མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་མཁན་ལིན་ཀྲེང་གཡོད་ཨེར་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་20ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་དབྱིང་ཐའེ་རུ་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་མཁན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེར་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་གིས་ཞུས་པའི་ཤང་ཀང་གི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་གནས་ཚུལ་གྱི་སྙན་སེང་ཡང་གསན་པ་རེད།
        ཞི་ཅིན་ཕིང་གིས་ལོ་གཅིག་རིང་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་ཡིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་དེ་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་བཞག་པ་དང་། བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་སྲུང་སྐྱོང་། ཤང་ཀང་གི་ཡུན་རིང་འཕེལ་རྒྱས་ཇུས་འགོད་ནན་ཏན། ཀོང་ཀང་ཨའོ་བཅས་ཀྱི་ཁུག་ཆེན་ཁུལ་འཛུགས་སྐྲུན་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་ནང་ཧུར་ཐག་ཞུགས་པ། རྒྱ་ཆེའི་གྲོང་མིའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན། ན་གཞོན་འཚར་ལོངས་དང་འཕེལ་རྒྱས་ཆེད་ཆ་རྐྱེན་ཧུར་ཐག་བཏོད་པ་བཅས་བྱས་པ་དེ་ཐོག་ནས“བློ་སྟོབས་ལ་བརྟེན་ནས་བྱ་བ་སྒྲུབ་པ་དང་དཀའ་ངལ་འཕྲད་ན་མི་གཡོལ་བའི”སྙིང་སྟོབས་མངོན་པ་མ་ཟད། གྲུབ་འབྲས་བཟང་པོ་ཡང་ཐོབ་ཡོད། ཀྲུང་དབྱང་གིས་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་ཟླ་བ་གཅིག་གི་གོང་དུ་ངས་རྒྱལ་ཁབ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་མཁན་ཤང་ཀང་དང་ཨའོ་མོན་ལས་རིགས་ཁག་གི་འཚམས་འདྲི་ཚོགས་པ་དང་ཐུག་འཕྲད་བྱེད་སྐབས“སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་ནང་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ་ནི་དཔང་པོ་བ་ཞིག་རེད་ལ་དེའི་ནང་ཞུགས་མཁན་ཞིག་དང་། ཕན་པ་ཐོབ་མཁན་ཞིག་རེད་ལ་ལེགས་སྐྱེས་འབུལ་མཁན་ཞིག་ཀྱང་རེད། སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ་ནི་ནང་སའི་མི་དམངས་དང་འདྲ་བར་ཚང་མ་ནི་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་ངོ་མཚར་གཏོད་མཁན་རེད”ཅེས་བཤད་པ་ཡིན། རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ནི་ཤང་ཀང་དང་ཨའོ་མོན་གྱིས་ནང་ས་དང་ལེགས་ཆ་གསབ་རེས་དང་མཉམ་དུ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཞིག་རེད་ལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཚན་རིག་དང་མཐུན་པའི་སྒོ་ནས་བསམ་བཀོད་བྱེད་པ་ནས་ལག་ལེན་ལ་གྲུབ་འབྲས་ཐོབ་པའི་བར་གྱི་བརྒྱུད་རིམ་ཞིག་ཀྱང་རེད། འབྱུང་འགྱུར་ལ་ཕྱོགས་ནས་ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བར་ཤང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ལེགས་ཆ་གསར་པ་སྐྱེད་སྲིང་། ནུས་པ་གསར་པ་འདོན་སྤེལ། འཕེལ་རྒྱས་གསར་པ་མངོན་འགྱུར། ལེགས་སྐྱེས་གསར་པ་འབུལ་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"