མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་གི་རེས་སྐོར་བཅུ་པའི་ཆེད་དོན་སྐོར་གཟིགས་ཚོགས་ཆུང་བཅའ་སྡོད་བྱས་ཟིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་09ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་7ཉིན་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་སུ། སྐབས་བརྒྱད་པའི་ཀྲུང་དབྱང་གི་རེས་སྐོར་བཅུ་པའི་ཆེད་དོན་སྐོར་གཟིགས་ཚོགས་ཆུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལས་ཁུངས(རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་དང་། ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། སྔོན་རྩིས་ལས་དོན་ཨུ་ཡོན་ལྷན་ཁང་། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་། གཞུང་དོན་ཐིང་ཞིབ་འཇུག་ཁང་སོགས་ཀྱི་ཚན་པ་ཚུད་པ)དང་། རྒྱལ་ཡོངས་སྲིད་གྲོས་ལས་ཁུངས(རྒྱལ་ཡོངས་སྲིད་གྲོས་གཞུང་དོན་ཐིང་དང་གཞུང་དོན་ཐིང་ཞིབ་འཇུག་ཁང་སོགས་ཀྱི་ཚན་པ་ཚུད་པ)ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། ཀྲུང་དབྱང་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཆོས་ལོག་གནད་དོན་དོགས་ཟོན་དང་ཐག་གཅོད་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་། ཕྱི་འབྲེལ་པུའུ། སྤྱི་བདེ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་ལས་དོན་གཞུང་དོན་ཁང་། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ལྷན་ཚོགས། ཀྲུང་གོ་མི་དམངས་ཕྱི་འབྲེལ་རིག་གཞུང་ལྷན་ཚོགས་སོགས་ཚན་པའི་ཏང་རྩ་འཛུགས་སུ་བཅའ་སྡོད་བྱས་ཏེ། ཆེད་དོན་སྐོར་གཟིགས་ལས་དོན་སྤེལ་ཚུལ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་དབྱང་གི་རེས་སྐོར་བཅུ་པའི་སྐོར་གཟིགས་ཚོགས་ཆུང་བཅའ་སྡོད་བྱས་ཟིན་པ་རེད།