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་08ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ཀྲུང་གོའི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་འགག་རྩ་ནི་ཏང་དང་། མི་སྣ། ཤེས་ལྡན་པ་བཅས་ལ་རག་ལུས་ཡོད། ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་ནི་མཐར་གཏུགས་ནས་བཤད་ན་ཤེས་ལྡན་པའི་འགྲན་རྩོད་ཅིག་རེད། སྒྱུར་བཅོས་དོན་འཁྱོལ་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་《ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱས་ཏེ་གོ་ལ་ཧྲིལ་པོའི་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་ཤེས་ལྡན་པའི་ལམ་ལུགས་ཀྱི་མ་ལག་ཅིག་མགྱོགས་མྱུར་བསྐྲུན་ནས་གནམ་འོག་གི་ཤེས་ལྡན་པ་མཉམ་འཛོམས་ཀྱིས་བཀོལ་སྤྱོད་ཡག་པོ་བྱེད་དགོས། སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་ནུས་ཤུགས་ཡོད་རྒུས་སེལ་གང་ཐུབ་བྱས་ནས་མི་སྣ་སྤྱོད་པའི་བྱེད་པོར་དབང་ཆ་སྤྲད་དེ་ཤེས་ལྡན་པར་གོ་སྐབས་བསྐྲུན་ནས་ཤེས་ལྡན་པའི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་གང་ལེགས་འཕེལ་བར་བྱས་ཐོག་ཕྱོགས་ཁག་གི་ཤེས་ལྡན་པར་རང་བབ་གང་ཐོབ་དང་རང་ནུས་གང་ཡོད་འདོན་ཐུབ་པ་བྱེད་དགོས། ཤེས་ལྡན་པའི་འདུ་ཤེས་ཤུགས་ཆེན་བཏོད་དེ་མཐུན་སྒྲིལ་དང་། ཁྲིད་སྟོན། ཞབས་ཞུ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཤེས་ལྡན་པར་ལྷག་བསམ་ཟོལ་མེད་ངང་སེམས་ཁུར་དང་། གཅེས་སྐྱོང་། གྲུབ་འབྲས་ཐོན་པར་བྱེད་པ་བཅས་བྱས་ནས་རྒྱ་ཆེའི་ཤེས་ལྡན་པས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་སྤྱང་གྲུང་དང་བློ་གྲོས་ལེགས་སྐྱེས་འབུལ་རྒྱུར་སྐུལ་མ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         《ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》སློབ་སྦྱོང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཚེས་6ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཐད་ཀྱི་ཤེས་ལྡན་པའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་གསལ་བཤད་གཏིང་ཟབ་གནང་བ་དང་། ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཤེས་ལྡན་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། ཤེས་ལྡན་པའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཤེས་ལྡན་པའི་ལམ་ལུགས་ཀྱི་ལེགས་ཆ་གཏོད་པ་དང་སྤུས་ཚད་དེ་བས་མཐོ་བ་དང་ཆུ་ཚད་དེ་བས་མཐོ་བའི་འཕེལ་རྒྱས་ཡོང་བའི་འཐབ་ཇུས་བྱེད་ཐབས་ཤིག་རེད། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་དམིགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་པ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་། འདུ་འགོད་གལ་ཆེན་བཅས་ལག་བསྟར་བྱེད་པར་དམིགས་པ་བཅས་བྱས་ཏེ་ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཤེས་ལྡན་པ་འཕེལ་རྒྱས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱེད་དགོས། དེ་བས་ཚན་རིག་དང་མཐུན་ལ་ནུས་ཆེའི་ཤེས་ལྡན་པའི་དོ་དམ་ལམ་སྲོལ་མགྱོགས་མྱུར་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ཆོས་ཉིད་དང་ཤེས་ལྡན་པ་འཚར་ལོངས་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ་སྲིད་གཞུང་གི་ཤེས་ལྡན་པའི་དོ་དམ་འགན་ནུས་འགྱུར་ལྡོག་གཏོང་བ་དང་། མི་སྣ་བཀོལ་སྤྱོད་བྱེད་པོའི་རང་བདག་དབང་ཆ་འགན་ལེན་དང་དོན་འཁྱོལ་བྱེད་པ། ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ཤེས་ལྡན་པའི་དོ་དམ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཐོག་ཤེས་ལྡན་པའི་གསར་གཏོད་དང་གསར་སྐྲུན་གསོན་ཤུགས་དེ་བས་ལེགས་པའི་སྒོ་ནས་འཕེལ་བར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་ཤུགས་ཆེར་གཏོང་བ་དང་གནད་སྨིན་ཇུས་འདོན་ལ་སྣང་ཆེན་བྱས་ཏེ་ཤེས་ལྡན་པ་གསོ་སྐྱོང་དང་། གདེང་འཇོག སྐོར་སྐྱོད། སྐུལ་གཏོང་། ནང་འདྲེན། འགན་ལེན་བཅས་ཀྱི་ལམ་སྲོལ་གསར་གཏོད་བྱས་ཏེ་ཤེས་ལྡན་པར་དོ་དམ་བྱེད་པའི་ཁྲོད་ཀྱི་སྲིད་འཛིན་ཅན་དང“དཔོན་བདག་ཉིད”གནད་དོན་ཐག་གཅོད་གང་ཐུབ་དང་། ཤེས་ལྡན་པར་གདེང་འཇོག་བྱེད་པའི་ཁྲོད་ཀྱི་སློབ་རྒྱུས་དང་། གོ་མིང་། དཔྱད་རྩོམ་བཅས་ཁོ་ནར་བལྟ་བའི་གནད་དོན་ཐག་གཅོད། ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་བྱེད་དཀའ་བ་དང་ཁེ་བཟང་རག་དཀའ་བའི་གནད་དོན་ཐག་གཅོད་བཅས་བྱས་ཏེ་ཤེས་ལྡན་པར་གྲུབ་འབྲས་ཐོབ་སེམས་ཡོད་པ་བྱེད་དགོས། ཏང་གིས་ཤེས་ལྡན་པར་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་ཤེས་ལྡན་པའི་ལམ་ལུགས་ཀྱི་ལེགས་ཆ་གཅིག་སྡུད་ཐོག་མཚོན་པ་ཞིག་ཡིན་པས་རིམ་ཁག་ཏང་ཨུད་ཀྱིས་ཤེས་ལྡན་པའི་འདུ་ཤེས་ཤུགས་ཆེན་བཏོད་ནས་ཤེས་ལྡན་པའི་ལས་ཀའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གིས་ཤེས་ལྡན་པར་དོ་དམ་བྱེད་པའི་བྱེད་ཐབས་ལེགས་སུ་གཏོང་བ། རིགས་གཅིག་མཁས་ཅན་དང་འབྲེལ་བ་བྱེད་པའི་ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་མཐུན་སྒྲིལ་དང་། ཁྲིད་སྟོན། ཞབས་ཞུ་བཅས་ཀྱི་ལས་དོན་ཏན་ཏིག་ཡག་པོ་སྒྲུབ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཕྱོགས་ཁག་གི་ཤེས་ལྡན་པ་དང་ལྷག་བསམ་ཟོལ་མེད་ངང་གྲོགས་པོ་བསྒྲིགས་ཏེ་ཆབ་སྲིད་ཐད་ཡིད་ཆེས་དང་། ལས་ཀའི་ཐད་རྒྱབ་སྐྱོར། འཚོ་བའི་ཐད་སེམས་ཁུར་བཅས་བྱེད་ཐུབ་པ་བྱས་ཐོག་ཁོང་ཚོའི་སྤྱང་གྲུང་དང་བློ་གྲོས་འདོན་སྤེལ་བྱ་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་དགོས། རེ་བར་རྒྱ་ཆེའི་ཤེས་ལྡན་པས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་སེམས་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བའི་སྣེ་ཁྲིད་པ་དང་དཔེ་མཚོན་གྱི་བྱ་སྤྱོད་ཐོག་ནས་སྤྱི་ཚོགས་ཡོངས་ལ་ཤུགས་རྐྱེན་བཟོ་བ་དང་སྐུལ་ཁྲིད་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ལེ་ཅིས་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཤེས་ལྡན་པའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ས་ཆ་ཁག་དང་སྡེ་ཚན་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་《ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》དེ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་གཅིག་སྡུད་བྱེད་དགོས་ཞེས་གསུངས་པ་རེད།
         འདི་ལོའི་ཟླ་3ཚེས་21ཉིན་ཀྲུང་གུང་ཀྲུང་དབྱང་གིས་པར་འགྲེམས་བྱས་པའི་《ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》གྱི་ནང་དོན་ཆ་ཚང་ཡོངས་བསྒྲགས་བྱས་པ་དང་《བསམ་འཆར》ནང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་ཚད་གཙོ་བོ་བཅས་ཁ་གསལ་བཏོན་པ་དང་དོ་དམ་སྒྲིག་སྲོལ་དང་། ལས་ཀའི་ལམ་སྲོལ། རྩ་འཛུགས་ཀྱི་འགོ་ཁྲིད་སོགས་ཐད་སྒྱུར་བཅོས་བྱེད་ཐབས་བཏོན་ཡོད་པས་དེ་ནི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རྒྱལ་ཡོངས་ཀྱི་ཤེས་ལྡན་པའི་ལས་ཀའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཞིག་རེད།
         བཞུགས་མོལ་ཚོགས་འདུའི་ཐོག་ཅང་སུའུ་ཞིང་ཆེན་དང་། ཧོ་ནན་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཧྲེན་ཀྲེན་གྲོང་ཁྱེར་ཏང་ཨུད་བཅས་ཀྱི་རྩ་འཛུགས་པུའུ་ཀྲང་དང་། ཚན་རྩལ་པུའུ་དང་། ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་། ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སི། ཀྲེ་ཅང་སློབ་ཆེན་ཏང་ཨུད་(ཏང་ཙུའུ་)བཅས་ཀྱི་འགན་འཁུར་བློ་མཐུན། པེ་ཅིང་ཚེ་སྲོག་ཚན་རིག་ཞིབ་འཇུག་ཁང་གི་འགན་འཁུར་བ་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།