མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞི།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་22ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞིའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གཏན་འབེབས།
         ( 2018ལོའི་ཟླ་3ཚེས་17ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བ )
         རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་རྒྱལ་དོན་ཨུ་ཡོན་ཝང་ཡུང་གིས་གནང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞིའི་གསལ་བཤད་གསན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིར་གྲོས་ཞིབ་གནང་བ་མ་ཟད། ཇུས་གཞི་དེར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་ཀྱང་གནང་བ་རེད།
          ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཚགས་ཚུད་པོ་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞི་ལག་བསྟར་བྱེད་རིང་བཅའ་ཁྲིམས་བཟོ་བའམ་ཡང་ན་བཟོ་བཅོས་རྒྱག་དགོས་ཚེ་དུས་ཐོག་ཏུ་འབྲེལ་ཡོད་བརྒྱུད་རིམ་གཞིར་བཟུང་། ཁྲིམས་ལྟར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་དགོས།
         ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལྟར། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྤྱིའི་བླང་བྱ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྟོན་དུ་འཛིན་པ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་བླང་བྱ་དང་འཚམ་པ། བརྟན་པོའི་ངང་ཡར་རྒྱས་བརྩོན་ལེན་བྱ་རྒྱུའི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས། སྒྱུར་བཅོས་ཀྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མཐའ་འཁྱོངས། ཏང་གི་ཕྱོགས་ཡོངས་ནས་འགོ་ཁྲིད་པའི་སྤྱི་འདོམས་ལ་ཤུགས་སྣོན། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཕྱོགས་སྟོན་དུ་འཛིན་པ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་ལེགས་སྒྱུར་དང་མཐུན་སྦྱོར་ལས་ཆོད་ཆེ་བར་སྐུལ་འདེད་གཏོང་རྒྱུ་དེ་ཤུགས་རྒྱག་ས་བཅས་བྱས་ཏེ། ལས་ཁུངས་འཛུགས་སྟངས་སྒྱུར་བཅོས་དང་འགན་ནུས་བཀོད་སྒྲིག་ལེགས་བཅོས་གཏོང་བ་དང་། འགན་ནུས་དང་སྒྲུབ་སྟངས་སྤྱོད་ཚུལ་བཅས་གཏིང་ཟབ་བསྒྱུར་ནས་ལས་ཆོད་དང་ཕན་འབྲས་ཇེ་མཐོར་བཏང་ཐོག འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱེད་པར་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་བསྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་ནུས་ལྡན་བྱས་ཡོད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཟབ་སྤེལ་བྱེད་པར། སྲིད་གཞུང་གི་འགན་ནུས་སྤོ་སྒྱུར་བྱེད་པར་དམིགས་ཏེ། ཐོན་ཁུངས་བཀོད་སྒྲིག་ཁྲོད་དུ་ཚོང་རའི་ཐག་གཅོད་ནུས་པ་འདོན་པར་ཚད་བཀག་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་འདོར་རྒྱུ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་སྙོམས་སྒྲིག་དང་། ཚོང་རའི་ལྟ་སྐུལ། སྤྱི་ཚོགས་དོ་དམ། སྤྱི་པའི་ཞབས་ཞུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་བྱེད་པའི་སྲིད་གཞུང་གི་འགན་ནུས་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། དུས་རབས་གསར་པའི་ཆ་རྐྱེན་དང་ལག་ལེན་གྱི་བླང་བྱ་དང་ཟུང་འབྲེལ་དང་། ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྲིག་གཞིའི་འགན་ནུས་ལེགས་སྒྱུར་དང་སྙོམས་སྒྲིག་བྱེད་པར་སྐུལ་འདེད་གང་ཐུབ་བྱས་ཏེ། འགན་ནུས་གསལ་པོ་དང་ཁྲིམས་ལྟར་སྲིད་སྐྱོང་བའི་སྲིད་གཞུང་གི་བཅོས་སྐྱོང་མ་ལག་འཛུགས་པ་དང་། སྲིད་གཞུང་གི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་ཡིད་ཚིམ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་པ་བཅས་བྱེད་དགོས།
         ཐེངས་འདིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞི་ཞིབ་ཕྲ་གཤམ་གསལ།
         གཅིག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ལེགས་སྒྲིག་བྱེད་རྒྱུའི་སྐོར།
         (གཅིག) རང་བྱུང་ཐོན་ཁུངས་པུའུ་འཛུགས་རྒྱུ། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་པུའུ་ཡི་འགན་འཁྲི་དང་། རྒྱལ་ཁབ་གོང་སྤེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་བྱེད་པོའི་བྱེད་ལས་ཐོན་ཁུལ་འཆར་འགོད་སྒྲིག་འཛུགས་དང་སྒྲིག་བཟོ་བྱེད་པའི་འགན་འཁྲི། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་གྲོང་གསེབ་དང་གྲོང་ཁྱེར་འཆར་འགོད་དོ་དམ་གྱི་འགན་འཁྲི། ཆུ་བེད་པུའུ་ཡི་ཆུའི་ཐོན་ཁུངས་བརྟག་ཞིབ་དང་བདག་དབང་གཏན་འཁེལ་ཐོ་འགོད་དོ་དམ་བྱེད་པའི་འགན་འཁྲི། ཞིང་ལས་པུའུ་ཡི་རྩྭ་ཐང་ཐོན་ཁུངས་བརྟག་ཞིབ་དང་བདག་དབང་གཏན་འཁེལ་ཐོ་འགོད་དོ་དམ་བྱེད་པའི་འགན་འཁྲི། རྒྱལ་ཁབ་ནགས་ལས་ཅུས་ཀྱི་ནགས་ཚལ་དང་འདམ་ར་སོགས་ཐོན་ཁུངས་བརྟག་ཞིབ་དང་བདག་དབང་གཏན་འཁེལ་ཐོ་འགོད་དོ་དམ་བྱེད་པའི་འགན་འཁྲི། རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱི་འགན་འཁྲི། རྒྱལ་ཁབ་ཚད་ལེན་ས་གཤིས་ཆ་འཕྲིན་ཅུས་ཀྱི་འགན་འཁྲི་བཅས་སྡེབ་སྒྲིག་བྱས་ཏེ། རང་བྱུང་ཐོན་ཁུངས་པུའུ་བཙུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཏུ་བསྒྱུར་རྒྱུ། རང་བྱུང་ཐོན་ཁུངས་པུའུ་ཡིས་ཕྱི་ཕྱོགས་ལ་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱི་སྒོ་བྱང་སོར་འཇོག་བྱེད་རྒྱུ།
         རྒྱལ་ཁབ་ས་ཁོངས་ཐོན་ཁུངས་པུའུ་དང་། རྒྱལ་ཁབ་རྒྱ་མཚོ་ཅུས། རྒྱལ་ཁབ་ཚད་འཇལ་ས་གཤིས་ཆ་འཕྲིན་ཅུས་བཅས་སོར་འཇོག་མི་བྱེད།
         (གཉིས) སྐྱེ་ཁམས་ཁོར་ཡུག་པུའུ་འཛུགས་རྒྱུ། ཁོར་ཡུག་སྲུང་སྐྱོང་པུའུ་ཡི་འགན་འཁྲི་དང་། རྒྱལ་ཁབ་གོང་སྤེལ་དང་སྒྱུར་བཅོས་ཨུ་ལྷན་གྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་བཙོག་འབུད་ཉུང་དུ་གཏོང་བའི་འགན་འཁྲི། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་པུའུ་ཡི་ས་འོག་གི་ཆུ་སྦགས་པར་སྔོན་འགོག་དང་ལྟ་སྐུལ་བྱེད་པའི་འགན་འཁྲི། ཆུ་བེད་པུའུ་ཡི་ཆུའི་བྱེད་ནུས་ཁུལ་འཆར་འགོད་བཟོ་བ་དང་། སྦགས་བཙོག་འབུད་གནས་བཟོ་བར་དོ་དམ། ཆུ་བཞུར་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འགན་འཁྲི། ཞིང་ལས་པུའུ་ཡི་ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱེད་པར་ལྟ་སྐུལ་སློབ་སྟོན་གྱི་འགན་འཁྲི། རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱི་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྷོ་ཆུ་བྱང་འདྲེན་གྱི་བཟོ་སྐྲུན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་ལྷོ་ཆུ་བྱང་འདྲེན་བཟོ་སྐྲུན་ལས་གཞི་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་བཅས་སྡེབ་སྒྲིག་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་པུའུ་བཙུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཏུ་བསྒྱུར་རྒྱུ། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཕྱི་ཕྱོགས་ལ་རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་ཅུས་ཀྱི་སྒོ་བྱང་སོར་འཇོག་བྱེད་རྒྱུ།
         ཁོར་ཡུག་སྲུང་སྐྱོང་པུའུ་སོར་འཇོག་མི་བྱེད།
         (གསུམ)ཞིང་ལས་གྲོང་གསེབ་པུའུ་འཛུགས་རྒྱུ། ཞིང་ལས་པུའུ་ཡི་འགན་འཁྲི་དང་དེ་བཞིན་རྒྱལ་ཁབ་གོང་སྤེལ་དང་སྒྱུར་བཅོས་ཨུ་ལྷན་གྱི་ཞིང་ལས་མ་འཇོག་ལས་གཞི་དང་། ནོར་སྲིད་པུའུ་ཡི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལས་གཞི། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་པུའུ་ཡི་ས་ཞིང་བཅོས་སྒྲིག་ལས་གཞི། ཆུ་བེད་པུའུ་ཡི་ས་ཞིང་ཆུ་བེད་འཛུགས་སྐྲུན་ལས་གཞི་སོགས་ཀྱི་དོ་དམ་འགན་འཁྲི་སྡེབ་སྒྲིག་བྱས་ཏེ། ཞིང་ལས་གྲོང་གསེབ་པུའུ་བཙུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཏུ་བསྒྱུར་རྒྱུ།
         ཞིང་ལས་པུའུ་ཡི་ཉ་གྲུ་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དེ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ལ་སྤྲོད་རྒྱུ།
         ཞིང་ལས་པུའུ་སོར་འཇོག་མི་བྱེད།
         (བཞི) རིག་གནས་དང་ཡུལ་སྐོར་པུའུ་འཛུགས་རྒྱུ། རིག་གནས་པུའུ་དང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་འགན་འཁྲི་སྡེབ་སྒྲིག་བྱས་ཏེ། རིག་གནས་དང་ཡུལ་སྐོར་པུའུ་བཙུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཏུ་བསྒྱུར་རྒྱུ།
         རིག་གནས་པུའུ་དང་རྒྱལ་ཁབ་ཡུལ་སྐོར་ཅུས་སོར་འཇོག་མི་བྱེད།
         (ལྔ)རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་དང་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། རྒྱལ་ཡོངས་ཀྱི་རྒན་རྒོན་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་བཅས་ཀྱི་འགན་འཁྲི་དང་། བཟོ་ལས་དང་ཆ་འཕྲིན་པུའུ་ཡིས་སྣེ་ཁྲིད་ནས་《རྡོ་ཐ་ཚོད་འཛིན་གཞི་སྒྲོམ་སྤྱི་ཆིངས་》ལག་བསྟར་བྱེད་པའི་ལས་ཀའི་འགན་འཁྲི། རྒྱལ་ཁབ་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ལས་རིགས་བདེ་འཇགས་དང་བདེ་ཐང་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་བཅས་སྡེབ་སྒྲིག་བྱས་ཏེ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཙུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཏུ་བསྒྱུར་རྒྱུ།
         རྒྱལ་ཡོངས་ཀྱི་རྒན་རྒོན་ལས་དོན་ཨུ་ལྷན་སོར་འཇོག་བྱེད་པ་དང་། ཉིན་རྒྱུན་ལས་ཀ་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྒྲུབ་འགན་འཁུར་རྒྱུ། དམངས་སྲིད་པུའུ་ཡི་ཚབ་བྱས་ནས་དོ་དམ་བྱེད་པའི་ཀྲུང་གོ་རྒན་རྒོན་མཐུན་ཚོགས་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚབ་བྱས་ནས་དོ་དམ་བྱེད་པར་བསྒྱུར་རྒྱུ། རྒྱལ་ཁབ་ཀྲུང་ལུགས་གསོ་སྨན་དོ་དམ་ཅུས་ལ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱེད་རྒྱུ།
         རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་སོར་འཇོག་མི་བྱེད་པ་དང་། སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུ་མིན།
         (དྲུག) དམག་ཞབས་འཐིམས་པའི་དམག་མིའི་དོན་གཅོད་པུའུ་འཛུགས་རྒྱུ། དམངས་སྲིད་པུའུ་ཡི་དམག་ཞབས་འཐིམས་པའི་དམག་མི་ལྟ་སྐྱོང་བདེ་འགོད་ཀྱི་འགན་འཁྲི་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་དམག་དཔོན་ལས་སྤོས་བཀོད་སྒྲིག་བྱེད་པའི་འགན་འཁྲི། དེ་བཞིན་ཀྲུང་དབྱང་དམག་ཨུ་ཆབ་སྲིད་ལས་དོན་པུའུ་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་པུའུ་ཡི་འབྲེལ་ཡོད་འགན་འཁྲི་བཅས་སྡེབ་སྒྲིག་བྱས་ཏེ། དམག་ཞབས་འཐིམས་པའི་དམག་མིའི་དོན་གཅོད་པུའུ་བཙུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཏུ་བསྒྱུར་རྒྱུ།
         (བདུན)འཕྲལ་བསྟུན་དོ་དམ་པུའུ་འཛུགས་རྒྱུ། རྒྱལ་ཁབ་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འགན་འཁྲི་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གི་འཕྲལ་བསྟུན་དོ་དམ་གྱི་འགན་འཁྲི། སྤྱི་བདེ་པུའུ་ཡི་མེ་གསོད་མེ་འགོག་གི་དོ་དམ་འགན་འཁྲི། དམངས་སྲིད་པུའུ་ཡི་གེགས་སེལ་འགན་འཁྲི། རྒྱལ་ཁབ་ས་ཁོངས་ཐོན་ཁུངས་པུའུ་ཡི་ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་དང་། ཆུ་བེད་པུའུ་ཡི་ཞོད་ཐན་གྱི་གནོད་སྐྱོན་འགོག་བཅོས། ཞིང་ལས་པུའུ་ཡི་རྩྭ་ཐང་མེ་ཟོན། རྒྱལ་ཁབ་ནགས་ལས་ཅུས་ཀྱི་ནགས་ཚལ་མེ་སྐྱོན་འགོག་སྲུང་བཅས་ཀྱི་འབྲེལ་ཡོད་འགན་འཁྲི། ཀྲུང་གོའི་ས་ཡོམ་ཅུས་ཀྱི་གེགས་སེལ་འཕྲལ་བསྟུན་སྐྱོབ་རོགས་ཀྱི་འགན་འཁྲི་དང་དེ་བཞིན་རྒྱལ་ཁབ་ཞོད་ཟོན་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ། རྒྱལ་ཁབ་ནགས་ཚལ་མེ་སྐྱོན་འགོག་སྲུང་བཀོད་འདོམས་པུའུ་བཅས་ཀྱི་འགན་འཁྲི་སྡེབ་སྒྲིག་བྱས་ཏེ། འཕྲལ་བསྟུན་དོ་དམ་པུའུ་བཙུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཏུ་བསྒྱུར་རྒྱུ།
         ཀྲུང་གོའི་ས་ཡོམ་ཅུས་དང་རྒྱལ་ཁབ་སོལ་གཏེར་བདེ་འཇགས་ལྟ་ཞིབ་ཅུས་གཉིས་ལ་འཕྲལ་བསྟུན་དོ་དམ་པུའུ་ཡིས་དོ་དམ་བྱེད་རྒྱུ། སྤྱི་བདེ་མེ་འགོག་མེ་གསོད་དམག་དཔུང་དང་། དྲག་ཆས་ཉེན་རྟོག་ནགས་ཚལ་དམག་དཔུང་སྒྲིག་ལུགས་བསྒྱུར་རྗེས། ཉེན་མེད་ཐོན་སྐྱེད་སོགས་འཕྲལ་བསྟུན་སྐྱོབ་རོགས་ཀྱི་དཔུང་ཁག་དང་མཉམ་དུ་ཕྱོགས་བསྡུས་རང་བཞིན་གྱི་རྒྱུན་གྲབས་མཁོ་བསྟུན་གྱི་རྐང་འཛིན་སྟོབས་ཤུགས་སུ་བསྒྱུར་ནས་འཕྲལ་བསྟུན་དོ་དམ་པུའུ་ཡིས་དོ་དམ་བྱེད་རྒྱུ།
         རྒྱལ་ཁབ་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོར་འཇོག་མི་བྱེད།
         (བརྒྱད) ཚན་རིག་ལག་རྩལ་པུའུ་བསྐྱར་འཛུགས་བྱེད་རྒྱུ། ཚན་རིག་ལག་རྩལ་པུའུ་དང་། རྒྱལ་ཁབ་ཀྱི་ཕྱི་རྒྱལ་ཆེད་མཁས་ཅུས་ཀྱི་འགན་འཁྲི་སྡེབ་སྒྲིག་བྱས་ཏེ། ཚན་རིག་ལག་རྩལ་པུའུ་བསྐྱར་འཛུགས་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཏུ་བསྒྱུར་རྒྱུ། ཚན་རིག་ལག་རྩལ་པུའུ་ཡིས་ཕྱི་ཕྱོགས་སུ་རྒྱལ་ཁབ་ཀྱི་ཕྱི་རྒྱལ་ཆེད་མཁས་ཅུས་ཀྱི་སྒོ་བྱང་སོར་འཇོག་བྱེད་རྒྱུ།
         རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་དེ་ཚན་རིག་ལག་རྩལ་པུའུ་ཡིས་དོ་དམ་བྱེད་པར་བསྒྱུར་རྒྱུ།
         (དགུ)ཁྲིམས་འཛིན་པུའུ་བསྐྱར་འཛུགས་བྱེད་རྒྱུ། ཁྲིམས་འཛིན་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་ལུགས་གཞུང་ལས་ཁང་གི་འགན་འཁྲི་སྡེབ་སྒྲིག་བྱས་ཏེ། ཁྲིམས་འཛིན་པུའུ་བསྐྱར་འཛུགས་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཏུ་བསྒྱུར་རྒྱུ།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་ལུགས་གཞུང་ལས་ཁང་སོར་འཇོག་མི་བྱེད།
         (བཅུ) ཆུ་བེད་པུའུ་ཡི་འགན་འཁྲི་ལེགས་སྒྱུར་བྱེད་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲི་ཆུའི་འགག་གསུམ་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་དང་དེའི་གཞུང་ལས་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་དང་དེའི་གཞུང་ལས་ཁང་ཆུ་བེད་པུའུ་ཡི་ཁོངས་སུ་ཟླ་སྒྲིལ་བྱེད་རྒྱུ།
          རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲི་ཆུའི་འགག་གསུམ་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་དང་དེའི་གཞུང་ལས་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་དང་དེའི་གཞུང་ལས་ཁང་སོར་འཇོག་མི་བྱེད།
         (བཅུ་གཅིག) རྩིས་བཤེར་ཧྲུའུ་ཡི་འགན་འཁྲི་ལེགས་སྒྱུར་བྱེད་རྒྱུ། རྒྱལ་ཁབ་གོང་སྤེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ལས་གཞི་གལ་ཆེན་ལ་ཞིབ་བཤེར་དང་། ནོར་སྲིད་པུའུ་ཡི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ནོར་སྲིད་གཏོང་ཡོང་གི་གནས་ཚུལ་གཞན་དག་ལ་ལྟ་སྐུལ་ཞིབ་བཤེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཆེ་གྲས་གཙོ་བོའི་ལས་དོན་ལྟ་སྐུལ་ལྷན་ཚོགས་ཀྱི་འགན་འཁྲི་བཅས་རྩིས་བཤེར་ཧྲུའུ་ལ་སྤྲོད་རྒྱུ་དང་། གཅིག་གྱུར་དང་ཕན་གོ་ཆོད་པའི་རྩིས་བཤེར་ལྟ་སྐུལ་མ་ལག་འཛུགས་རྒྱུ།
         རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཆེ་གྲས་གཙོ་བོའི་ལས་དོན་ལྟ་སྐུལ་ལྷན་ཚོགས་འཛུགས་རྒྱུ་མིན།
        (བཅུ་གཉིས)ལྟ་ཞིབ་པུའུ་དེ་གསར་དུ་བཙུགས་པའི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་ཟླ་སྒྲིལ་གཏོང་རྒྱུ། རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་ཟླ་སྒྲིལ་གཏོང་རྒྱུ།
        ལྟ་ཞིབ་པུའུ་དང་རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་སོར་འཇོག་མི་བྱེད།
        སྒྱུར་བཅོས་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་དོན་ཐིང་ཕུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་འགོད་ཁོངས་གཏོགས་སྡེ་ཁག་26ཡིན་ཏེ།
         1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ།
         2.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ།
         3.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གོང་སྤེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་།
         4.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ།
         5.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་པུའུ།
         6.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ།
         7.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་།
         8.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་བདེ་པུའུ།
         9.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་པུའུ།
         10. ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྲིད་པུའུ།
         11.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛིན་པུའུ།
         12.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ།
         13.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ།
         14.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་པུའུ།
         15.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་པུའུ།
         16.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ།
         17.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།
         18.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་བེད་པུའུ།
         19.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་དང་གྲོང་གསེབ་པུའུ།
         20.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་དོན་པུའུ།
         21.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་དང་ཡུལ་སྐོར་པུའུ།
         22.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།
         23.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཞབས་འཐིམས་པའི་དམག་མིའི་དོན་གཅོད་པུའུ།
         24.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲལ་བསྟུན་དོ་དམ་པུའུ།
         25.ཀྲུང་གོའི་མི་དམངས་དངུལ་ཁང་།
         26.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་བཤེར་ཧྲུའུ་བཅས་ཡིན།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་སྡེ་ཁག་ལེགས་སྒྲིག་དང་བཀོད་སྒྲིག་བྱེད་རྒྱུ་དེ་རྒྱལ་ཡོངས་མི་དམངས་ཀྱི་འཐུས་མིའི་ཚོགས་ཆེན་ལ་གྲོས་ཞིབ་དང་ཆོག་མཆན་གནང་བར་འབུལ་རྒྱུ་ཡིན།
         གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་གཞན་དག་ལེགས་སྒྲིག་བྱེད་རྒྱུའི་སྐོར།
         (གཅིག) རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འཛུགས་རྒྱུ། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འགན་འཁྲི་དང་། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སྤྱི་ཁྱབ་ཅུས་ཀྱི་འགན་འཁྲི། རྒྱལ་ཁབ་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འགན་འཁྲི། རྒྱལ་ཁབ་གོང་སྤེལ་དང་སྒྱུར་བཅོས་ཨུ་ལྷན་གྱི་རིན་གོང་ལ་ལྟ་སྐུལ་ཞིབ་བཤེར་དང་སྒེར་སྡེམ་ལ་རྒོལ་རྡུང་བྱེད་པའི་ཁྲིམས་བསྟར་གྱི་འགན་འཁྲི། ཚོང་དོན་པུའུ་ཡི་གཉེར་སྐྱོང་བ་གཅིག་སྡུད་ངང་སྒེར་སྡེམ་ལ་རྒོལ་བའི་ཁྲིམས་བསྟར་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒེར་སྡེམ་ལ་རྒོལ་བའི་ཨུ་ལྷན་གྱི་གཞུང་ལས་ཁང་སོགས་ཀྱི་འགན་འཁྲི་སྡེབ་སྒྲིག་བྱས་ཏེ། རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཙུགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ལ་བསྒྱུར་རྒྱུ་ཡིན། དེ་དང་ཆབས་ཅིག་ཏུ། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་འཛུགས་རྒྱུ་དང་རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དོ་དམ་བྱེད་རྒྱུ་ཡིན།
         རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་དཔྱད་སྤྱི་ཁྱབ་ཅུས་ཀྱི་རྒྱལ་མཚམས་འགྲོ་འོང་ཞིབ་བཤེར་དང་ནད་ཡམས་བརྟག་དཔྱད་ཀྱི་དོ་དམ་འགན་འཁྲི་དང་དཔུང་སྡེ་དེ་འགག་སྒོའི་སྤྱི་ཁྱབ་ལས་ཁུངས་ལ་སྤྲོད་རྒྱུ།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟས་རིགས་ཉེན་མེད་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒེར་སྡེམ་རྒོལ་རྡུང་ཨུ་ལྷན་སོར་འཇོག་བྱེད་རྒྱུ་དང་། ལས་ཀ་ཞིབ་ཕྲ་རྣམས་རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་སྒྲུབ་འགན་འཁུར་རྒྱུ།
         རྒྱལ་ཁབ་ཀྱི་ར་སྤྲོད་ངོས་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་དང་རྒྱལ་ཁབ་ཀྱི་ཚད་གཞི་ཅན་དོ་དམ་ཨུ་ལྷན་གཉིས་ཀྱི་འགན་འཁྲི་དེ་རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ལ་སྤྲོད་རྒྱུ་དང་། ཕྱི་ཕྱོགས་ལ་ད་དུང་སྒོ་བྱང་སོར་འཇོག་བྱེད་རྒྱུ།
         རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ནད་ཡམས་བརྟག་དཔྱད་སྤྱི་ཁྱབ་ཅུས། རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་བཅས་སོར་འཇོག་མི་བྱེད།
         (གཉིས) རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་འཛུགས་རྒྱུ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་རླུང་འཕྲིན་བརྙན་འཕྲིན་དོ་དམ་འགན་འཁྲིའི་རྨང་གཞིའི་སྟེང་དུ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་བཙུགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ལ་བསྒྱུར་རྒྱུ།
         རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་སོར་འཇོག་མི་བྱེད།
        (གསུམ) ཀྲུང་གོའི་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ། ཀྲུང་གོའི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་དང་ཀྲུང་གོའི་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འགན་འཁྲི་སྡེབ་སྒྲིག་བྱས་ཏེ། ཀྲུང་གོའི་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་བྱ་ལས་སྡེ་ཁག་ཏུ་བསྒྱུར་རྒྱུ།
         ཀྲུང་གོའི་དངུལ་ཁང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ཨུ་ལྷན་དང་ཀྲུང་གོའི་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གལ་ཆེན་གྱི་འཆར་ཟིན་དང་ལྟ་སྐུལ་དོ་དམ་གཟབ་ནན་གྱི་གཞི་རྩའི་ལམ་ལུགས་བཟོ་རྒྱུའི་འགན་འཁྲི་དེ་ཀྲུང་གོའི་མི་དམངས་དངུལ་ཁང་ལ་སྤྲོད་རྒྱུ།
         ཀྲུང་གོའི་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ལྷན་དང་ཀྲུང་གོའི་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་སོར་འཇོག་མི་བྱེད།
         (བཞི) རྒྱལ་ཁབ་རྒྱལ་སྤྱིའི་གོང་སྤེལ་མཉམ་ལས་ཧྲུའུ་འཛུགས་རྒྱུ། ཚོང་དོན་པུའུ་ཡི་ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་ལས་ཀ་དང་འབྲེལ་བའི་འགན་འཁྲི་དང་། ཕྱི་འབྲེལ་པུའུ་ཡི་ཕྱི་ཕྱོགས་སུ་རོགས་སྐྱོར་མཐུན་སྦྱོར་བྱེད་པ་སོགས་ཀྱི་འགན་འཁྲི་སྡེབ་སྒྲིག་བྱས་ཏེ། རྒྱལ་ཁབ་རྒྱལ་སྤྱིའི་གོང་སྤེལ་མཉམ་ལས་ཧྲུའུ་བཙུགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ལ་བསྒྱུར་རྒྱུ། ཕྱི་ཕྱོགས་ལ་རོགས་སྐྱོར་བྱེད་པའི་བྱེ་བྲག་གི་ལས་དོན་ནི་སྔར་བཞིན་འབྲེལ་ཡོད་སྡེ་ཁག་གིས་ལས་བགོས་ལྟར་ལག་བསྟར་བྱེད་འགན་འཁུར་རྒྱུ།
         (ལྔ) རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་འཛུགས་རྒྱུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། བུ་བཙའི་འགན་བཅོལ་འགན་འཁྲི། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་གྲོང་གསེབ་མཉམ་ལས་སྨན་བཅོས་གསར་པའི་འགན་འཁྲི། རྒྱལ་ཁབ་གོང་སྤེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་སྨན་རྫས་དང་སྨན་བཅོས་ཞབས་ཞུའི་རིན་གོང་དོ་དམ་གྱི་འགན་འཁྲི། དམངས་སྲིད་པུའུ་ཡི་སྨན་བཅོས་རོགས་སྐྱོབ་འགན་འཁྲི་བཅས་སྡེབ་སྒྲིག་བྱས་ཏེ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་བཙུགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ལ་བསྒྱུར་རྒྱུ།
         (དྲུག) རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་འཛུགས་རྒྱུ། རྒྱལ་ཁབ་འབྲུ་རིགས་ཅུས་ཀྱི་འགན་འཁྲི་དང་། རྒྱལ་ཁབ་གོང་སྤེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་འཐབ་ཇུས་དངོས་ཟོག་བསྡུ་ཉར་དང་བརྗེ་རེས་དང་དོ་དམ་བཅས་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་དང་སྲིང་བལ་དང་མངར་ཆ་བཅས་གྲབས་གསོག་ལ་དོ་དམ་བྱེད་པ་སོགས་ཀྱི་འགན་འཁྲི་དང་། དེ་བཞིན་དམངས་སྲིད་པུའུ་དང་། ཚོང་དོན་པུའུ། རྒྱལ་ཁབ་ནུས་ཁུངས་ཅུས་སོགས་སྡེ་ཁག་གིས་འཐབ་ཇུས་དངོས་ཟོག་དང་འཕྲལ་བསྟུན་གྲབས་གསོག་དངོས་ཟོག་བསྡུ་ཉར་དང་། བརྗེ་རེས་དང་། ནམ་རྒྱུན་དོ་དམ་བཅས་སྒྲིག་འཛུགས་སྒོས་ལག་བསྟར་བྱེད་པའི་འགན་འཁྲི་བཅས་སྡེབ་སྒྲིག་བྱས་ཏེ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་བཙུགས་ནས། རྒྱལ་ཁབ་གོང་སྤེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱེད་རྒྱུ།
         རྒྱལ་ཁབ་འབྲུ་རིགས་ཅུས་སོར་འཇོག་མི་བྱེད།
         (བདུན) རྒྱལ་ཁབ་ཡུལ་མི་གནས་སྤོ་དོ་དམ་ཅུས་འཛུགས་རྒྱུ། སྤྱི་བདེ་པུའུ་ཡི་རྒྱལ་མཚམས་ནས་འགྲོ་འོང་དོ་དམ་དང་མཐའ་སྲུང་ཞིབ་བཤེར་གྱི་འགན་འཁྲི་སྡེབ་སྒྲིག་དང་། ལམ་མཆན་འགོད་པའི་དོ་དམ་དང་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་བཙུགས་ཏེ། རྒྱལ་ཁབ་གནས་སྤོ་ཡུལ་མི་དོ་དམ་ཅུས་འཛུགས་རྒྱུ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་མཚམས་ནས་འགྲོ་ཡོང་དོ་དམ་ཅུས་ཀྱི་བྱང་བུ་སྣོན་འགེལ་བྱེད་རྒྱུ། སྤྱི་བདེ་པུའུ་ཡིས་དོ་དམ་བྱེད་རྒྱུ།
         (བརྒྱད) རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་འཛུགས་རྒྱུ། རྒྱལ་ཁབ་ནགས་ལས་ཅུས་ཀྱི་འགན་འཁྲི་དང་། ཞིང་ལས་པུའུ་ཡི་རྩྭ་ཐང་ལ་ལྟ་སྐུལ་དོ་དམ་གྱི་འགན་འཁྲི། དེ་བཞིན་རྒྱལ་ཁབ་ས་ཁོངས་ཐོན་ཁུངས་པུའུ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། ཆུ་བེད་པུའུ། ཞིང་ལས་པུའུ། རྒྱལ་ཁབ་རྒྱ་མཚོ་ཅུས་སོགས་སྡེ་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་དང་མཛེས་ལྗོངས་གྲགས་ཅན་ཁུལ། རང་བྱུང་ཤུལ་བཞག ས་གཤིས་སྤྱི་གླིང་སོགས་ཀྱི་དོ་དམ་འགན་འཁྲི་བཅས་སྡེབ་སྒྲིག་བྱས་ཏེ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་འཛུགས་རྒྱུ་དང་། རང་བྱུང་ཐོན་ཁུངས་པུའུ་ཡིས་དོ་དམ་བྱེད་རྒྱུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་སྒོ་བྱང་སྣོན་འགེལ་བྱེད་རྒྱུ།
         རྒྱལ་ཁབ་ནགས་ལས་ཅུས་སོར་འཇོག་མི་བྱེད།
         (དགུ) རྒྱལ་ཁབ་ཤེས་རིག་ཐོན་དངོས་བདག་དབང་ཅུས་བསྐྱར་དུ་འཛུགས་རྒྱུ། རྒྱལ་ཁབ་ཤེས་རིག་ཐོན་དངོས་བདག་དབང་ཅུས་ཀྱི་འགན་འཁྲི་དང་། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཚོང་རྟགས་དོ་དམ་གྱི་འགན་འཁྲི། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་སྤྱི་ཁྱབ་ཅུས་ཀྱི་ཐོན་ཡུལ་ངོ་མའི་ས་ཁམས་མཚོན་རྟགས་དོ་དམ་འགན་འཁྲི་བཅས་སྡེབ་སྒྲིག་བྱས་ཏེ། རྒྱལ་ཁབ་ཤེས་རིག་ཐོན་དངོས་བདག་དབང་ཅུས་བསྐྱར་དུ་འཛུགས་རྒྱུ་དང་། རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དོ་དམ་བྱེད་རྒྱུ།
         (བཅུ) རྒྱལ་ཡོངས་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ལས་འཛིན་ཚོགས་པའི་ཁོངས་གཏོགས་ཀྱི་འབྲེལ་བ་ལེགས་སྒྲིག་བྱེད་རྒྱུ། རྒྱལ་ཡོངས་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ལས་འཛིན་ཚོགས་པ་ལ་སྔོན་ཆད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དོ་དམ་བྱེད་པ་ནས་ད་ལྟ་ནོར་སྲིད་པུའུ་ཡིས་དོ་དམ་བྱེད་པར་བསྒྱུར་ནས། ཐེབས་རྩའི་མ་རྩ་གཏོང་འཇོག་ལས་གཉེར་བྱེད་པའི་ལས་ཁུངས་ཡིན་པའི་ཆ་ནས་སྲིད་འཛིན་གྱི་རིམ་པ་གཏན་ཁེལ་མི་བྱེད།
         (བཅུ་གཅིག) རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་དཔྱ་ཁྲལ་བསྡུ་ལེན་དོ་དམ་སྒྲིག་སྲོལ་ལ་སྒྱུར་བཅོས་གཏོང་རྒྱུ། ཞིང་ཆེན་རིམ་པ་དང་ཞིང་ཆེན་རིམ་པ་མན་གྱི་རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་དཔྱ་ཁྲལ་ལས་ཁུངས་ཟླ་སྒྲིལ་བྱས་ཏེ། བྱེ་བྲག་ཏུ་ཁོངས་གཏོགས་ས་ཁོངས་ནང་གི་ཁྲལ་བསྡུ་དང་ཁྲལ་མིན་ཡོང་འབབ་སྣ་ཚོགས་བསྡུ་ལེན་དོ་དམ་སོགས་ཀྱི་འགན་འཁྲི་འཁུར་རྒྱུ། རྒྱལ་ཁབ་དཔྱ་ཁྲལ་དང་ས་གནས་དཔྱ་ཁྲལ་ལས་ཁུངས་ཟླ་སྒྲིལ་བཏང་རྗེས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གཙོར་བྱས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)མི་དམངས་སྲིད་གཞུང་དང་ལྷན་དུ་འགོ་ཁྲིད་ཉིས་བརྩེགས་ཀྱི་དོ་དམ་སྒྲིག་སྲོལ་ལག་ལེན་དུ་བསྟར་རྒྱུ།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཕུད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་ལས་ཁུངས་ལེགས་སྒྲིག་དང་སྒྲིག་འཛུགས་བྱེད་རྒྱུ་དེ་གསར་དུ་གྲུབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་བྱས་ནས་ཆོག་མཆན་འགོད་རྒྱུ།