མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲོའུ་ཡུང་ཁང་གི་སྒྲིག་འགལ་ཚབས་ཆེའི་གྱོད་གཞིའི་ཐད་གནང་བའི་ཏང་ཀྲུང་དབྱང་གི་ཐག་གཅོད་
གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་10ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༥ཉིན་རང་སྐྱོང་ལྗོངས་ཀྱིས་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་ནས་ཀྲོའུ་ཡུང་ཁང་གི་སྒྲིག་འགལ་ཚབས་ཆེའི་གྱོད་གཞིར་ཞིབ་བཤེར་བྱས་ཚུལ་དང་ཐག་གཅོད་གཏན་འབེབས་བྱས་ཚུལ་སྐོར་གྱི་ཀྲུང་དབྱང་གི་བརྡ་ཁྱབ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་ཞུགས་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་གཏན་འབེབས་ཡང་དག་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་དངོས་འབྲེལ་གཅིག་གྱུར་ཡོང་བ་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བ་བྱ་རྒྱུ་ཡིན་ཞེས་གཅིག་གྱུར་ཐོག་བཤད་པ་རེད།
        ཚོགས་ཞུགས་བློ་མཐུན་ཚོས་གཅིག་གྱུར་ཐོག་ངོས་འཛིན་བྱས་དོན། ཀྲོའུ་ཡུང་ཁང་གི་བྱེད་ལུགས་བྱེད་སྟངས་དེ་དག་ཏང་གི་དམིགས་ཡུལ་དང་ཏང་གི་ངོ་བོ་དང་རྦད་དེ་འགལ་བ་དང་། ཏང་གི་སྒྲིག་ལམ་དང་ཚབས་ཆེན་འགལ་བ། ཏང་གི་གཟུགས་བརྙན་ལ་གནོད་འཚེ་ཚབས་ཆེན་བཟོས་པ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གྱོང་གུན་ཚབས་ཆེན་བཟོས་པ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཧ་ཅང་ངན་པ་བཅས་རེད། ཀྲོའུ་ཡུང་ཁང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་པ་དང་འབྲེལ་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་པ་དེ་ནི་རང་སྡུག་རང་ཉོ་བྱས་པ་ཞིག་རང་རེད།
        ཀྲུང་དབྱང་གིས་ཀྲོའུ་ཡུང་ཁང་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་དང་ཁྲིམས་ལྟར་ཐག་གཅོད་གནང་བ་དེ་ནི་དུས་ཐོག་ཏུ་འཁེལ་བ་དང་། ཡང་དག་པ། འཕྲལ་ཐག་ཆོད་པ། མཁས་མཛངས་ལྡན་པ་བཅས་ཡིན་པ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་དོ་དམ་དང་ཏང་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ཆོད་སེམས་བརྟན་པོ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་དང་བློ་བརྟན་འགྱུར་མེད་ངང་རུལ་སུངས་བར་ཆད་པ་གཅོད་པའི་སྙིང་སྟོབས་ཆེན་པོ་དང་རྣམ་འགྱུར་གསལ་པོ། ཏང་སྒྲིག་རྒྱལ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་བཀག་རྒྱ་མེད་པའི་རྩ་དོན་གལ་ཆེན་བཅས་གང་ལེགས་མཚོན་སྟབས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཐོབ་ཡོད། ཚོགས་ཞུགས་བློ་མཐུན་ཚོས་གཅིག་གྱུར་ཐོག་བཤད་དོན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་གཏན་འབེབས་ཡང་དག་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ཏེ་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་བས་ཆེ་རུ་གཏོང་བ། ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་བ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ། བློ་ཐག་ཆོད་ལ་ནུས་ལྡན་གྱི་སྒོ་ནས་རུལ་སུངས་བར་ཆད་པ་གཅོད་པ་བཅས་བྱ་རྒྱུ་ཡིན།
        ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱ་རྒྱུ་དེ་སྔ་ཕྱི་བར་གསུམ་དུ་ཨང་དང་པོར་འཇོག་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་བཅས་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་གསལ་པོ། བོད་ལྗོངས་འདི་ཉིད་པེ་ཅིང་དང་བར་ཐག་རིང་ཡང་རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་སེམས་པ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་གཅིག་ཏུ་གནས་པ་དང་དམ་པོར་འབྲེལ་ནས་དུས་དང་གནས་ཚུལ་གང་ཞིག་གི་འོག་ཏུའང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་བྱ་སྤྱོད་མཐའ་དག་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བཀོད་པར་ཉན་པ་བཅས་བྱེད་དགོས།
        ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཏང་གི་རྩ་འཛུགས་ཀྱི་སྒྲིག་ལམ་དམ་ནན་ཡོང་བ་དང་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། “དང་ལེན་བཞིར”སྔར་བས་ཤུགས་སྣོན་རྒྱག་པ། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་གཏན་འབེབས་དེ་བཀའ་ལ་བརྩིས་ནས་གང་གསུང་དེ་སྒྲུབ་བྱེད་པ། སྒྲིག་ཁྲིམས་སྒྲིག་ལམ་མེད་པ་དང་། རང་མོས་རིང་ལུགས། མི་བཟང་རིང་ལུགས་བཅས་ཀྱི་སྣང་ཚུལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། གཞུང་དྲང་ཚུལ་མཐུན་དང་། ཁ་གསལ་གཏིང་གསལ། ཁ་ཞེ་གཉིས་མེད། ཁ་བཤད་ལག་བསྟར་བཅས་མཐའ་འཁྱོངས་བྱེད་པ། ཤོག་ཁག་སྒྲིག་པ་དང་། ངན་པ་ཕྱོགས་སྒྲིག རང་སྣང་གང་ཤར། མངོན་བརྩི་ལྐོག་འགལ། “མགོ་གཉིས་མ”བཅས་གཏན་ནས་བྱེད་མི་ཆོག་པ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་གྱི་ཐོག་ནས་རུལ་སུངས་པར་ཆད་པ་བཅད་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས། བོད་ལྗོངས་འདི་ཉིད་ས་མཐོ་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་དང་། ཆ་རྐྱེན་ཞན་ལ་དཀའ་ཚེགས་ཆེ་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་གཙོ་བོར་གནས་པ་བཅས་ཡིན་ཡང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནད་དོན་ཐོག་དམིགས་བསལ་རང་བཞིན་གྱི་བསམ་བློ་གང་ཡང་མེད་པས་ཕྱོགས་གཅིག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་འཁྱོངས་དང་ཕྱོགས་གཞན་ཞིག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དམ་འཛིན་བྱས་ནས་རུལ་སུངས་བར“དམིགས་བསལ་ཁུལ”མེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར“བཀག་རྒྱའི་ཁུལ”མེད་ཁར“སྟག་སྦྲང་མཉམ་རྡུང”ཐུབ་པ་བྱེད་པ། རུལ་སུངས་ཀྱི་གྱོད་གཞི་རྩད་གཅོད་མཐའ་གཅིག་ཏུ་བྱེད་པ། རུལ་སུངས་ལ་ཆད་པ་གཅོད་པའི་མཐོ་གནོན་གྱི་རྣམ་པ་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས།
        ཚོགས་འདུའི་ཐོག་བསྟན་དོན། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པར་ཏང་གཤིས་སྦྱོང་བརྡར་དང་སྤྱོད་གཙང་རང་གཅུན་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱུན་འཁྱོངས་ལྷོད་མེད་ངང་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས། ཕུགས་བསམ་དང་དད་སེམས་བརྟན་པོ་བཅངས་ཏེ་ཏང་གཤིས་ཀྱི་འདུ་ཤེས་དང་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ། གནས་བབ་ལྟ་བ། དབང་ཆའི་ལྟ་བ། ཁེ་ཕན་ལྟ་བ་བཅས་བརྟན་པོ་བཙུགས་ནས་དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་གི་རིན་ཐང་དམིགས་ཡུལ་འཛུགས་པ་དང་ཏང་གི་སྒྲིག་ཁྲིམས་ནན་སྲུང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དང་སྤྱོད་གཙང་སྲིད་སྐྱོང་གི་ཚད་གཞི་ནན་པོ་སྲུང་ཐོག་རང་གཅུན་ནན་པོ་དང་རང་དཔེ་གཞན་སྟོན་གྱིས་རང་བརྩི་དང་། རང་བརྟག རང་ཟོན། རང་སྐུལ་བཅས་བྱེད་པ་དང་རང་ཉིད་ཡག་པོ་གཅུན་པ་དང་གཉེན་ཉེ་དང་ཉེ་འགྲམ་གྱི་ལས་དོན་མི་སྣ་གཅུན་འདོམས་ཡག་པོ་བྱས་ཏེ་སྔ་ཕྱི་བར་གསུམ་དུ་ལྷག་བསམ་ཟོལ་མེད་དང་། སྤྱོད་གཙང་། འགན་ཁུར་ཐུབ་པ་བཅས་དང་སྔ་ཕྱི་བར་གསུམ་དུ་གུང་ཁྲན་ཏང་ཡོན་གྱི་གཞུང་སེམས་རྣམ་དག་དང་། སྤྱོད་གཙང་། སྤྱི་ཞབས་པའི་རང་གཤིས་རྒྱུན་འཁྱོངས་བྱེད་དགོས།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིམ་སྤེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་བསམ་བློ་གལ་ཆེན། “བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་བྱེད་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་པར་བྱེད་པ། རྨང་གཞི་བརྟན་གཏོང”བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་དང་། སིམ་འཛུལ། གཏོར་བཤིག་བཅས་ཀྱི་ལྐོག་གཡོ་མཐའ་དག་མཐའ་གཅིག་ཏུ་ཕམ་ཉེས་སུ་བཏང་ནས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས།
         ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས། ཏང་ཀྲུང་དབྱང་གི་བླང་བྱར་གཞིགས་ཏེ་ལས་གནས་བརྟན་སྲུང་དང་འགན་འཁྲི་ལག་ལེན་བསྟར་ཐོག་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས་བོད་ཀྱི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་པ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་བརྟན་གཏོང་བཅས་གྲུབ་འབྲས་དངོས་ཀྱི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་བྱེད་དགོས།