མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་འཚམས་འདྲི་གནང་མཇུག་འགྲིལ་ནས་པེ་ཅིང་དུ་ལོག་ཕེབས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་27ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་25ཉིན། ཨེ་ཁྭ་ཏོར་སྤྱི་མཐུན་རྒྱལ་ཁབ་དང་། ཕེ་རུ་སྤྱི་མཐུན་རྒྱལ་ཁབ། ཆི་ལི་སྤྱི་མཐུན་རྒྱལ་ཁབ་བཅས་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་བ་དང་འབྲེལ། ཕེ་རུའི་ལི་མར་འཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་ཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་རྗེས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་པེ་ཅིང་དུ་ལོག་ཕེབས་པ་རེད།
         ཀྲུའུ་ཞི་ཞིས་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ལི་ཀྲན་ཧྲུའུ། རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ་སོགས་ལྷན་ཕེབས་མི་སྣ་ཡང་གནམ་གྲུ་གཅིག་ལ་ཞུགས་ཏེ་ལོག་ཕེབས་པ་རེད།