མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་གིས“ཕྱིར་སྡོད་རང་མི་
ཁྲི་ཡི་གསར་གཏོད་བྱ་སྤྱོད”སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་19ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་གིས“ཕྱིར་སྡོད་རང་མི་ཁྲི་ཡི་གསར་གཏོད་བྱ་སྤྱོད”དང་ཅང་སུའུ་(ནན་ཅིང་)ཡི“ཕྱིར་སྡོད་རང་མིའི་ཕུགས་བསམ་ཁུལ”གྱི་སྒོ་བྱང་འགེལ་བའི་བྱེད་སྒོ་དེ་ནན་ཅིང་དུ་སྤེལ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཆིའུ་ཡོན་ཕིང་དང་། ཅང་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་མི་སྣ། འཛམ་གླིང་གི་ས་ཁུལ་ཁག་ནས་ཡོང་བའི་ཕྱིར་སྡོད་རང་མིའི་ཚོང་པ་དང་དེ་བཞིན་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་སོགས་ལས་རིགས་ཁག་གི་མི་སྣ་བྱེད་སྒོའི་ནང་ཞུགས་ཡོད།
         ཆིའུ་ཡོན་ཕིང་གིས་ཤིས་ཚིག་ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་དོན་ཁང་གིས་རྒྱལ་ཡོངས་ཀྱི་ཕྱིར་སྡོད་རང་མིའི་གཞུང་དོན་ཁང་གི་ཁོངས་གཏོགས་སུ“ཕྱིར་སྡོད་རང་མི་ཁྲི་ཡི་གསར་གཏོད་བྱ་སྤྱོད”སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་སྔར་བས་ཆེ་རུ་བཏང་ནས་ཕྱིར་སྡོད་རང་མིའི་མ་རྩ་དང་ཕྱིར་སྡོད་རང་མིའི་བློ་གྲོས་དེ་རྒྱལ་ཁབ་ཀྱི་གསར་གཏོད་སྐུལ་འདེད་སོགས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ་ངོ་སྤྲོད་བྱས་ཡོད།
         “ཕྱིར་སྡོད་རང་མིའི་ཕུགས་བསམ་ཁུལ”ནི་ཉེ་བའི་ལོ་ཤས་རིང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་དོན་ཁང་གིས་ནུས་ཤུགས་ཡོད་རྒུས་གཏོད་པའི“རིམ་སྤོར་པར་གཞིའི”ཕྱིར་སྡོད་རང་མིའི་ཚོང་པའི་ཐོན་ལས་གཅིག་སྡུད་ཁུལ་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་གསར་གཏོད་ལས་གཏོད་གཅིག་སྡུད་ཁུལ་གྱི་སྤུས་རྟགས་ཤིག་ཡིན་ལ་ཕྱིར་སྡོད་རང་མིའི་ལེགས་ཆ་འདོན་སྤེལ་བྱས་ནས་རྒྱལ་ཁབ་ཀྱི་གསར་གཏོད་དང་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི“ཕྱིར་སྡོད་རང་མིའི་གསར་གཏོད་བྱ་སྤྱོད”ཀྱི་ཐབས་ཇུས་གལ་ཆེན་ལག་བསྟར་བྱེད་པའི་སྟེགས་བུ་དང་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། གཞན་ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་དོན་ཁང་དང་ཅང་སུའུ་ཞིང་ཆེན་སྲིད་གཞུང་གིས་ནན་ཅིང་ཆི་ལིང་ཚན་རྩལ་གསར་གཏོད་ཁུལ་དེ་ལྟེ་བར་བྱས་ཏེ་ཅང་སུའུ་(ནན་ཅིང་)གྱི“ཕྱིར་སྡོད་ཀྲུང་གོ་བའི་ཕུགས་བསམ་ཁུལ”གཏོད་འགོ་ཚུགས་ཡོད། མིག་སྔར་ཁྱོན་རྣམ་གྲངས་ཁག་16ལ་མིང་རྟགས་བཀོད་པ་དེ་ཁྱོན་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་380ལྷག་ཙམ་དང་འབྲེལ་བ་ཡོད། གཞི་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་212ཟིན་པའི་ཅང་སུའུ་(ནན་ཅིང་)གི“ཕྱིར་སྡོད་རང་མིའི་ཕུགས་བསམ་ཁུལ”གྱི་ཆེད་དོན་རོགས་སྐྱོར་མ་དངུལ་དང་ཕྱིར་སྡོད་ཀྲུང་གོ་བའི་ཚོང་པའི་ཐོན་ལས་མ་འཇོག་ཐེབས་རྩ་དེ་དང་ཆབས་ཅིག་བཙུགས་ཡོད་པ་རེད།
         མིག་སྔར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་གིས་ཐན་ཅིང་དང་། ཕུའུ་ཅན། ཀོང་ཏུང་། ཅང་སུའུ་སོགས་ས་ཆར“ཕྱིར་སྡོད་རང་མིའི་ཕུགས་བསམ་ཁུལ”7བཙུགས་ཡོད་པ་རེད།

  
2016-01-09