མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དབྱི་ཐ་ལི་ཞི་ཞི་ལི་ས་ཁུལ་ཆེ་མོའི་ཀྲུའུ་ཞི་མུའུ་སུའུ་མེ་ཆི་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་26ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་དུ་དབྱི་ཐ་ལི་པཱ་ལེ་མོ་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པཱ་ལེ་མོར་དབྱི་ཐ་ལི་ཞི་ཞི་ལི་ས་ཁུལ་ཆེ་མོའི་ཀྲུའུ་ཞི་མུའུ་སུའུ་མེ་ཆི་དང་མཇལ་འཛོམས་གནང་ཞིང་། ཞི་ཞི་ལི་ས་ཁུལ་ཆེ་མོའི་དབྱི་ཧུའེ་གྲོས་ཚོགས་ཀྱི་ཀྲུའུ་ཞི་དང་། ཞིང་ཆེན་གྱི་ལྟ་སྐུལ་པ། པཱ་ལེ་མོ་གྲོང་ཁྱེར་གྱི་ཧྲེ་ཀྲང་སོགས་མཇལ་འཛོམས་གནང་སྐབས་ཕེབས་ཡོད་པ་རེད།
     ཞི་ཅིན་ཕིང་གིས་ཞི་ཞི་ལིའི་འབྲེལ་ཡོད་ལོ་རྒྱུས་དང་། མི་ཆོས་རིག་གནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སྐོར་གྱི་ངོ་སྤྲོད་དང་། དེ་བཞིན་ཞི་ཞི་ལི་ས་ཁུལ་དང་ཀྲུང་གོའི་དབར་གྱི་དཔལ་འབྱོར་ཉོ་ཚོང་དང་མི་ཆོས་རིག་གནས་སྤེལ་རེས་ཀྱི་གནས་ཚུལ་གསན་ཞིང་། ཞི་ཅིན་ཕིང་གིས་ཞི་ཞི་ལིའི་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ཟབ་པ་དང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཞི་ཞི་ལིས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་གོའི་དབར་གྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་རེ་བ་ཡོད། ངས་ད་རེས་དབྱི་ཐ་ལིར་འཚམས་འདྲི་བྱེད་རིང་ཀྲུང་དབྱི་ཕྱོགས་གཉིས་པོས་ཞི་ཞི་ལིའི་ཚ་ལུ་མ་ཐོན་སྐྱེད་བྱས་ནས་ཀྲུང་གོར་འདྲེན་རྒྱུའི་སྐོར་གྱི་འབྲེལ་ཡོད་གྲོས་ཆོད་ལ་མིང་རྟགས་བཀོད་པ་དང་། ཞི་ཞི་ལིས་ཀྲུང་གོར་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཞི་ཞི་ལི་ཕྱོགས་དང་མ་འཇོག་དང་ཡུལ་སྐོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས།
     མུའུ་སུའུ་མེ་ཆི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཞི་ཞི་ལིར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་དང་། ཞི་ཞི་ལི་དང་ཀྲུང་གོའི་དབར་གྱི་འགྲོ་འོང་ལ་ལོ་རྒྱུས་ཀྱི་ནང་དོན་གཏིང་ཟབ་ལྡན་ཡོད་པ་དེ་ནི་སྔོན་ཆད་ཀྱི་དར་གོས་ལམ་བུའི་ཆ་ཤས་ཤིག་ཡིན་པ་དང་། ཞི་ཞི་ལིའི་མི་དམངས་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་ཡིན། ས་དབུས་རྒྱ་མཚོའི་ཐོག་གི་གླིང་ཕྲན་གལ་ཆེན་ཞིག་ཡིན་པའི་ངོས་ནས་བརྗོད་ན། ཞི་ཞི་ལིར་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལེགས་ཆ་ལྡན་ཡོད། ཀྲུང་གོའི་དབར་ཞིང་ལས་དང་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ“རྒྱུད་གཅིག་ལམ་གཅིག”གི་ས་ཚིགས་གལ་ཆེན་ཞིག་ལ་གྱུར་པ་བྱེད་འདོད་ཡོད་ཅེས་གསུངས།
     ཕེང་ལི་ཡོན་དང་། ཏིང་ཤུའེ་ཞང་། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥུང་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།
     ཞི་ཅིན་ཕིང་གྲོང་ཁྱེར་རོ་མར་འཚམས་འདྲིར་ཕེབས་རྗེས་པཱ་ལེ་མོར་འཚམས་འདྲི་གནང་བ་ཞིག་རེད། རོ་མ་ནས་ཞལ་གྱེས་སྐབས་དབྱི་ཐ་ལི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་གནམ་ཐང་དུ་ཕེབས་སྐྱེལ་ཞུས་པ་རེད།

  
style="display:none;"