མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་
གནང་ནས“ཀྲུང་ཧྥའི་ཁོར་ཡུག་ལོ”འགོ་ཚུགས་པར་རྟེན་འབྲེལ་ཞུས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་21ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ནས“ཀྲུང་ཧྥའི་ཁོར་ཡུག་ལོ”འགོ་ཚུགས་པར་རྟེན་འབྲེལ་ཞུས་པ་རེད།
        ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་སྣོད་བཅུད་དར་ཚེ་ཤེས་དཔལ་དར་བ་དང་སྣོད་བཅུད་ཉམས་ཚེ་ཤེས་དཔལ་ཉམས་སྲིད། ཀྲུང་ཧྥ་ཕྱོགས་གཉིས་པོས“ཀྲུང་ཧྥའི་ཁོར་ཡུག་ལོ”ཐུན་མོང་ཐོག་གཉེར་རྒྱུའི་གཏན་འབེབས་བྱས་པ་དེ་ནི་ཕྱོགས་གཉིས་པོས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་
         སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་གླེང་མོལ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་ཁོར་ཡུག་གི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་ཆེད་རེད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་འབད་བརྩོན་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་མིའི་རིགས་ཀྱི་འཚོ་གནས་བྱ་ཡུལ་ས་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱས་ཐོག་གཙང་སྦྲ་དོད་ལ་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་སྐྲུན་འདོད་ཡོད་ཅེས་བསྟན་གནང་བ་རེད།
         མ་ཁེ་ལུང་གིས་རྟེན་འབྲེལ་གློག་འཕྲིན་ནང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་དེ་བཞིན་ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་ནི་མིའི་རིགས་ལ་འཕྲད་པའི་འགྲན་སློང་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ལ་ཧྥ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་གཙོ་བོའང་རེད། ཀྲུང་གོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཕྱོགས་མང་གི་གནམ་གཤིས་བཅོས་སྐྱོང་འཕེལ་རིམ་ལ་ཧུར་ཐག་ཞུགས་པ་དེས་ཧྥ་ཀྲུང་མཉམ་ལས་བྱེད་པར་སྲ་ཞིང་བརྟན་པའི་རྨང་གཞི་བཏིངས་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་འཛམ་གླིང་ལྗང་མདོག་དང་། ཐཱན་ཉུང་། རྒྱུན་སྲིང་འཕེལ་རྒྱས་བཅས་སུ་ཕྱོགས་སྒྱུར་བྱེད་པར་ཁྲིད་སྟོན་བྱེད་འདོད་ཡོད་ཅེས་གསུངས།

  
style="display:none;"