མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས"ཕ་ལེ་སི་ཐན་གྱི་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་
མོར"དྲན་གསོ་ཞུ་བའི་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་02ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་29ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་གྱི་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོར”དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚོགས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་བ་རེད།
         བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་ཞིས་ཅིན་ཕིང་གིས་ཕ་ལེ་སི་ཐན་གྱི་གནད་དོན་ནི་འཛམ་གླིང་དབུས་ཤར་གནད་དོན་གྱི་སྲོག་ཤིང་ཞིག་ཡིན་ལ། འཛམ་གླིང་དབུས་ཤར་ཞི་བདེ་ཡོང་རྒྱུའི་འབྱུང་རྩའི་རང་བཞིན་གྱི་གནད་དོན་ཞིག་ཀྱང་ཡིན་པས་ངེས་པར་དུ་རྒྱལ་སྤྱིའི་གྲོས་རིམ་གྱི་མངོན་གསལ་དོད་པའི་གནས་བབ་གལ་ཆེན་ཐོག་འཇོག་དགོས་པ་དང་། དབྱི་སི་རལ་དང་ཕ་ལེ་སི་ཐན་ཕྱོགས་གཉིས་པོས་བཟོད་བསྲན་གང་ཐུབ་ཀྱིས་ཛ་དྲག་གི་དུས་བབ་སྔར་བས་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས། འབྲེལ་ཡོད་ཕྱོགས་ཁག་གིས་མིག་རྒྱང་རིང་ལ་ཤེས་རྒྱ་ཟབ་པའི་སྒོ་ནས་སྔ་ཙམ་ཆབ་སྲིད་ཐོག་ནས་ཐག་གཅོད་བྱས་ཏེ་སྔ་ཙམ་བསྐྱར་དུ་གྲོས་མོལ་བྱེད་པ་དང་འབྲེལ་གྲོས་མོལ་ལ་གྲུབ་འབྲས་ཀྱང་ཐོབ་པའི་བརྩོན་ལེན་བྱེད་དགོས་པ། ཀྲུང་གོ་ཕྱོགས་ནས་ཕ་དབྱིའི་དུས་བབ་བརྟན་ལྷིང་དང་སྔ་ཙམ“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”མངོན་འགྱུར་ཐུབ་རྒྱུར་ཕན་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལུགས་བསྟན་ཡོད།

  
2016-12-01 2016-11-30