མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོའི་དམིགས་བསལ་
ཕོ་ཉ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་29ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོའི་དམིགས་བསལ་
ཕོ་ཉ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་ལའོ་ཨར་·ཁ་སི་ཐེ་ལུའོ་ཡི་དམིགས་བསལ་ཕོ་ཉ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་སའར་ཝ་ཏུའོ·པའར་ཏེ་སི་·མེ་ས་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཧྲུའུ་ཅི་དང་པོ་ལའོ་ཨར་གྱི་དམིགས་བསལ་ཕོ་ཉ་ཡིན་པའི་པའར་ཏེ་སིས་ཀྲུང་གོར་འཚམས་འདྲི་གནང་ནས་ཀྲུང་གོ་ཕྱོགས་ལ་ཁུ་པ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པའི་གནས་ཚུལ་ངོ་སྤྲོད་གནང་བར་དགའ་བསུ་ཞུས་ཤིང་། ཞིས་ཅིན་ཕིང་གིས་ཁུ་པ་གུང་ཁྲན་ཏང་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་ཐུགས་གྲ་ལེགས་འགྲིག་ངང་འཚོགས་པ་དང་འབྲེལ་བདམས་ཐོན་བྱུང་བའི་སྐབས་གསར་པའི་ཏང་གི་འགོ་ཁྲིད་མཉམ་སྡེབ་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་མ་ཟད། པའར་ཏེ་སི་བརྒྱུད་བློ་མཐུན་ཧྥེ་ཏེའར་·ཁ་སི་ཐེ་ལུའོ་དང་བློ་མཐུན་ལའོ་ཨར·ཁ་སི་ཐེ་ལོའུ་ལ་འཚམས་འདྲི་ཞུ་རོགས་ཞེས་གསུངས་པ་རེད། ཞིས་ཅིན་ཕིང་གིས་ཁུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་ནས་ལོ་50ལྷག་ཙམ་རིང་ཐོབ་པའི་གྲུབ་འབྲས་ལ་ང་ཚོ་ཧ་ཅང་དགའ་པོ་བྱུང་། ཧྲུའུ་ཅི་དང་པོ་ལའོ་ཨར་གྱིས་གཙོ་བོ་གནང་བའི་སྐབས་གསར་པའི་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་སྣེ་ཁྲིད་འོག་ཁུ་པ་མི་དམངས་ལ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ཐད་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཁུ་པ་གཉིས་སའི་གོ་ལའི་ཕྱེད་ཤར་ནུབ་ཏུ་གནས་ཡོད་པ་དང་། ས་ཐག་ཧ་ཅང་རིང་པོ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་50ལྷག་ཙམ་རིང་ཀྲུང་གོ་དང་ཁུ་པའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་ཐུབ་པ་བྱུང་ཡོད། ང་ཚོ་རྒྱལ་ཁབ་གཉིས་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས་འདོད་བློ་མཐུན་པ་དང་བརྩེ་དུང་ཟབ་མོ་ལྡན་ཡོད། ང་དང་ཀྲུའུ་ཞི་ལའོ་ཨར་གྱིས་མཉམ་དུ་ཀྲུང་གོ་དང་ཁུ་པའི་འབྲེལ་བའི་ཐད་འཆར་གཞི་གསར་པ་འདིང་རྒྱུ་ཡིན། ཕྱོགས་གཉིས་པོས་བློ་བརྟན་འགྱུར་མེད་ངང་གཅིག་སེམས་གཅིག་གཏད་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ལས་དོན་སྤེལ་བ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་འཕེལ་རྒྱས་ཀྱི་རོགས་ཟླ་ཞིག་བྱེད་པ་བཅས་བྱས་ནས་ཀྲུང་གོ་དང་ཁུ་པའི་འབྲེལ་བ་ཆུ་ཚད་མཐོ་པོའི་ཐོག་སླེབས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         པའར་ཏེ་སིས་བློ་མཐུན་ཧྥེ་ཏེའར་དང་ཧྲུའུ་ཅི་དང་པོ་ལའོ་ཨར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་གནང་བ་དང་འབྲེལ་ཁུ་པ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་འཚོགས་པའི་གནས་ཚུལ་དང་ཐོབ་པའི་གྲུབ་འབྲས་གཙོ་བོ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཁུ་པ་ཕྱོགས་ཀྱིས་ཁུ་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་ལ་མཐོང་ཆེན་བྱེད་པ་དང་། ཧྲུའུ་ཅི་དང་པོ་ལའོ་ཨར་གྱིས་གཙོ་བོ་བྱས་པའི་སྐབས་གསར་པའི་འགོ་ཁྲིད་མཉམ་སྡེབ་ཀྱིས་ཁུ་པ་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་དང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།