མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་ཁོངས་སུ་རླུང་འཁོར་དྲག་པོ་
དང་སེར་བ་བབ་པའི་གནོད་འཚེ་དམིགས་བསལ་ཚབས་ཆེན་ཐེབས་པའི་
སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

                                                                      ནུས་ཤུགས་ཡོད་དགུ་སྒྲིག་འཛུགས་བྱས་ཏེ་རྨས་སྐྱོན་ཐེབས་མཁན་མྱུར་སྐྱོབ་བྱས་ནས་མི་སྣ་འཆི་རྨས་ཉུང་དུ་གང་ཐུབ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་24ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་ཁོངས་སུ་རླུང་འཁོར་དྲག་པོ་
དང་སེར་བ་བབ་པའི་གནོད་འཚེ་དམིགས་བསལ་ཚབས་ཆེན་ཐེབས་པའི་
སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

         ལི་ཁེ་ཆང་གིས་ཉེན་སེལ་རྒུད་སྐྱོབ་དང་གནོད་འཚེ་སྔོན་འགོག་གི་ལས་དོན་ཐད་མཆན་འགོད་མཛུབ་སྟོན་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་23ཉིན་གྱི་ཆུ་ཚོད་14སྟེང་དུ་ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་གྱི་ཧྥུའུ་ཉིང་རྫོང་དང་ཧྲེ་དབྱང་རྫོང་གི་ས་ཁུལ་ཁ་ཤས་སུ་གློ་བུར་དུ་རླུང་འཁོར་དྲག་པོ་དང་སེར་བ་བབ་པའི་གནོད་འཚེ་དམིགས་བསལ་ཚབས་ཆེན་ཐེབས་ནས་ཤང་དང་གྲོང་རྡལ་མང་པོར་གནོད་འཚེ་ཕོག་སྟེ་མང་ཚོགས་ཀྱི་སྡོད་ཁང་དང་། བཟོ་ཁང་། སློབ་གྲྭའི་སློབ་ཁང་སོགས་ལོག་རྡིབ་བྱུང་བ་དང་། འགྲིམ་འགྲུལ་གཞུང་ལམ་ཁ་ཤས་འགག་པ་རེད། ཚེས་23ཉིན་གྱི་ཆུ་ཚོད་21དང་སྐར་མ་30བར་དུ་མི་78རྐྱེན་ལམ་དུ་ཤོར་བ་དང་མི་500ལྷག་ལ་རྨས་སྐྱོན་ཕོག་པ་རེད།
         གནོད་འཚེ་བྱུང་བའི་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཨུ་ཟ་བྷེ་ཁི་སི་ཐན་དུ་འཚམས་འདྲི་གནང་བཞིན་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་སུ་ཞུགས་རྒྱུ་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཚོགས་ཆུང་མགྱོགས་མྱུར་དུ་གནོད་ཐེབས་ས་ཁུལ་དུ་བསྐྱོད་ནས་ཉེན་སེལ་རྒུད་སྐྱོབ་ལས་ཀར་མཛུབ་སྟོན་གནང་རྒྱུ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་གནོད་ཐེབས་མང་ཚོགས་ལ་སེམས་གསོའི་འཚམས་འདྲི་བྱ་རྒྱུའི་བླང་བྱ་དང་། ནུས་ཤུགས་ཡོད་དགུ་སྒྲིག་འཛུགས་བྱས་ནས་རྨས་སྐྱོན་ཐེབས་པའི་མི་སྣ་མྱུར་སྐྱོབ་བྱས་ནས་མི་སྣ་འཆི་རྨས་ཉུང་དུ་གང་ཐུབ་གཏོང་དགོས་པ་མ་ཟད། རྐྱེན་ལམ་དུ་ཤོར་བའི་མིའི་རྐྱེན་འཇུག་ལེགས་བསྡུས་དང་གནོད་ཕོག་མང་ཚོགས་བཀོད་སྒྲིག་ལས་དོན་ལེགས་པར་བསྒྲུབ་དགོས་པའི་བླང་བྱ། འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་ས་གཤིས་ཀྱི་གནོད་འཚེ་དཔྱད་དཔོག་བྱེད་པ་སོགས་ཀྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་། རང་བྱུང་གནོད་འཚེ་དམིགས་བསལ་ཚབས་ཆེ་བར་སྔོན་འགོག་དང་ཐག་གཅོད་ལས་ཀ་ལེགས་པར་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་སྲུང་ཏན་ཏིག་བྱ་དགོས་པའི་བླང་བྱ་བཅས་བཏོན་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྲོག་སྐྱོབ་སྨན་བཅོས་ལེགས་པར་བྱ་དགོས་པ་དང་། གནོད་ཐེབས་གནས་ཚུལ་ཞིབ་བསྡུར་གང་མགྱོགས་བྱས་ཏེ་གནོད་ཐེབས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་རོགས་གང་མྱུར་བྱ་དགོས་པ། དམངས་སྲིད་པུའུ་ཡིས་སྣེ་ཁྲིད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཚོགས་ཆུང་བཙུགས་ནས་འཕྲལ་དུ་གནོད་ཐེབས་ས་ཁུལ་དུ་བསྐྱོད་ནས་གནོད་སེལ་རྒུད་སྐྱོབ་ལས་དོན་ལ་མཛུབ་སྟོན་བྱ་དགོས་པ། འབྲེལ་ཡོད་ཕྱོགས་ཀྱིས་ཆུ་བྲུབ་དུས་སྐབས་སུ་རང་བྱུང་གནོད་འཚེ་སྣ་མང་འབྱུང་སྲིད་པའི་གནས་ཚུལ་ལ་དམིགས་ཏེ་ས་གནས་ཀྱིས་དམིགས་བསལ་གནམ་ངན་སོགས་ཀྱི་གནོད་འཚེ་སྔོན་འགོག་དང་ཁ་གཏད་ལས་དོན་ལེགས་འགྲུབ་ཏན་ཏིག་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་བྱས་ཏེ་གནོད་འཚེའི་རྐྱེན་ལས་བྱུང་བའི་གྱོང་གུན་ཉུང་དུ་གཏོང་གང་ཐུབ་བྱ་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
         མིག་སྔར་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ཁག་ཛ་དྲག་ཆེ་ཞིང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་རེད།

【1】  【2】  【3】  【4】  【5】  【6】  【7】

༄༅།།ཞིས་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་ཁོངས་སུ་རླུང་འཁོར་དྲག་པོ་
དང་སེར་བ་བབ་པའི་གནོད་འཚེ་དམིགས་བསལ་ཚབས་ཆེན་ཐེབས་པའི་
སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།