མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་གྱིས་འཕྲིན་དྲའི་བདེ་འཇགས་སྲུང་སྐྱོང་དང་འཕྲིན་དྲའི་སྟོབས་ལྡན་
རྒྱལ་ཁབ་འཛུགས་སྐྲུན་བྱ་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་25ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལིའུ་ཡུན་ཧྲན་གྱིས་འཕྲིན་དྲའི་བདེ་འཇགས་སྲུང་སྐྱོང་དང་འཕྲིན་དྲའི་སྟོབས་ལྡན་
རྒྱལ་ཁབ་འཛུགས་སྐྲུན་བྱ་དགོས་ཞེས་གསུངས་པ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༤ཉིན་སྐབས་དང་པོའི་རྒྱལ་ཁབ་ཀྱི་འཕྲིན་དྲའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་སྤེལ་འགོ་རྩོམ་པའི་མཛད་སྒོ་པེ་ཅིན་གྲོང་ཁྱེར་གྱི་ཀྲུང་ཧྭ་དུས་རབས་དྲན་སྟེགས་སུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཕྲིན་དྲའི་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ལིའུ་ཡུན་ཧྲན་གྱིས་མཛད་སྒོའི་ཐོག་གསུང་བཤད་གནང་བ་མ་ཟད། མང་ཚོགས་ཀྱིས་འཕྲིན་དྲའི་བདེ་འཇགས་ཉམས་ལེན་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་བ་རེད། ཁོང་གིས་འཕྲིན་དྲའི་ཆ་འཕྲིན་ནི་མི་ཚང་མས་ལོངས་སྤྱོད་བྱ་རྒྱུ་ཡིན་པ་དང་། འཕྲིན་དྲའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་མི་ཐམས་ཅད་ཀྱིས་འགན་འཁུར་དགོས་པས། དམངས་ཡོངས་ཀྱི་འཕྲིན་དྲའི་བདེ་འཇགས་སྲུང་སྐྱོང་གི་འདུ་ཤེས་འཛིན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་འཕྲིན་དྲའི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་དགོས་པ་དང་། འཕྲིན་དྲའི་བར་སྟོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་སྤེལ་ཤུགས་ཆེན་བཏང་ནས་འཕྲིན་དྲའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས་ཞེས་གསུངས་པ་རེད།

༄༅།།ལིའུ་ཡུན་ཧྲན་གྱིས་འཕྲིན་དྲའི་བདེ་འཇགས་སྲུང་སྐྱོང་དང་འཕྲིན་དྲའི་སྟོབས་ལྡན་
རྒྱལ་ཁབ་འཛུགས་སྐྲུན་བྱ་དགོས་ཞེས་གསུངས་པ།