མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ཀྲུང་ཨེའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་
ནས་ལོ་60འཁོར་བའི་རྟེན་འབྲེལ་གྱི་བྱེད་སྒོ་དང་2016ལོའི་ཀྲུང་ཨེའི་རིག་
གནས་ལོའི་འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་24ཉིན། 16:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་གནའ་བོའི་ལུའུ་ཁེ་སུའོ་ལྷ་ཁང་གི་ཐང་ཆེན་དུ་ཀྲུང་ཨེའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་60འཁོར་བའི་རྟེན་འབྲེལ་གྱི་བྱེད་སྒོ་དང་2016ལོའི་ཀྲུང་ཨེའི་རིག་གནས་ལོའི་འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་པ་རེད།
         ཞིས་ཅིན་ཕིང་ལུའུ་ཁེ་སུའོ་ལྷ་ཁང་གི་ཐང་ཆེན་དུ་འབྱོར་སྐབས། སའེ་ཤིས་རླངས་འཁོར་འཇོག་སར་ཕེབས་བསུ་ཞུས་ནས་བསྡད་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ལམ་གཙོ་བོ་རྒྱུད་ནས་ལུའུ་ཁེ་སུའོ་ལྷ་ཁང་དུ་གཟིགས་སྐོར་གནང་བ་དང་ཨེ་ཅིབ་རིག་དངོས་པུའི་པུའུ་ཀྲང་ཏ་མ་ཐིས་འགྲེལ་བཤད་བསྐྱོན། ཞིས་ཅིན་ཕིང་དང་སའེ་ཤིས་ཕེབས་གིན་དུ་འགྲེལ་བཤད་གསན་པ་དང་ད་དུང་རྒྱལ་ཁབ་གཉིས་ཀྱི་གནའ་བོའི་ཤེས་རིག་གི་ཁྱད་ཆོས་ལྷུག་པོར་གླེང་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཨེའི་ཤེས་རིག་སྤེལ་རེས་དང་ཕན་ཚུན་མིག་དཔེར་འཛིན་ཚུལ་ཐད་ཐུན་མོང་ཐོག་དྲན་གསོ་གནང་བ་རེད།
         ཞིས་ཅིན་ཕིང་གིས་ལུའུ་ཁེ་སུའོ་ནི་གནའ་བོའི་ཨེ་ཅིབ་ཤེས་རིག་གི་མངོན་ཚུལ་གཙོ་བོ་དེ་ཡིན། དེའི་ཨར་སྐྲུན་གྱི་བཀོད་པ་ནས་གནའ་བོའི་ཨེ་ཅིབ་མི་དམངས་ཀྱི་ཧ་ལས་དགོས་པའི་བློ་གྲོས་དང་ཚན་རྩལ་གྱི་ཆུ་ཚད་མངོན་ཐུབ། ཀྲུང་ཨེ་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པས་ང་ཚོས་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། དམངས་ཁྲོད་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོ་མཉམ་ལས་བྱེད་པའི་དམངས་འདུན་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཕྱོགས་གཉིས་པོ་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         སའེ་ཤིས་ཀྲུའུ་ཞི་ཞིས་ཅིན་ཕིང་སྐུ་ངོ་མ་ལུའུ་ཁེ་སུའོ་རུ་འབྲེལ་ཡོད་བྱེད་སྒོར་ཞུགས་པ་དེ་ནི་ཨེ་ཅིབ་ལ་རྒྱབ་སྐྱོར་ཆེན་པོ་གནང་བ་ཞིག་ཡིན། ཨེ་ཅིབ་ཕྱོགས་ཀྱིས་རླབས་ཆེན་གྱི་ཀྲུང་ཧྭ་ཤེས་རིག་ལ་གུས་བཀུར་ཆེན་པོ་ཞུ་ཡི་ཡོད་ལ། ཀྲུང་གོ་མི་དམངས་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡང་ཡིད་སྨོན་ཆེན་པོ་སྐྱེས་ཀྱི་འདུག རྒྱལ་ཁབ་གཉིས་ཀྱི་ཤེས་རིག་སྤེལ་རེས་མུ་མཐུད་ཟབ་ཏུ་བཏང་ནས་ཀྲུང་གོའི་ལྷག་བསམ་རྣམ་དག་གི་འཕེལ་རྒྱས་རོགས་ཟླ་ནམ་ཡང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         དགོང་མོའི་ཆུ་ཚོད་8དང་སྐར་མ་30ཙམ་ལ་ཞིས་ཅིན་ཕིང་དང་སའེ་ཤིས་འགོ་ཚུགས་མཛད་སྒོ་འཚོགས་ཡུལ་དུ་ལྷན་དུ་ཕེབས་སྐབས་་མཛད་སྒོར་ཞུགས་མཁན་ཚང་མས་ཡར་ལངས་ནས་ཐལ་མོ་རྡེབ། ཨེ་ཅིབ་རིག་གནས་པུའི་པུའུ་ཀྲང་ཞི་ལེ་མི་དང་ཀྲུང་གོའི་རིག་གནས་པུའི་པུའུ་ཀྲང་ལུའོ་ཧྲུའུ་ཀང་གིས་སྔ་རྗེས་སུ་ཤིས་ཚིག་གསུངས་ནས་2016ལོའི་ཀྲུང་ཨེའི་རིག་གནས་ལོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
         ཞིས་ཅིང་ཕིང་དང་སའེ་ཤིས་ཀྲུང་ཨེའི་ལས་རིགས་ཁག་གི་མི་སྣ་200ལྷག་ཙམ་དང་ལྷན་དུ་ཀྲུང་ཨེའི་འཁྲབ་སྟོན་མི་སྣས་ཐུན་མོང་ཐོག་འཁྲབ་པའི་《རླབས་ཆེའི་ཤིག་རིག་གཉིས་སྐད་ཆ་བྱེད་》ཅེས་པའི་བརྗོད་དོན་གཙོ་བོའི་འཁྲབ་སྟོན་ལ་གཟིགས་པ་རེད།
         འཁྲབ་སྟོན་མཇུག་འགྲིལ་རྗེས། ཞིས་ཅིང་ཕིང་དང་སའེ་ཤིས་རྒྱལ་ཁབ་གཉིས་པོའི་སྒྱུ་རྩལ་མཁས་ཅན་དང་བྱམས་བརྩེའི་ངང་ཐུག་འཕྲད་གནང་སྟེ་ཁོང་ཚོར་འཁྲབ་སྟོན་ཐུགས་གྲ་ལེགས་འགྲིག་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།
         དེ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5དང་སྐར་མ་30ཙམ་ལ། ཞིས་ཅིན་ཕིང་གིས་ཁེ་རོར་འཚམས་འདྲི་མཇུག་འགྲིལ་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ནས་ལུའུ་ཁེ་སུའོ་རུ་ཕེབས་ནས་ཨེ་ཅིབ་ལ་མུ་མཐུད་རྒྱལ་དོན་འཚམས་འདྲི་གནང་། ཆེད་གཏོང་གནམ་གྲུ་ལུའུ་ཁེ་སུའོ་གནམ་ཐང་དུ་འབྱོར་སྐབས། ཨེ་ཅིབ་རིག་གནས་པུའི་པུའུ་ཀྲང་ཞི་ལེ་མི་དང་། དམངས་སྤྱོད་མཁའ་འགྲུལ་པུའི་པུའུ་ཀྲང་ཁ་མའེ་ལེ། ལུའུ་ཁེ་སུའོ་ཞིང་ཆེན་གྱི་ཧྲེང་ཀྲང་པ་ཏེའར་སོགས་ཕེབས་བསུར་བཅར་ཡོད་པ་རེད།
         ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ལུའུ་ཁེ་སུའོ་རུ་གནའ་བོའི་ཨེ་ཅིབ་ཤེས་རིག་གི་གནའ་ཤུལ་ལ་གཟིགས་སྐྱོར་གནང་ཞིང་། ཨེ་ཅིབ་རིག་དངོས་པུའི་པུའུ་ཀྲང་ཏ་མ་ཐིས་གཟིགས་སྐོར་ལ་ཕེབས་རོགས་ཞུས་པ་དང་འབྲེལ་འགྲེལ་བཤད་བསྐྱོན་གནང་བ་རེད། ཞིས་ཅིན་ཕིང་གིས་གནའ་ཤུལ་དེ་དག་ནི་གནའ་བོའི་ཨེ་ཅིབ་ཤེས་རིག་གི་མངོན་ཚུལ་གཙོ་བོ་ཡིན་པས་ང་ཚོས་གནའ་བོའི་ཨེ་ཅིབ་ཀྱི་ལོ་རྒྱུས་དང་། རིག་གནས། སྤྱི་ཚོགས། ཚན་རྩལ་སོགས་ཞིབ་འཇུག་བྱ་རྒྱུར་ཚད་ལྡན་ཡིག་ཆ་མང་པོ་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་ཨེ་ཅིབ་ཚང་མ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ཤེས་རིག་གི་གནའ་བོའི་རྒྱལ་ཁབ་ཡིན། ཤེས་རིག་ཆེན་པོ་གཉིས་ཕན་ཚུན་སྤེལ་རེས་དང་ཕན་ཚུན་མིག་དཔེ་འཛིན་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།