མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་མེན་སི་ཁེར་ཕེབས་འབྱོར་ཟིན་ནས་བྷེ་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་
གནང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་12ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་མེན་སི་ཁེར་ཕེབས་འབྱོར་ཟིན་ནས་བྷེ་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་
གནང་འགོ་ཚུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེར་ཕེབས་འབྱོར་ཟིན་ནས་བྷེ་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།
         ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་11ཐོག་ཞིས་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་མེན་སི་ཁེའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་། ཞིས་ཅིན་ཕིང་དང་སྐུ་ཟླ་ཕུང་ལི་ཡོན་གནམ་གྲུ་ནས་འབབ་འགོ་ཚུགས། དེ་ཁུལ་གྱི་སྐུ་མགྲོན་ལ་ཕེབས་བསུ་ཞུ་བའི་གུས་སྲོལ་གཟབ་ཤོས་ཀྱི་ཐོག་ནས་བྷེ་ཨུ་རུ་སུའི་གཞོན་ནུས་གནམ་གྲུའི་སྐས་འཛེགས་འགྲམ་དུ་ཞིས་ཅིན་ཕིང་སྟངས་དཔྱལ་གཉིས་ལ་གོར་སོབ་དང་། ཚྭ། མེ་ཏོག་སོས་པ་བཅས་ཕུལ། ཞིས་ཅིན་ཕིང་དང་ཕུང་ལི་ཡོན་རྣམ་གཉིས་ཀྱིས་གོར་སོབ་ཏོག་ཙམ་ཚྭ་དང་བསྲེས་ནས་མཆོད། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ་ཡིས་བྷེ་ཨུ་རུ་སུའུ་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་མཉམ་དུ་སྐས་འཛེགས་མདུན་དུ་ཞིས་ཅིན་ཕིང་དང་ཕུང་ལི་ཡོན་རྣམ་གཉིས་ལ་སྤྲོ་སེམས་འཁོལ་བའི་ངང་ཕྱག་བཏང་གནང་། དེ་རྗེས་གུས་དམག་གིས་ས་གདན་དམར་པོའི་གཡས་གཡོན་དུ་རུ་སྟར་བསྒྲིགས་ནས་མིག་མི་གཡོ་བར་གུས་ལུགས་མཚོན་པར་བྱས། བྷེ་ཨུ་རུ་སུའི་གཞོན་ནུས་ལག་ཏུ་ཀྲུང་བྷེ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་འཁྱེར་ནས་སྤྲོ་སེམས་འཁོལ་བའི་ངང་ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས། ཞིས་ཅིན་ཕིང་སྟངས་དཔྱལ་རྣམ་གཉིས་ཁོང་ཚོའི་མདུན་དུ་ཕེབས་ནས་བྱམས་བརྩེའི་ངང་ཁོང་ཚོ་དང་ཕྱག་བཏང་གནང་བ་རེད།

༄༅།།ཞིས་ཅིན་ཕིང་མེན་སི་ཁེར་ཕེབས་འབྱོར་ཟིན་ནས་བྷེ་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་
གནང་འགོ་ཚུགས་པ།
༄༅།།ཞིས་ཅིན་ཕིང་མེན་སི་ཁེར་ཕེབས་འབྱོར་ཟིན་ནས་བྷེ་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་
གནང་འགོ་ཚུགས་པ།