མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེའར་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་15ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེའར་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན་པེ་ཅིང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེའར་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་མོ་ཁེའར་ཀྲུང་གོར་ཡང་བསྐྱར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། རེས་འཁོར་བཞི་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་དབར་གྱི་གྲོས་མོལ་བདེ་བླག་ངང་བྱས་པ་མ་ཟད། གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་གནང་བ་རེད། ཞིས་ཅིན་ཕིང་གིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་40ལྷག་ཙམ་རིང་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་དུས་མཚམས་ཡག་ཤོས་དང་དངོས་སྒྲུབ་མཉམ་ལས་དེ་ཆུ་ཚད་མཐོ་པོར་སླེབས་ཡོད། འགོ་འཛུགས་ས་མཐོ་པོའི་ཐོག་ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ལ་སྐུལ་སྤེལ་གཏིང་ཟབ་གཏོང་བར་ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས། ཕྱོགས་གཉིས་ཀྱིས་ཁ་ཕྱོགས་སྟངས་འཛིན་ཡག་པོ་དང་ཕན་ཚུན་ཡིད་ཆེས་ཀྱི་འབྲེལ་ཐག་དམ་དུ་གཏོང་དགོས། མཉམ་ལས་ཀྱི་གཙོ་རྒྱུན་སྟངས་འཛིན་དང་གདོང་གཏད་ཀྱིས་བསྐྱོད་ནས་ཕན་ཚུན་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་ལ་ལྟ་སྐྱོང་བྱེད་པ་དང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དེ་སྐྱོན་བྲལ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཞུགས་ཐུབ་པར་བྱེད་དགོས། ཕྱོགས་གཉིས་ཀྱིས་ཕུགས་ལ་བསམས་ནས་མཉམ་ལས་ཀྱི་མཐོང་རྒྱ་ཆེ་རུ་གཏོང་དགོས། ཕྱི་འབྲེལ་དང་བདེ་འཇགས་ཁྱབ་ཁོངས་ཀྱི་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་ལས་བྱེད་སྟངས་གསར་གཏོད་དང་ཕུན་སུམ་ཚོགས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་ཕྱོགས་གསུམ་དབར་མཉམ་ལས་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས“ཀྲུང་གོས་བཟོ་སྐྲུན། 2025”དེ་འཇར་མན་གྱི“བཟོ་ལས4.0”དང་མཐུད་ནས་ལས་སྟེགས་བསྐྲུན་ཟིན་པས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་ཁྲིད་སྟོན་དང་སྐུལ་ལྕག་བྱས་ནས་རྣམ་གྲངས་དོན་འཁྱོལ་བྱེད་དགོས། རེ་བར་འཇར་མན་དང་ཡོ་རོབ་མནའ་འབྲེལ་གྱིས་འགྲན་རྩོད་དང་མཉམ་ལས་ཀྱི་འབྲེལ་བར་ཕྱི་རོལ་ཡུལ་དང་མཐུན་པའི་ངང་ལྟ་སྟངས་ཡག་པོ་འཛིན་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཉོ་ཚོང་རྩོད་གླེང་ཐག་གཅོད་གང་ལེགས་བྱེད་པ། དུས་ལྟར་《ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་གྲོས་ཆོད་ཡི་གེའི་》དོན་ཚན་15པའི་འོས་འགན་ལག་བསྟར་བྱེད་པ་བཅས་ཀྱི་སྒོ་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དེ་སྐྱོན་བྲལ་གོང་འཕེལ་ཡོང་བར་སྐུལ་མ་གཏོང་དགོས། ཕྱོགས་གཉིས་པོས་བབ་བསྟུན་ལས་སྒྲུབ་བྱས་ཏེ་དམངས་འདུན་གྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སློབ་གསོ་དང་། ཐོངས་མཆན་སྟབས་བདེ་ཅན། སྲོལ་རྒྱུན་ཀྲུང་ལུགས་གསོ་རིག་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཟབ་གཏོང་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི“རྟ་གསུམ་སྦྲེལ་ཤིང་རྟའི”ཁོངས་མི་ཡིན་པའི་འཇར་མན་གྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་གྲ་སྒྲིག་ལས་དོན་ནང་ནུས་པ་གལ་ཆེན་འདོན་གྱི་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་ཉི་ཤུ་ཚོགས་པར་གསར་གཏོད་འཕར་སྣོན་གྱི་འཆར་གཞི་འགོད་རྒྱུར་ཐུན་མོང་ཐོག་སྐུལ་སྤེལ་བཏང་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ཁ་ཕྱོགས་གསལ་པོ་སྟོན་དགོས། ཕྱོགས་ཁག་གིས་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུར་ཐུན་མོང་ཐོག་སྐུལ་སྤེལ་བཏང་ནས་རྒྱལ་སྤྱིའི་ཁྲོམ་ར་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་དགོས། 2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་མཉམ་དུ་དོན་འཁྱོལ་དང་ཉོ་ཚོང་མ་འཇོག་སྐུལ་སྤེལ་སོགས་ཀྱི་ཐད་བྱ་སྤྱོད་ཞིབ་ཕྲ་སྤེལ་དགོས། འཇར་མན་གྱིས་སང་ལོར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་གཙོ་གཉེར་བྱ་རྒྱུ་རེད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་ད་ལོ་དང་སང་ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
         མོ་ཁེའར་གྱིས་རེས་འཁོར་བཞི་པའི་འཇར་མན་དང་ཀྲུང་གོ་སྲིད་གཞུང་གི་གྲོས་མོལ་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་བས་གོང་འཕེལ་གཏོང་རྒྱུའི་ཐད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གི་ལྟ་ཚུལ་ལ་ང་རང་མོས་མཐུན་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་ཧུར་ཐག་གཏོང་བ་དང་། འཇར་མན“བཟོ་ལས་4.0”དེ“ཀྲུང་གོས་བཟོ་སྐྲུན་2025”དང་མཐུད་འབྲེལ་མཉམ་ལས་དོན་འཁྱོལ་གང་མྱུར་བྱེད་པ་བཅས་བྱས་ཏེ་དཔལ་འབྱོར་ཉོ་ཚོང་དང་། དངུལ་རྩ། གསར་གཏོད། ཕྱོགས་གསུམ་པའི་ཁྲོམ་ར་གསར་འབྱེད། གེགས་འགོག་གེགས་སེལ་གྱི་ནུས་པ་འཛུགས་སྐྱོང་། ཐོངས་མཆན་སྟབས་བདེ་ཅན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་དགོས། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་གྲོས་ཆོད་ཡི་གེའི་དོན་ཚན་15པའི་འོས་འགན་ལག་བསྟར་བྱེད་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་སྤྱིའི་ལས་དོན་ནང་ཀྲུང་གོས་ནུས་པ་གལ་ཆེན་འདོན་རྒྱུའི་ཐད་འཇར་མན་གྱིས་དགའ་བསུ་ཞུ་རྒྱུ་མ་ཟད། ཀྲུང་གོ་དང་མཉམ་དུ་རྒྱལ་སྤྱིའི་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་དམ་ཟབ་བྱས་ཏེ་ད་ལོ་དང་སང་ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཡག་པོ་གཉེར་འདོད་ཡོད་ཅེས་གསུངས་པ་རེད།