མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཅིན་ཀྲེན་ཨེན་ཁྲའོ་ཞན་ངལ་རྩོལ་ཏང་གི་
ཨུ་ཡོན་ཀྲང་དུ་འདེམས་སྒྲུག་བྱས་པར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་10ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཅིན་ཀྲེན་ཨེན་ལ་གློག་འཕྲིན་བཏང་ནས་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པའི་ཐོག་ཁོང་ཉིད་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་དུ་འདེམས་སྒྲུག་བྱས་པར་རྟེན་འབྲེལ་ཞུས་པ་རེད།
     ཞིས་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་གནང་བ་དང་འབྲེལ་ཁོང་སྒེར་གྱི་མིང་ཐོག་ནས་ཅིན་ཀྲེན་ཨེན་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཁྲའོ་ཞན་མི་དམངས་ཀྱིས་ཨུ་ཡོན་ཀྲང་ཅིན་ཀྲེན་ཨེན་གྱིས་གཙོ་བོ་གནང་བའི་ཁྲའོ་ཞན་ངལ་རྩོལ་ཏང་གི་དབུ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་ལ་གྲུབ་འབྲས་གསར་པ་ལེན་པའི་ལེགས་སྨོན་ཞུས་གནང་བ་རེད།
     ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་བཤེས་ནི་ཕྱོགས་གཉིས་ཀྱི་དབུ་ཁྲིད་རྒན་རབས་ཚོས་སྐུ་ངོ་མས་གསར་སྐྲུན་དང་བློ་སེམས་ཞིབ་མོས་གསོ་སྐྱོང་གནང་བ་དང་། ཕྱོགས་གཉིས་ཀའི་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་ཡིན། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་ཁྲའོ་ཞན་ཕྱོགས་དང་ཐུན་མོང་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བའི་ཁྱོན་ཡོངས་གཞིར་བཟུང་ནས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་མཐུན་མཉམ་ལས་ཟམ་མ་ཆད་པར་གོང་དུ་འཕེལ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ས་ཁུལ་འདི་གར་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་བར་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན་གནང་བ་རེད།