མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་རྣམ་གཉིས་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་
ཡན་པུའུ་བཙོ་སྦྱངས་བཟོ་གྲྭའི་ཐོན་སྐྱེད་འགོ་ཚུགས་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་23ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་དང་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་རྣམ་གཉིས་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་
ཡན་པུའུ་བཙོ་སྦྱངས་བཟོ་གྲྭའི་ཐོན་སྐྱེད་འགོ་ཚུགས་མཛད་སྒོར་ཞུགས་པ།

         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་རྣམ་གཉིས་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཡན་པུའུ་བཙོ་སྦྱངས་བཟོ་གྲྭའི་ཐོན་སྐྱེད་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
         ཞིས་ཅིན་ཕིང་ཨབ་ཏུའུ་ལ་རྒྱལ་པོའི་རྡོ་སྣུམ་ཞིབ་འཇུག་ཁང་དུ་ཕེབས་སྐབས་རྒྱལ་པོ་ས་ལེ་མན་གྱིས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།
         རྒྱལ་ཁབ་གཉིས་ཀྱི་གཙོ་བདག་མཉམ་དུ་ཚོམས་ཆེན་དུ་ཕེབས་ནས་སྐུ་མགྲོན་བཞུགས་སའི་ཐོག་བཞུགས་ཤིང་། བརྙན་ཤེལ་ཆེ་མོའི་ནང་ནས་ཡན་པུའུ་བཙོ་སྦྱངས་བཟོ་གྲྭའི་རྣམ་གྲངས་ངོ་སྤྲོད་ཀྱི་སྐོར་དང་དེ་བཞིན་རྣམ་གྲངས་ཀྱི་གནས་ཚུལ་བསྟན་པ་དང་སོ་ཏི་ཨ་རབ་ཕྱོགས་ཀྱི་ལས་དོན་མི་སྣས་རྒྱ་སྐད་ཀྱི་ཐོག་ནས་ཞིས་ཅིན་ཕིང་ལ་འཚམས་འདྲི་ཞུས་པ་དང་ཀྲུང་གོ་ཕྱོགས་ཀྱི་ལས་དོན་མི་སྣས་ཨ་རབ་ཀྱི་སྐད་ཀྱི་ཐོག་ནས་རྒྱལ་པོ་ས་ལེ་མན་ལ་འཚམས་འདྲི་ཞུས་པ་རེད། ཞིས་ཅིན་ཕིང་དང་རྒྱལ་པོ་ས་ལེ་མན་གྱིས་མཉམ་དུ་མཐེབ་བཀྱག་མནན་པས་ཡན་པུའུ་བཙོ་སྦྱངས་བཟོ་གྲྭའི་རྣམ་གྲངས་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཡན་པུའུ་བཙོ་སྦྱངས་བཟོ་གྲྭའི་རྣམ་གྲངས་དེ་སོ་ཏི་ཨ་རབ་ཀྱི་དཔལ་འབྱོར་བཟང་སྒྲིག་རིམ་སྤོར་དང་ནུས་རྒྱུ་ཐོན་ལས་རིམ་སྤོར་གྱི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་མཐུན་པ་མ་ཟད། ཀྲུང་གོ་དང་དར་གོས་ལམ་བུའི་ལམ་རྒྱུད་རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་གཉིས་ཕན་མཉམ་ལས་སྤེལ་རྒྱུའི་འཕེལ་རྒྱས་བསམ་ཕྱོགས་དང་ཡང་མཐུན་ཡོད་ཅེས་གསུངས་པ་རེད།