མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཝ་ཅི་ལ་ལུང་ཀུང་ཐེ་ལན་གྱི་རྒྱལ་པོ་གནང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་04ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཝ་ཅི་ལ་ལུང་ཀུང་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་ནས་ཁོང་ཐེ་ལན་གྱི་རྒྱལ་པོ་གནང་བར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
         ཞིས་ཅིན་ཕིང་གི་གློག་འཕྲིན་ནང་། ཀྲུང་གོ་དང་ཐེ་ལན་ནི་མཛའ་མཐུན་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་བཟང་པོ་ཞིག་ཡིན་པ་དང་། “ཀྲུང་གོ་དང་ཐེ་ལན་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ”མི་དམངས་ཀྱི་སེམས་ནང་ཟབ་མོ་ཟུག་ལ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་འགྲོ་བཞིན་ཡོད། ཐེ་ལན་རྒྱལ་པོ་ཚང་གིས་དུས་ཡུན་རིང་པོའི་ནང་། ཀྲུང་གོ་དང་ཐེ་ལན་དབར་གྱི་འབྲེལ་བ་འཕེལ་རྒྱས་ཡོང་བར་གཙིགས་ཆེན་བྱས་ནས་ཀྲུང་གོ་དང་ཐེ་ལན་གྱི་མཛའ་མཐུན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཆེན་པོ་བཏོན་ཡོད་ལ། ཁྱེད་ཀྱིས་ཀྱང་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ཐེ་ལན་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་མ་ཧུར་ཐག་བཏང་ཡོད་ལ། དེར་བརྟེན་ཕྲན་གྱིས་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་སྐྲུན་འདོད་ཡོད་ཅེས་འཁོད་ཡོད།

  
2016-12-01 2016-11-30