མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་གོ་དོན་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཆུད་དགོས།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་24ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

          མི་དམངས་དྲ་བའི་འཕྲིན། “ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བར་ལྟེ་བ་ནི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། རྨང་གཞི་ནི་ཕྱོགས་ཡོངས་ལ་ཁྱབ་པ་བྱ་རྒྱུ། འགག་རྩ་ནི་ནན་པོ་བྱ་རྒྱུ། གནད་འགག་ནི་སྐྱོང་རྒྱུ་བཅས་ལ་ཐུག་ཡོད”ཅེས་བློ་མཐུན་ཞིས་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གོ་དོན་གསར་པར་འགྲེལ་བཤད་གཏིང་ཟབ་བསྐྱོན་པ་མ་ཟད། ཏང་དོ་དམ་དང་ཏང་ནན་པོ་སྐྱོང་རྒྱུའི་ཐད་བླང་བྱ་གསར་པའང་བཏོན་པས། དེ་ནི་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་སྟེ་ཏང་དོ་དམ་ཡག་པོ་བྱེད་རྒྱུ་དང་ཏང་ཡག་པོས་སྐྱོང་རྒྱུར་ཁ་ཕྱོགས་གསལ་པོ་བསྟན་ཡོད།  ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་གོ་དོན་གསར་པ་ནི་ལག་ལེན་གྱི་འཕེལ་རྒྱས་དང་ངོས་འཛིན་གཏིང་ཟབ་ཏུ་ཕྱིན་པ་ལས་བྱུང་བ་ཞིག་ཡིན། “ཕྱོགས་ཡོངས་ནས”ཞེས་པ་ནི་ཏང་ཡོངས་དོ་དམ་དང་ནན་པོ་སྐྱོང་རྒྱུ་དང་། ཏང་ཡོན་ཁྲི་8700ལྷག་ཙམ་དང་ཏང་རྩ་འཛུགས་ཁྲི་430ལྷག་ཙམ་ལ་ཁ་ཕྱོགས་རྒྱུ། ཏང་འཛུགས་སྐྱོང་གི་ཁྱབ་ཁོངས་ཚང་མ་དང་། ཕྱོགས་ཚང་མ། སྡེ་ཚན་ཚང་མ་བཅས་ལ་ཁྱབ་པར་བྱེད་རྒྱུ་བཅས་ཡིན་ཏེ། དེའི་གཙོ་གནད་ནི“འགག་རྩར་གྱུར་པའི་མི་ཉུང་ཤས”དམ་འཛིན་བྱེད་རྒྱུར་ཐུག་ཡོད། “ནན་པོ”ཞེས་པ་ནི་དངོས་འབྲེལ་དོ་དམ་དང་དངོས་འབྲེལ་ནན་པོ་བྱེད་པ་དང་། དོ་དམ་བྱེད་ཕོད་པ་དང་ནན་པོ་བྱེད་ཕོད་པ། ཡུན་རིང་དོ་དམ་དང་ཡུན་རིང་ནན་པོ་བྱེད་པ་བཅས་ལ་ཟེར། “སྐྱོང་བ”ཞེས་པ་ནི་ཏང་ཀྲུང་དབྱང་ནས་ཞིང་ཆེན་དང་གྲོང་ཁྱེར་དང་རྫོང་གི་ཏང་ཨུད་བར་དང་། ཀྲུང་དབྱང་པུའུ་ཨུད་ཀྱི་ཏང་ཙུའུ་(ཏང་ཨུད་)ནས་གཞི་རིམ་ཏང་ཀྲི་པུའུ་བར་ཚང་མས་བྱེད་པོའི་འགན་འཁྲི་འཁུར་བ་དང་ཏང་ཨུད་ཀྱི་ཧྲུའུ་ཅིས་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་ཡག་པོ་བྱེད་རྒྱུ་དེ་རང་འཁྲིའི་ལས་ཀ་དང་ངེས་པར་དུ་འཁུར་དགོས་པའི་འགན་འཁྲི་ཞིག་ཏུ་བརྩི་བ་དང་། རིམ་ཁག་སྒྲིག་ཨུད་ཀྱིས་ལྟ་སྐུལ་འགན་འཁྲི་འཁུར་ཐོག་གདོང་ནག་པོ་སྟོན་ཕོད་པ་དང་སྒྲིག་བསྟར་མདའ་བདེད་ཕོད་པ་ལ་ཟེར། འདི་ལྟར་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་དམ་འཛིན་བྱས་ནས་ཏང་དོ་དམ་དང་ཏང་ནན་པོ་སྐྱོང་རྒྱུ་དེ་གུ་ཡངས་དང་། ལྷོད་པོ། ཡངས་པོ་བཅས་ནས་ནན་པོ་དང་། དམ་པོ། ལྕི་པོ་བཅས་སུ་འགྱུར་བར་བྱེད་དགོས།
         ཏང་དོ་དམ་དང་ཏང་ནན་པོ་སྐྱོང་བའི་བླང་བྱ་གསར་པ་ནི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་བྱེད་པོའི་འགན་འཁྲི་འཁུར་རྒྱུ་དེ་ཡིན། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་ནས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་བྱེད་པོའི་འགན་འཁྲིའི་བར་འཕེལ་རྒྱས་གཏོང་དགོས་ཏེ། ཡིག་ཐོག་གི་འགྱུར་ལྡོག་ཙམ་མ་ཡིན་པར་ལག་ལེན་གྱི་འཕེལ་རྒྱས་དང་ངོས་འཛིན་གཏིང་ཟབ་ཏུ་སོང་བ་ཞིག་ཡིན་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ནི་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་ལས་དོན་གྱི་ཆ་ཤས་ཤིག་ཡིན་པས། ཏང་འཛུགས་སྐྱོང་ལ་ངེས་པར་དུ་ཕྱོགས་ཡོངས་ནས་ནན་པོ་འཛིན་དགོས་པ་དང་། རིམ་ཁག་ཏང་རྩ་འཛུགས་དང་དེ་བཞིན་དེའི་འགན་འཁུར་བ་ཚང་མ་འགན་འཁྲིའི་བྱེད་པོ་ཡིན་དགོས།
         ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་གོ་དོན་གསར་པ་ཁོང་དུ་ཆུད་པ་དང་། ཏང་དོ་དམ་དང་ནན་པོ་སྐྱོང་བའི་བླང་བྱ་གསར་པ་དོན་འཁྱོལ་བྱེད་པའི་འགག་རྩ་ནི་ཏང་གིས་འགོ་ཁྲིད་བྱེད་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཏང་དོ་དམ་མ་བྱས་པ་དང་ཏང་ནན་པོ་མ་བསྐྱངས་པ་དེ་འགན་འཛོལ་ཚབས་ཆེན་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཐོག ཏང་གི་འགོ་ཁྲིད་དེ་རྒྱུན་གཏན་གྱི་དོ་དམ་དང་ལྟ་སྐུལ་ཁྲོད་མངོན་པར་བྱས་ནས་གཟབ་གཟབ་ནན་ནན་བྱེད་ཕོད་པ་དང་། རྒྱུན་དུ་དོ་སྣང་བྱེད་པ། སྔ་ས་ནས་དམ་འཛིན་དང་ཆུང་ཙག་ནས་དམ་འཛིན་བྱེད་པ། རྐྱེན་ཆུང་ཙག་ནས་སེལ་བ་བཅས་བྱེད་རྒྱུར་ཐུག་ཡོད། གལ་ཆེ་ཤོས་ནི་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་རྒྱུ་དེ་སྔར་བས་མངོན་གསལ་དོད་སར་བཞག་ཐོག་སྒྲིག་ཁྲིམས་སྤྱད་དེ་ཏང་ཡོངས་དོ་དམ་ཡག་པོ་བྱས་ཏེ་ཏང་ཡོན་ལས་བྱེད་པ་ཚོར་བསམ་བློ་དང་། བྱ་སྤྱོད། སྤྱོད་ཚུལ་བཅས་ལེགས་བཅོས་བྱེད་དུ་འཇུག་རྒྱུ་དེ་ཡིན།
         ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུ་ལག་ལེན་བྱས་པ་ལས་མི་རྣམས་ཀྱིས་བློ་ཕྱོགས་གཏོད་མིན་ཤེས་ཟིན། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་དེ་ནི་རང་རེའི་ཏང་ལ་སྟོབས་ཤུགས་ཡོད་པའི་མངོན་ཚུལ་ཞིག་ཡིན་པ་མ་ཟད། དེ་ནི་ཏང་སེམས་དམངས་འདོད་དང་མཐུན་པ་ཞིག་ཀྱང་ཡིན། དེ་དང་ཆབས་ཅིག་ཏང་ནང་ཁུལ་གྱི་བློ་མཐུན་ཁ་ཤས་དེར་མི་གོམས་པ་དང་ཡང་ན་ངོས་འཛིན་ནོར་འཁྲུལ་ལམ་ཟ་རི་ཟི་རི་ཡོད་པའང་ཤེས་དགོས། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུ་དེ་ནམ་ཡིན་ཡང་མཚམས་འཇོག་རྒྱུ་མེད། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་གོ་དོན་གསར་པ་དང་བླང་བྱ་གསར་པ་དག་ཏང་དོ་དམ་དང་ནན་པོ་སྐྱོང་བའི་ཕྱོགས་གང་ཐད་དུ་ལག་བསྟར་དོན་འཁྱོལ་བྱས་ཚེ་ང་ཚོས་ཏང་དོ་དམ་ནན་སྐྱོང་ཐུབ་ནས་ཏང་འདི་ཉིད་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་རྒྱུར་འགན་ལེན་བྱེད་ཐུབ་ངེས་རེད།