མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་རྒྱལ་ཡོངས་འཐུས་མི་ཚོགས་འདུ་
ཐེངས་བཅུ་པའི་འཐུས་མིར་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་30ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིར་མཇལ་འཕྲད་གནང་བ་དང་འབྲེལ། ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་རྒྱལ་ཡོངས་འཐུས་མི་ཚོགས་འདུ་ཐེངས་བཅུ་པའི་འཐུས་མི་དང་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
         ཡུས་ཀྲེང་ཧྲེང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་རྒྱལ་ཡོངས་འཐུས་མི་ཚོགས་འདུ་ཐེངས་བཅུ་པ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་ནས། ཚོགས་ཞུགས་འཐུས་མི་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མུའུ་སི་ལིན་ཚོར་ལྷག་བསམ་དག་པའི་འཚམས་འདྲི་ཡང་ཞུས་གནང་བ་རེད། ཁོང་གིས། འདས་ཟིན་པའི་ལོ་5ཡི་རིང་། ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱིས་རྒྱལ་གཅེས་དར་ཆ་མཐོན་པོར་བསྒྲེངས་བ་དང་རྒྱ་ཁྱབ་ངང་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ་མ་ཟད། དབྱི་སི་ལམ་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། མེས་རྒྱལ་གོང་བུ་གཅིག་གྱུར་བཅས་ལ་སྲུང་སྐྱོང་བྱ་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས། མིག་སྔར་རང་རྒྱལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་ཡོད། རེ་བར་སྐབས་གསར་པའི་ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་ཀྱིས། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། དབྱི་སི་ལམ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱི་སྣེ་ཁྲིད་ནས། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་ཀའི་རྩ་བའི་མཛད་ཕྱོགས་མཐའ་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཁར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་སེམས་ནུས་གཅིག་སྒྲིལ་བྱེད་པ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་་ཕྱིར་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས། རང་རྒྱལ་གྱི་དབྱི་སི་ལམ་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས། ཀྲུང་གོའི་དབྱི་སི་ལམ་ཆོས་ལུགས་ཀྱི་རྒྱལ་གཅེས་ཁྲིམས་སྲུང་སོགས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ཁར། ཆོས་དད་མང་ཚོགས་ལ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུའི་ཁྲིད་སྟོན་གྱིས། རང་འགུལ་ངང་ཐལ་སྐྱོད་བསམ་བློ་སིམ་འཛུལ་ལ་བཀག་འགོག་དང་དོགས་ཟོན་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་རང་ངོས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་སྤྱོད་ཚུལ་ལེགས་གཏོང་བཅས་བྱས་ནས། འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཁར། ཀྲུང་གོ་དབྱི་སི་ལམ་ཆོས་ལུགས་ཀྱི་གཟུགས་བརྙན་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་བ་རེད།