མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཀེ་རི་སེ་རྒྱལ་ཁབ་ཀྱི་ཙུང་ལི་དང་ཞལ་པར་སྐྱོན་རེས་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་15ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་14ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཁ་དན་བཞག་པ་ལྟར་ཀེ་རི་སེ་རྒྱལ་ཁབ་ཀྱི་ཙུང་ལི་ཆི་ཕུའུ་ལ་སི་དང་ཞལ་པར་སྐྱོན་རེས་གནང་བ་རེད། 
         ཆི་ཕུའུ་ལ་སི་ཡིས་ཀེ་རི་སེའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་ཁྱབ་ཁོངས་ཁག་ཏུ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ལྷག་པར་དུ་པི་ལེ་ཨའེ་ཧྥུ་སི་གྲུ་ཁའི་ལས་གཞིར་སྐུལ་འདེད་གཏོང་རྒྱུའི་བསམ་གཞིགས་བྱེད་ཚུལ་ངོ་སྤྲོད་གནང་བ་རེད།
         ལི་ཁེ་ཆང་གིས་སེམས་རྩ་འཁོལ་པོའི་ངང་ཀྲུང་ཀེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་ཕྱིན་པར་གདེང་འཇོག་གནང་བ་མ་ཟད། སྐུ་ཞབས་ཙུང་ལི་ཁྱེད་ཀྱིས་ཙུང་ལིའི་འགན་བཞེས་པ་ནས་བཟུང་ཀྲུང་གོ་དང་འབྲེལ་བ་བྱེད་རྒྱུར་མཐོང་ཆེན་གནང་སྟེ་ཀྲུང་ཀེ་རྒྱལ་ཁབ་གཉིས་ཀྱིས་པི་ལེ་ཨའེ་ཧྥུ་སི་གྲུ་ཁའི“སྣེ་འདྲེན”ལས་གཞི་འདིའི་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་བློ་རྩ་བརྟན་པོ་གཏོང་སེམས་ཐེངས་མང་བསྟན་གནང་བ་དེར་ང་ཚོས་བསྟོད་ར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཀེ་རི་སེའི་ཕྱོགས་དང་མཉམ་དུ་འབད་བརྩོན་ཆེན་པོ་བྱས་ཏེ་པི་ལེ་ཨའེ་ཧྥུ་སི་གྲུ་ཁ་འདི་ཏི་ཀྲུང་ཧའེ་རྒྱ་མཚོ་ཙམ་དུ་མ་ཟད་ཡོ་རོབ་གླིང་ཀྱི་གྲུ་ཁ་ལེགས་ཤོས་དང་ས་ཁུལ་ལྟེ་གནས་གལ་ཆེན་དུ་འཛུགས་སྐྲུན་བྱས་ཏེ་གྲུ་ཁ་འདི་ཉིད་ཀྲུང་ཀེ་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་དང་མཉམ་ལས་བྱེད་པའི་མཚོན་རྟགས་ཀྱི་རང་བཞིན་ལྡན་པའི“མིང་བྱང”དུ་འགྱུར་བར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།