མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཐད་མཛུབ་སྟོན་གལ་ཆེན་གནང་བ། 

                                                                                                                                            ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་06ཉིན། 08:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་4ཉིན་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་གཞུང་ཁོངས་ཁེ་ལས་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བ་དང་མི་དམངས་ཀྱི་ཐུན་མོང་ཁེ་ཕན་འགན་སྲུང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་བདེན་ཡོད་སྤོབས་ཆེའི་ངང་དེ་ཉིད་རྒྱ་སྟོབས་ཆེ་རུ་གཏོང་བ་དང་རྩེ་གྲ་ཞིག་ཡོང་བ་བྱས་ཏེ་གསོན་ཤུགས་དང་། ཤུགས་རྐྱེན་ཐེབས་ཤུགས། ཉེན་ཁ་འགོག་ནུས་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་གཞུང་ཁོངས་མ་རྩའི་གནས་ཐང་སྲུང་འཕར་ཡོང་བ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་སྒྲིག་གཞི་སྒྲིག་སྲོལ་གསར་གཏོད་ནུས་ལྡན་བྱེད་པ་དང་། དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཛུགས་མགྱོགས་སུ་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱི་ཤེས་ལྡན་མི་སྣ་སྣ་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་བྱས་ནས་རྒྱུ་རྐྱེན་གཙོ་བོ་ཁག་གི་གསོན་ཤུགས་འཕེལ་བར་བྱེད་དགོས། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཀྱི་བླང་བྱ་གཞིར་བཟུང་གྲུབ་ཆ་ལེགས་སྒྲིག་དང་། གསར་གཏོད་འཕེལ་རྒྱས། བཀོད་སྒྲིག་ལེགས་པོ་བཅས་ཡོང་བ་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཁྲོད་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གཞུང་ཁོངས་མ་རྩ་ཕྱིར་གྱར་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་བཏང་ནས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཞུང་ཁོངས་ཁེ་ལས་ཡག་པོ་གཉེར་བ་དང་གཞུང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་འགན་འཁྲི་གལ་ཆེན་བློ་ལ་བརྟན་པོར་བཅངས་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་གལ་ཆེན་ནང་ཕན་འབྲས་གསར་པ་མགྱོགས་མྱུར་ཐོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས། དུས་ཡུན་རིང་པོའི་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་གཏོང་བའི་ཐད་གཞུང་ཁོངས་ཁེ་ལས་ཀྱིས་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔར་རྒྱུན་རྣམ་གསར་པ་དང་དུས་བབ་གསར་པའི་མདུན་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཛུགས་པ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་རྒྱུན་བསྲིང་ལྷོད་མེད་ངང་བྱེད་པ། དེང་རབས་ཁེ་ལས་ལམ་ལུགས་དང་འཐུས་སྒོ་ཚང་བའི་ཁྲིམས་མིའི་དོ་དམ་གྲུབ་ཆ་ཧུར་ཐག་འཛུགས་པ། ཁྲོམ་རའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། ཤ་རིད་ལུས་སྦྱོང་བྱས་ནས་སྤུས་ཚད་མཐོར་གཏོང་གིས་ཕན་འབྲས་ཆེ་རུ་གཏོང་བ། ལྷག་འཕྲོ་རྗེས་ལུས་ཅན་གྱི་ཐོན་ནུས་མེད་པ་བཟོ་བ་བཅས་ཀྱི་ཐོག་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་དགོས། འཛམ་གླིང་གི་ཚན་རྩལ་གསར་པའི་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་དམ་བཟུང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་འཐབ་ཇུས་དོན་འཁྱོལ་བྱེད་པ་དང་། དཔལ་འབྱོར་གསར་པ་འཕེལ་རྒྱས་ཧུར་ཐག་གཏོང་བ། “དྲ་སྦྲེལ་+”དང་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་བརྟེན་པ། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དང་བཟོ་བོ་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ལག་རྩལ་དང་། ཐོན་རྫས། ཞབས་ཞུ་གསུམ་ཟམ་མི་ཆད་པར་གསར་གཏོད་བྱེད་པ། ལས་རིགས་གཙོ་བོའི་སྲོག་ཤིང་གི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ཐུབ་པ་བྱེད་དགོས། གཙོ་གནད་མངོན་གསལ་དོད་པོ་དང་། ཚད་དང་གོ་རིམ་དང་ལྡན་པ། ནུས་པས་ལྕོགས་ཚོད། ཉེན་ཁར་དོགས་ཟོན་བཅས་ཀྱི་བླང་བྱར་གཞིགས་ནས“ནང་དུ་གདན་འདྲེན་པ”དང“ཕྱིར་སྐྱོད་རྒྱུར”དེ་བས་ཏན་ཏིག་ནུས་ལྡན་གྱི་སྒོ་ནས་སྐུལ་འདེད་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྒྲིག་གཞི་སྒྲིག་སྲོལ་གྱི་འགལ་རྐྱེན་ནུས་ཤུགས་ཡོད་རྒུས་བསལ་ཏེ་ལྟ་སྐུལ་དོ་དམ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཆེད་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་ཞེས་སྟོན་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་མ་ཁའེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རྒྱལ་དོན་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཡུང་གིས་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་སྒྲོག་སྦྱངས་གནང་བ་དང་འབྲེལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།