མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་
བགྲོ་གླེང་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་20ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་
བགྲོ་གླེང་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ།

         མི་དམངས་དྲ་བའི་འཕྲིན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས་18ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭར་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་འཛིན་གྲྭ་འགོ་ཚུགས་ཀྱི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་སྐབས་མཉམ་ཤུགས་འདོན་པར་དང་ཐོག་ངེས་པར་དུ་གོ་བ་ཡག་པོ་ལེན་པ་དང་གོ་བ་དཔྱིས་ཕྱིན་པ་ལེན་རྒྱུར་ཤུགས་སྣོན་རྒྱག་དགོས། དེ་ནི་ཏང་ཀྲུང་དབྱང་གིས་ཚང་མ་གཅིག་སྡུད་བྱས་ནས་སྔར་བས་སློབ་སྦྱོང་དང་བགྲོ་གླེང་བྱེད་པའི་གཙོ་བོའི་བསམ་གཞིག་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལྷག་པར་དུ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འབད་འཐབ་དམིགས་ཚད་དུས་ཐོག་ཏུ་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         འགོ་ཚུགས་མཛད་སྒོ་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲང་ཏེ་ཅང་དང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཕེབས་ཡོད་པ་རེད།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་རྒྱུན་རྣམ་གསར་པར་སླེབས་ཡོད། དེ་ནི་རང་རྒྱལ་གྱི་དཔལ་འབྱོར་གྱི་རྣམ་པ་དེ་བས་རིམ་པ་མཐོ་བ་དང་། ལས་བགོས་དེ་བས་ལེགས་པ། གྲུབ་ཆ་དེ་བས་ལུགས་མཐུན་བཅས་ཀྱི་དུས་རིམ་ལ་རིམ་འགྱུར་བྱེད་པའི་བརྒྱུད་དགོས་ངེས་ཀྱི་བརྒྱུད་རིམ་ཞིག་རེད། ཁྱབ་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་དེ་འདྲ་ཡོང་བ་བྱ་རྒྱུ་ནི་ང་ཚོའི་ངོས་ནས་བརྗོད་ན་འགྲན་སློང་ཆེན་པོ་གསར་པ་ཞིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་དང་སྐུལ་མ་གཏོང་བར་རྒྱུན་རྣམ་གསར་པ་དང་འཚམས་པ་བྱེད་པ་དང་། རྒྱུན་རྣམ་གསར་པ་ཁོང་དུ་ཆུད་པ་བྱེད་པ། རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་པ་བཅས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་པོ་ནས་བལྟས་ན་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་དེ་རྣམ་པ་གསར་པ་དང་། བཀོད་པ་གསར་པ། དུས་རིམ་གསར་པ་བཅས་རྒྱུན་ཆད་མེད་པར་ཆགས་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་ནི་བརྒྱུད་རིམ་རིང་པོ་དེའི་ནང་གི་དུས་རིམ་ཞིག་ཡིན་པས་དེ་ནི་བྱ་དངོས་དུང་དཀར་འཁྱིལ་བ་ལྟར་གོང་དུ་འཕེལ་བའི་འགུལ་སྐྱོད་ཆོས་ཉིད་དང་རྦད་དེ་འཚམས་ཡོད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དཔལ་འབྱོར་བསྡོམས་འབོར་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་ཆབས་ཅིག་འཕེལ་རྒྱས་འགྲོ་རིང་ང་ཚོར་གནས་ཚུལ་གསར་པ་དང་གནད་དོན་གསར་པ་རབ་དང་རིམ་པ་འཕྲད་ཡོད། དཔལ་འབྱོར་འཕེལ་རྒྱས་ལ་མྱུར་ཚད་རིམ་སྤོར་གྱི་དུས་མཚམས་དང་། གྲུབ་ཆ་ལེགས་སྒྲིག་གི་དུས་མཚམས། སྒུལ་ཤུགས་སྒྱུར་བརྗེའི་དུས་མཚམས་བཅས་འཕྲད་ཡོད། རྒྱུན་རྣམ་གསར་པ་ནི་ཕྱི་རོལ་ཡུལ་གྱི་གནས་ཚུལ་དང་རང་རྒྱལ་གྱི་དཔལ་འབྱོར་ད་བར་འཕེལ་རྒྱས་འགྲོ་བར་འཕྲད་ངེས་ཀྱི་རྣམ་པ་ཞིག་དང་ནང་གནས་ཀྱི་ལྡོག་མེད་རང་བཞིན་ཞིག་ཡིན་སྟབས་ང་ཚོས་དུས་བསྟུན་དོན་གཉེར་བྱེད་པ་དང་། བབ་བསྟུན་བྱ་སྤྱོད་སྤེལ་བ། བབ་བསྟུན་མདུན་དུ་སྐྱོད་པ་བཅས་བྱེད་དགོས། “ལོ་ལྔ་ཚན་བཅུ་གསུམ་པ”དང་དེ་བཞིན་ཕྱིན་ཆད་སྐབས་ཤིག་རིང་རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་ནང་སྔར་བཞིན་གནས་རྒྱུ་ཡིན་པ་དང་དཔལ་འབྱོར་འཕེལ་རྒྱས་དེ་ཡུན་རིང་ལེགས་པར་ཕྱོགས་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་བ་བྱུང་མེད། ང་ཚོས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་དང་འཕེལ་རྒྱས་ནི་གནས་ལུགས་ཁུངས་བཙན་ཞིག་ཡིན་པའི་འཐབ་ཇུས་བསམ་བློ་མཐའ་འཁྱོངས་བྱས་ནས་འགྱུར་ཐོག་གསར་བརྩོན་དང་། གསར་ཐོག་ཡར་བརྩོན། ཡར་ཐོག་ཚད་བརྒལ་བཅས་ཡོང་བ་བྱས་ནས་རང་རྒྱལ་གྱི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་མ་གཏོང་དགོས།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། གསར་གཏོད་ལ་བརྟེན་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་གསར་གཏོད་ལ་དམ་འཛིན་བྱས་ཚེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི“སྣ་ཐིག”འཛིན་ཐུབ། གསར་གཏོད་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པ་དང་གསར་གཏོད་དོན་གཉེར་བྱེད་པ་ནི་མ་འོངས་དོན་གཉེར་བྱེད་པ་ཞིག་རེད། ང་ཚོས་ངེས་པར་དུ་འཕེལ་རྒྱས་ཀྱི་གཞི་རྩ་དེ་གསར་གཏོད་ཐོག་འཇོག་པ་དང་གསར་གཏོད་བྱེད་པ་བརྒྱུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཆགས་པ་བྱེད་པ་དང་ལེགས་ཆ་སྔར་བས་འདོན་སྤེལ་བྱེད་ཐུབ་པའི་སྣེ་འདྲེན་རྣམ་པའི་འཕེལ་རྒྱས་ཆགས་ཐུབ་པ་བྱས་ནས་གཞན་ལ་ཡོད་ན་བདག་ལའང་ཡོད་པ་དང་གཞན་ལ་ཡོད་ན་བདག་དེ་བས་ཆེ་བ། གཞན་གྱི་ཆེ་ན་བདག་དེ་བས་ལེགས་པ་བཅས་ཡོང་ཐུབ་པ་བྱེད་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་ཁྱོན་ཡོངས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་ཧུར་ཐག་གཏོང་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་འཆར་གཞི་ལེགས་པར་འདིང་བ་དང་་མཐུན་སྦྱོར་འཕེལ་རྒྱས་ནི་རྒྱལ་ཁ་ཐོབ་པའི་ཐབས་མཆོག་ཅིག་རེད། མཐུན་སྦྱོར་ནི་འཕེལ་རྒྱས་ཀྱི་བྱ་ཐབས་ཡིན་ལ་འཕེལ་རྒྱས་ཀྱི་དམིགས་ཚད་ཀྱང་ཡིན་པ་དང་ཆབས་ཅིག་ད་དུང་འཕེལ་རྒྱས་ལ་དཔྱད་འཇོག་བྱེད་པའི་ཚད་གཞི་དང་། འཕེལ་རྒྱས་ཀྱི་སྨྲ་བ་གཉིས་དང་གཙོ་གནད་སྨྲ་བའི་གཅིག་གྱུར། འཕེལ་རྒྱས་ཀྱི་དོ་མཉམ་དང་དོ་མཉམ་མིན་པའི་གཅིག་གྱུར། འཕེལ་རྒྱས་ཀྱི་མི་འདང་ས་དང་མི་མངོན་པའི་ནུས་པའི་གཅིག་གྱུར་བཅས་ཀྱང་རེད།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། མི་དང་རང་བྱུང་ཞི་མཐུན་ཁམས་མཉམ་གནས་ལ་སྐུལ་མ་ཤུགས་ཆེན་གཏོང་དགོས། སྣོད་བཅུད་ཁོར་ཡུག་ལ་ཚབ་བྱེད་ཐོན་རྫས་མེད་པས་སྤྱད་ན་ཚོར་སྣང་མེད་པ་དང་ཤོར་ན་གནས་དཀའ། ཁྱོན་ཡོངས་ཀྱི་ལྟ་ཚུལ་དང་། ཕུགས་ཀྱི་ལྟ་ཚུལ། ཧྲིལ་པོའི་ལྟ་ཚུལ་བཅས་བཙུགས་ནས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྩ་བའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ནས་མིག་འབྲས་ལ་སྲུང་སྐྱོང་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་ལྟ་སྟངས་འཛིན་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་ལྟ་སྟངས་འཛིན་ནས་ལྗང་མདོག་གི་དཔལ་འབྱོར་འཕེལ་རྒྱས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་མ་བཏང་ནས་མི་དམངས་ཕྱུག་པོ་དང་། རྒྱལ་ཁབ་སྟོབས་འབྱོར་ལྡན་པ། ཀྲུང་གོ་ལྟ་ན་སྡུག་པ་བཅས་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱི་ཕྱོགས་ལ་སྒོ་དབྱེ་བའི་སྒྲིག་སྲོལ་གསར་པ་ནུས་ཤུགས་ཡོད་རྒུས་ཆགས་པ་བྱེད་དགོས། འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་ངེས་པར་དུ་དཔལ་འབྱོར་གོ་ལ་ཧྲིལ་པོའི་རླབས་རྒྱུན་དང་རང་འགུལ་ངང་འཚམ་པ་བྱེད་པ་དང་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱུ་མཐའ་འཁྱོངས་བྱས་ནས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་གསར་གཏོད་བྱེད་པའི་སྔོན་ཐོན་གྱི་ཚན་རྩལ་གྲུབ་འབྲས་དང་ཕན་ཐོགས་ཡོད་པའི་དོ་དམ་ཉམས་མྱོང་གང་ལེགས་སྤྱོད་དགོས་པ་ང་ཚོར་ལག་ལེན་ནས་ཤེས་ཡོད། ལག་ལེན་ལ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱི་ཁྱོན་ཡོངས་གཉིས་ཁོང་དུ་ཆུད་པ་བྱེད་པའི་རང་རྟོགས་རང་བཞིན་དང་ནུས་པ་ཆེ་རུ་གཏོང་བ་དང་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་ལེན་ཤུགས་ཆེན་བསྟར་དགོས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྷུ་ཚིགས་ཚང་མའི་ནང་མཚོན་པ་བྱེད་པ་ལས་སྤྱི་མཚན་གྱི་ཆ་རུ་གཏོགས་པ་དང་རྟོགས་དཀའ་བའི་གོ་དོན་མ་ཡིན་པ་དང་ངག་ཐོག་ཏུ་ལུས་པ་དང་བསམ་བློ་ཁོ་ན་གཏོང་བའི་ལྷུ་ཚིགས་སུ་འཇོག་མི་རུང་། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་མུས་ཡིན་པ་དང་འབྲེལ་ཡུན་རིང་གནས་རྒྱུ་ཡིན་པས་ང་ཚོས་ད་ཡོད་ཀྱི་ཆ་རྐྱེན་ལ་གཞིགས་ནས་སྒྲུབ་ཐུབ་པའི་བྱ་བ་ཚང་མ་གང་ཐུབ་སྒྲུབ་པ་དང་ཆུ་ཐིགས་བསགས་ནས་རྒྱ་མཚོ་ཆགས་པ་ལྟར་བྱས་ཏེ་མི་དམངས་ཡོངས་ཐུན་མོང་དུ་ཕྱུག་པོ་ཆགས་པ་བྱེད་པའི་དམིགས་ཚད་ལ་ཕྱོགས་ནས་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་གཙོ་གནད་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་སྒྱུར་བཅོས་ཀྱི་བྱ་ཐབས་ཐོག་ནས་གྲུབ་ཆའི་ལེགས་སྒྲིག་ལ་སྐུལ་མ་བཏང་སྟེ་ཕན་མེད་དང་རིམ་དམའི་མཁོ་སྤྲོད་ཉུང་དུ་གཏོང་བ་དང་ཕན་ཡོད་དང་མཐོ་འབྲིང་གི་མཁོ་སྤྲོད་མང་དུ་བཏང་སྟེ་དགོས་མཁོའི་འགྱུར་ལྡོག་ནང་གི་མཁོ་སྤྲོད་ཀྱི་གྲུབ་ཆའི་འཚམ་མཐུན་རང་བཞིན་དང་བབ་བསྟུན་རང་བཞིན་ཆེ་རུ་དང་རྒྱུ་ཆ་གལ་ཆེ་ཚང་མ་ཐོན་སྐྱེད་བྱེད་ཚད་མཐོ་རུ་གཏོང་དགོས། སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དང་ལྷག་པར་དུ་ཚན་རྩལ་གསར་གཏོད་ལ་སྐུལ་མ་གཏོང་བ་དང་། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་འཚོ་བ་འགན་ལེན་དང་ལེགས་སུ་གཏོང་བ་བཅས་ཀྱི་སྲིད་ཇུས་དང་བྱ་ཐབས་སྤྱད་ནས་རང་རྒྱལ་གྱི་དཔལ་འབྱོར་མཁོ་སྤྲོད་ཕྱོགས་སུ་གནས་པའི་གནད་དོན་ཐག་གཅོད་བྱེད་དགོས།
         ཞིས་ཅིན་ཕིང་གིས་ད་དུང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གནད་སྨིན་ཡོང་བ་དང་ཡོངས་ཁྱབ་ཀྱི་ལག་ལེན་དུ་འགྱུར་བ་བྱེད་པར་འགག་རྩ་ནི་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་ངོས་འཛིན་དང་བྱ་སྤྱོད་ལ་ཐུག་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

  
2016-01-09