མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དཔུང་ཁག་གི་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་
གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་03ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་རྩ་འཛུགས་པུའི་ཏང་ནང་ཁུལ་གྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་དོན། 2016ལོའི་ལོ་མཇུག་བར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཁྲི་8944.7ཡོད་པ་དེ་ལོ་གོང་མ་ལས་ཁྲི་68.8ཀྱིས་མང་དུ་ཕྱིན་པ་དང་འཕར་ཚད་0.8%ཡིན། གཞི་རིམ་ཏང་རྩ་འཛུགས་ཁྲི་451.8ཡོད་པ་དེ་ལོ་གོང་མ་ལས་ཁྲི་10.5ཡིས་མང་དུ་ཕྱིན་པ་དང་འཕར་ཚད་2.4%ཡིན། གྲངས་གཞི་ལས་གསལ་བཤད་བྱས་པར། དུས་བབ་གསར་པའི་འོག་གི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱུང་ནས་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་སྔར་བས་འཕེལ་ཡོད།
          ཏང་ཡོན་གྱི་གྲངས་འབོར་འཕར་ཚད་རྒྱུན་མཐུད་ངང་དལ་དུ་ཕྱིན་ནས་ཏང་ཡོན་འཕེལ་རྒྱས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། 2016ལོར་རྒྱལ་ཡོངས་ཀྱི་ཏང་ཡོན་བསྡོམས་འབོར་འཕར་ཚད་0.8%ཡིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.3ཆག་ཡོད། 2013ལོ་ནས་བཟུང་ཏང་ཡོན་གྱི་གྲངས་འབོར་འཕེལ་རྒྱས་སྙོམས་སྒྲིག་ལག་བསྟར་བྱས་ཚུན། ཏང་ཡོན་གྱི་བསྡོམས་འབོར་ལོ་རེར་ཆ་སྙོམས་འཕར་ཚད་1.2%ཡིན་པས་སྙོམས་སྒྲིག་གི་དམིགས་ཚད་མངོན་འགྱུར་ཡག་པོ་བྱུང་ཡོད། ཐོན་སྐྱེད་ལས་དོན་གྱི་འཐབ་ཕྱོགས་དང་པོ་དང་ཤེས་ཡོན་མཐོ་བའི་ཚོགས་སྤྱིའི་ཁྲོད་ཏང་ཡོན་འཕེལ་རྒྱས་ཀྱི་བསྡུར་ཚད་མུ་མཐུད་མཐོ་རུ་ཕྱིན་ནས་ལོ་ཧྲིལ་པོར་འཕེལ་རྒྱས་བཏང་བའི་ཏང་ཡོན་ཁྲི་191.1ནང་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་ཁྲི་95.3ཡོད་པས་49.9%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.2འཕར་བ་དང་། ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུད་ལྡན་པ་ཁྲི་78.5ཡོད་པས་41.1%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.5འཕར་ཡོད།
          ཏང་ཡོན་དཔུང་ཁག་གི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས་སྤྱིའི་བྱང་ཚད་མཐོ་རུ་ཕྱིན་ཞིང་། ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུད་ལྡན་པའི་ཏང་ཡོན་ཁྲི་4103.1ཡོད་པས་45.9%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.6འཕར་བ་དང་། བུད་མེད་ཏང་ཡོན་ཁྲི་2298.2ཡོད་པས་25.7%བཟུང་ནས་བརྒྱ་ཆའི་གྲངས་0.6འཕར་བ། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཁྲི་630.0ཡོད་པས་7.0%བཟུང་བ་དེ་ལོ་གོང་མ་དང་གཅིག་མཚུངས་ཡིན། ཁེ་ལས་དང་བྱ་གཞག་ཚན་པ་དང་དམངས་གཉེར་གྱི་ཁེ་ལས་དང་བྱ་གཞག་ཚན་པ་མིན་པའི་ཆེད་ལས་ལག་རྩལ་མི་སྣའི་ཏང་ཡོན་ཁྲི་1324.1ཡོད་པ་དང་བསྡུར་ཚད་བརྒྱ་ཆའི་གྲངས་0.2འཕར་ཡོད།
          གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་གི་བྱང་ཚད་སྔར་བས་མཐོ་རུ་ཕྱིན་ནས་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲི་54.8ཁྲོད་ཕྱུག་འགྱུར་སྣེ་ཁྲིད་པས་47.2%བཟུང་བ་དང་གྲོང་གསེབ་ཀྱི་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བས་10.0%བཟུང་ཡོད། སྡེ་ཁུལ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲི་9.6ཁྲོད་ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུད་ལྡན་པ་ཁྲི་5.4མང་དུ་ཕྱིན་ནས་56.7%བཟུང་སྟེ་བརྒྱ་ཆའི་གྲངས་7.3འཕར་ཡོད།
          ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་མ་ཟད། དམག་འཐབ་མཁར་རྫོང་གི་ནུས་པ་ཡང་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་ཡོད།