མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐཱ་ལེ་ལཱས་གཉེར་བའི་དགའ་སྐྱེལ་ཞུ་བའི་མཛད་སྒོ་
གཟབ་རྒྱས་ལ་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་25ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་དུ་གྲོང་ཁྱེར་རོ་མ་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོང་ཁྱེར་རོ་མར་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐཱ་ལེ་ལཱས་གཉེར་བའི་དགའ་སྐྱེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་ལ་ཞུགས་པ་རེད།
     ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་9དང་སྐར་མ་50ཡོལ་ཙམ་ལ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཙུང་ཐུང་ལས་ཤག་ཏུ་འབྱོར་སྐབས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཞལ་གྱེས་ཁའི་གླེང་མོལ་གནང་ཞིང་། ཞི་ཅིན་ཕིང་གིས་ཙུང་ཐུང་མཱ་ཐཱ་ལེ་ལཱ་དང་དབྱི་ཐ་ལི་སྲིད་གཞུང་གིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་གནང་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་ད་རེས་འཚམས་འདྲི་བྱེད་རིང་ང་དང་སྐུ་ཞབས་ཙུང་ཐུང་སོགས་དབྱི་ཐ་ལིའི་འགོ་ཁྲིད་པའི་དབར་མཛའ་མཐུན་ཟབ་མོའི་སྒོ་ནས་གྲོས་མོལ་དང་ཐུག་འཕྲད་བྱས་པ་དེ་ཐོག་ནས་ཕྱོགས་གཉིས་པོའི་དབར་ཕན་ཚུན་ཡིད་ཆེས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་ཕྱིན་པ་མཚོན་ཡོད། ཀྲུང་དབྱི་ཕྱོགས་གཉིས་པོས་མཐོ་རིམ་གྱི་འགྲོ་འོང་སྔར་བས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
     མཱ་ཐཱ་ལེ་ལཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལིར་གནང་བའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་ཡོངས་སུ་ལེགས་གྲུབ་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན། ང་དང་སྐུ་ཞབས་ཀྲུའུ་ཞིའི་དབར་ཟོལ་མེད་གཏིང་ཟབ་དང་གྲུབ་འབྲས་ཀྱིས་ཕྱུག་པའི་བཀའ་མོལ་བྱུང་བ་དེ་ནི་དབྱི་ཀྲུང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེན་པོ་ཡིན། རང་ཉིད་ཀྱིས་སྐུ་ཞབས་ཀྲུའུ་ཞིའི་དབར་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་དབྱི་ཀྲུང་གི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
     ཀྲུའུ་ཞི་ཞི་ཅིན་ཕིང་སྟངས་དཔྱལ་གྱིས་དབྱི་ཐ་ལི་ཕྱོགས་ཀྱི་དཔོན་རིགས་གཙོ་བོ་དང་ཕྱག་བཏང་ནས་ཞལ་གྱེས་ཞུས་པ་དང་ཙུང་ཐུང་མཱ་ཐཱ་ལེ་ལཱ་དང་སྲས་མོ་ལའོ་ལཱ་ཡིས་ཀྲུང་གོ་ཕྱོགས་ཀྱི་ཕེབས་རོགས་ཞུ་མཁན་དང་ཕྱག་བཏང་ནས་ཞལ་གྱེས་གནང་ཞིང་། དམག་མིའི་རོལ་ཆ་རུ་ཁག་གིས་དབྱི་ཀྲུང་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། གཟབ་སྦྲེང་རུ་ཁག་གི་རུ་དཔོན་གྱིས་ཞི་ཅིན་ཕིང་ལ་གཟིགས་ཞིབ་གནང་རོགས་ཞུས་པ། ཞི་ཅིན་ཕིང་གིས་ཙུང་ཐུང་མཱ་ཐཱ་ལེ་ལཱའི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ། ཀྲུའུ་ཞི་ཞི་ཅིན་ཕིང་སྟངས་དཔྱལ་དང་ཙུང་ཐུང་མཱ་ཐཱ་ལེ་ལཱ་དང་སྲས་མོ་ལའོ་ལཱ་རླངས་འཁོར་འཛུལ་གནས་སུ་ཞལ་གྱེས་གནང་བ་རེད།

  
style="display:none;"