མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་དམ་འཇོག་མཛད་སྒོ་འཚོགས་པ་དང་ཙུང་ལི་ལི་ཁེ་ཆང་གིས་དམ་འཇོག་ལ་
ལྟ་སྐུལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་22ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ནན་ཧའེ་རུ་རྩ་ཁྲིམས་དམ་འཇོག་མཛད་སྒོ་འཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དམ་འཇོག་ལ་ལྟ་སྐུལ་གནང་བ་རེད།
         《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་སྡེ་ཚན་ཁག་གིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་དོན་མི་སྣའི་རྩ་ཁྲིམས་དམ་འཇོག་སྒྲིག་འཛུགས་བྱ་ཐབས》གཞིར་བཟུང་། 2018ལོའི་ཟླ་4པ་ནས་10པ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་གཞག་བྱས་པའི་སྡེ་ཚན་དང་ཚན་པ་40ཡི་འགན་འཁུར་མི་སྣ་59ཡིས་ཁྲིམས་བཞིན་རྩ་ཁྲིམས་ལ་དམ་བཅའ་བཞག་པ་རེད།
         སྔ་དྲོའི་ཆུ་ཚོད་11ལ། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཤའོ་ཅེས་རྩ་ཁྲིམས་དམ་འཇོག་མཛད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཚང་མ་ཡར་ལངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེ་རྗེས་དམ་འཇོག་སྣེ་ཁྲིད་པས་རྩ་ཁྲིམས་ཐོག་ལག་པ་བཞག་སྟེ་དམ་ཚིག་ཀློག་པ་དང་། དམ་འཇོག་པ་གཞན་དག་གིས་རྒྱབ་ཏུ་ལངས་ཏེ་དམ་ཚིག་མཉམ་དུ་བཀླགས་པ་རེད།

  
style="display:none;"