མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་རྩལ་དང་བླངས་
ཞབས་ཞུ་ཚོགས་པས་《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་》ཅེས་པ་
གསར་རྩོམ་བྱ་ཡུལ་དུ་འཚམས་འདྲིའི་འཁྲབ་སྟོན་བྱས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་24ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་22ཉིན་པེ་ཅིང་གྲོང་ཁྱེར་ཧྥང་ཧྲན་ཆུས་ཞ་ཡུན་ལིང་ཤང་ཐང་ཧྲན་གྲོང་ཚོའི་ཏང་དར་ཐང་ཆེན་དུ་མི་3000ལྷག་ཙམ་གྱིས་《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་》ཅེས་པའི་གླུ་གཞས་མཉམ་དུ་བླངས་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་དྲན་གསོ་ཞུ་བ་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་རྩལ་དང་བླངས་ཞབས་ཞུ་ཚོགས་པས་པེ་ཅིང་ཧྥང་ཧྲན་ཐང་ཧྲང་གྲོང་ཚོར་འཚམས་འདྲིའི་འཁྲབ་སྟོན་ཆེ་གྲས་བྱས་པ་རེད།
         ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བའི་སྐབས་དེར་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་གཞོན་པ་ཀྲའོ་ཧྲི་ཡིས་ཏང་གི་འཁྲུངས་སྐར་སླེབས་ཉེའི་སྐབས་སུ་རིག་རྩལ་མཁས་ཅན་དང་རིག་རྩལ་ལས་དོན་པས་འདི་གར་ཡོང་ནས་ཁོང་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྔར་བས་བརྟན་པོ་འཛུགས་པ་དང་སྦྲགས་སེམས་ནུས་ཡོད་རྒུས“མི་དམངས་མང་ཚོགས་ཁྲོད་བསྐྱོད་དེ”དུས་རབས་དང་མི་རིགས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱེད་དགོས་ཞེས་བརྗོད།