མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་02ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་འབྲེལ་ཡོད་ཐོབ་ཐང་ཚད་ལྡན་དུ་གཏོང་རྒྱུ་སོགས་ཀྱི་ཡིག་ཆ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་ལས་ཀའི་ལས་ཁུངས་ཀྱི་སྲོལ་ཡིག་(ཚོད་ལྟའི་ལག་བསྟར)》 《རྫོང་ཡན་གྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་སྐོར་གྱི་གཏན་ འབེབས་འགའ་ཞིག་》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།
           མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་འབྲེལ་ཡོད་ཐོབ་ཐང་ཚད་ལྡན་དུ་གཏོང་རྒྱུ་སོགས་ཀྱི་ཡིག་ཆ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་ལས་ཀའི་ལས་ཁུངས་ཀྱི་སྲོལ་ཡིག་(ཚོད་ལྟའི་ལག་བསྟར)》 《རྫོང་ཡན་གྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་སྐོར་གྱི་གཏན་འབེབས་འགའ་ཞིག་》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་བསྟན་དོན། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངེས་པར་དུ་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་ནས་བྱེད་འགོ་འཛུགས་དགོས། གཞན་ལ་བྱ་རྒྱུའི་བླང་བྱ་འདོན་པར་སྔོན་ལ་རང་ཉིད་ཀྱིས་བྱེད་དགོས་པ་དང་། གཞན་ལ་བྱེད་མི་རུང་བའི་བླང་བྱ་འདོན་པར་སྔོན་ལ་རང་ཉིད་ཀྱིས་མཐའ་གཅིག་ཏུ་བྱེད་མི་རུང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཏན་འབེབས་དོན་ཚན་བརྒྱད་བཟོས་པ་དང་ལག་བསྟར་བྱས་པ་ནས་བཟུང་། རང་ཉིད་ནས་བྱེད་འགོ་བཙུགས་པས་གོང་ནས་འོག་ལ་སྣེ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་རྣམ་པ་ཡག་པོ་ཞིག་ཆགས་ཡོད།
          ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གཞུང་ལས་ཁང་དང་། སྡོད་ཁང་། རླངས་འཁོར་བེད་སྤྱོད། འགྲིམ་འགྲུལ། ལས་དོན་མི་སྣ་བཀོད་སྒྲིག འཁོར་ཞག་དང་ངལ་གསོ་སོགས་ཀྱི་ཐོབ་ཐང་ཐད་སྔར་བས་གཏན་འབེབས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ལས་གནས་ལས་ཕྱིར་འཐེན་བྱས་ཚེ་དུས་ཐོག་ཏུ་གཞུང་ལས་ཁང་རྩིས་སྤྲོད་དགོས་པ་དང་། ཚད་ལས་བརྒལ་ནས་རླངས་འཁོར་བཀོད་སྒྲིག་དང་ཚད་ལས་བརྒལ་ནས་འགྲིམ་འགྲུལ་ཡོ་བྱད་བེད་སྤྱོད་མི་བྱེད་པར། ཕྱིར་སྐྱོད་སྐབས་འཁོར་ཉུང་སྟབས་བསྡུས་བྱས་ནས་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཕོག་ཚད་ཉུང་དུ་གཏོང་དགོས་པ་དང་། གཏན་འབེབས་ལྟར་ལས་དོན་མི་སྣ་བཀོད་སྒྲིག་བྱེད་པ་དང་འབྲེལ་སློབ་གསོ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གཉེན་ཉེ་དང་འཁྲིས་ཀྱི་ལས་དོན་མི་སྣ་གཅུན་སྡོམ་ནན་པོ་བྱེད་དགོས་པ། ཕྱི་ཕྱོགས་སུ་འཁོར་ཞག་ལ་སྐྱོད་པ་དང་ངལ་གསོ་རྒྱག་པའི་དུས་ཚོད་ཉུང་དུ་བཏང་ནས་སྙན་སེང་བཀའ་འཁྲོལ་ཞུ་བའི་ལམ་ལུགས་ལག་བསྟར་བྱེད་དགོས་པ་སོགས་ཁ་གསལ་བཏོན་ཡོད། གཏན་འབེབས་དེ་དག་ལ་བླང་བྱ་ནན་པོ་མཐའ་གཅིག་ཏུ་བཏོན་ནས“ལས་ཀའི་དགོས་མཁོ་འགན་ལེན་བྱེད་པ་དང་ཐོབ་ཐང་དམའ་རུ་འོས་འཚམ་གཏོང་བའི”རྩ་དོན་ལྟར་གཅིག་གྱུར་ཚད་ལྡན་དང་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་བ་ཞིག་ཡིན་པས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། དེའི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་མཐའ་འཁྱོངས་བྱེད་ལུགས་གང་ལེགས་མཚོན་པ་དང་། དེར་ཏང་ཡོངས་ཀྱི་ངོས་ནས་བརྗོད་ན། དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད། འབྲེལ་ཡོད་གཏན་འབེབས་དག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ནས་སྔོན་ལ་བྱེད་འགོ་འཛུགས་དགོས་པ་དང་འབྲེལ་ཁག་བགོས་ནས་ལག་བསྟར་ཡང་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། བསམ་བློ་དང་ངོས་འཛིན་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་ནས་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། འབྲེལ་ཡོད་ཕྱོགས་ཁག་གིས་དོན་འཁྱོལ་ཇུས་གཞི་ཞིབ་ཚགས་སུ་བཏང་ནས་ཞིབ་ཕྲའི་ལག་བསྟར་བྱ་ཐབས་བཟོ་དགོས་པ་དང་། འབྲེལ་ཡོད་མི་སྣས་དེར་རང་རྟོགས་ངང་བརྩི་སྲུང་ཞུ་དགོས་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་ཇི་མ་ཇི་བཞིན་དང་བབ་བསྟུན་སྒྱུར་བཅོས་མི་བྱེད་པར་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ལས་ཀའི་ལས་ཁུངས་ནི་ཏང་གིས་ཆབ་སྲིད་དང་། བསམ་བློ། སྒྲིག་འཛུགས་དང་འགོ་ཁྲིད་བཅས་ལག་བསྟར་བྱེད་པའི་ཆབ་སྲིད་ལས་ཁུངས་ཤིག་དང་། ཏང་ཀྲུང་དབྱང་དང་ས་གནས་རིམ་ཁག་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལག་བསྟར་ལས་ཁུངས་ཤིག་རེད། དུས་བབ་གསར་པའི་འོག་རང་རེའི་ཏང་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་དག་ལྡན་པའི་རླབས་ཆེའི་འཐབ་རྩོད་ཡག་པོ་བྱེད་དགོས་པ་དང་། ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པས་ངེས་པར་དུ་ཏང་གི་ལས་ཀའི་ལས་ཁུངས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་ལས་ཀའི་ལས་ཁུངས་ཀྱི་སྲོལ་ཡིག་(ཚོད་ལྟའི་ལག་བསྟར)》ནང་སྲོལ་རྒྱུན་བཟང་པོ་དང་རྩ་ཆེའི་ཉམས་མྱོང་རྒྱུན་འཛིན་བྱེད་པ་དང་སྒྱུར་བཅོས་གསར་གཏོད་ལ་སྣང་ཆེན་བྱས་ནས། ཏང་གི་ལས་ཀའི་ལས་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་དབྱེ་བ་དང་། ཏང་གི་ལས་ཁུངས་འཛུགས་པ་དང་། འགོ་ཁྲིད་སྒྲིག་གཞི། ལས་ཀའི་གྲོས་རིམ་གྱི་ཐབས་ཇུས་འགོད་སྟངས་སོགས་ཀྱི་ཐད་བརྒྱུད་རིམ་ལྡན་པའི་སྒོ་ནས་གཏན་འབེབས་བྱས་པ་དེ་ནི་ཏང་ཙུའི་ལས་ཀའི་སྲོལ་ཡིག་དང་། ས་གནས་ཏང་ཨུད་ཀྱི་ལས་ཀའི་སྲོལ་ཡིག་བཏོན་རྗེས་ཀྱི་ཏང་གི་རྩ་འཛུགས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལམ་ལུགས་འཛུགས་སྐྱོང་གི་བྱེད་ཐབས་གལ་ཆེན་གཞན་ཞིག་ཡིན་པ་དང་། ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ནུས་པ་མཐོ་རུ་གཏོང་རྒྱུའི་ངོས་ནས་བརྗོད་ན་དེར་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་ཁག་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཏང་གི་ལས་ཀའི་ལས་ཁུངས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་གལ་འགངས་ཆེ་བའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཏང་གི་ལས་ཀའི་ལས་ཁུངས་འཛུགས་སྐྱོང་བྱ་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ཐོག་བཞག་ནས་སྲོལ་ཡིག་གི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
          ཚོགས་འདུའི་ཐོག་ནན་བཤད་གནང་དོན། དམངས་གཙོའི་འཚོ་བའི་ཚོགས་འདུ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་དོན་གལ་ཆེན་ཞིག་དང་། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། འགོ་ཁྲིད་ཚན་ཁག་རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་བྱེད་སྟངས་གལ་ཆེན་ཞིག་རེད། དམངས་གཙོའི་འཚོ་བའི་ཚོགས་འདུའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་ཏང་གི་མཐུན་སྒྲིལ་གཅིག་གྱུར་འགན་ལེན་དང་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་རེད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་བླང་བྱ་གསར་པ་བཏོན་ཡོད་པས། དེ་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོ་ཏན་ཏིག་བྱེད་དགོས། 《རྫོང་ཡན་གྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་སྐོར་གྱི་གཏན་འབེབས་འགའ་ཞིག་》ལ་བཟོ་བཅོས་རྒྱག་རྒྱུ་དང་ལག་བསྟར་བྱ་རྒྱུ་ནི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ། ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱེད་པ་བཅས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་བྱེད་ཐུབ་པ་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་ཚོགས་དགོས་པ་དང་། རིམ་ཁག་ཏང་ཨུད་(ཏང་ཙུའུ)ཀྱིས་གཏན་འབེབས་སློབ་སྦྱོང་དམ་འཛིན་ཡག་པོ་བྱས་ནས་ལག་བསྟར་བྱེད་པ་དང་། སློབ་སྦྱོང་གསོ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱེད་པ། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
           ཚོགས་འདུའི་ཐོག་བསྟན་དོན། 2016ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས། བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱེད་པར་ཆབ་སྲིད་ཚད་ལོན་དང་། སྒྲིག་ཁྲིམས་ལག་བསྟར་ཚད་ལོན། ཀུན་སྤྱོད་ཚད་ལོན། ནུས་པ་འདོན་སྤེལ་ཚད་ལོན་བཅས་ཀྱི་བླང་བྱར་ཞིབ་བསྡུར་བྱས་ནས་ཏང་གཤིས་ལ་དབྱེ་ཞིབ་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་དགོས། ལྷག་བསམ་ཟོལ་མེད་དང་། ཁ་གསལ་གཏིང་གསལ། གཞུང་དྲང་ཚུལ་མཐུན། དངོས་ཐོག་བདེན་འཚོལ། དཀའ་སྤྱད་འབད་བརྩོན། སྤྱོད་གཙང་གཞུང་དྲང་སོགས་བྱ་རྒྱུ་ནི་ཞིབ་བསྡུར་སྐྱོན་བཤེར་བྱེད་པའི་ནང་དོན་གལ་ཆེན་ཞིག་ལ་བརྩི་དགོས། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ཚུལ་རིང་ལུགས་བྱེད་མཁན་ལ་ཡོ་བསྲང་བྱ་རྒྱུའི་སྐུལ་མ་གཏོང་བ་དང་། ཁྲལ་སེལ་སླ་བཅོས་བྱེད་མཁན་ལ་་དམངས་གཙོའི་འཚོ་བའི་ཚོགས་འདུ་སླར་ཡང་འཚོག་རྒྱུའི་བཀའ་གཏོང་དགོས།

  
2016-12-01 2016-11-30