མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་ཡོན་གྱིས་ཐོབ་ཐང་དང་ཁས་ལེན་ཡི་གེ་སྟོན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཏང་ཡོན་གྱིས་ཐོབ་ཐང་དང་ཁས་ལེན་ཡི་གེ་སྟོན་པ།

         མི་དམངས་དྲ་བའི་འཕྲིན། ཤེས་རྟོགས་བྱུང་བར་གཞིགས་ན། ནན་ཧྥུང་རྫོང་ཆ་དབན་གྲོང་རྡལ་གྱི་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་ལས་དོན་གསར་གཏོད་བྱས་ཏེ་གཞི་རིམ་གྲོང་གསེབ་ཏང་ཡོན་གྱི་དཔེ་སྟོན་ནུས་པ་ཆེ་རུ་གཏོང་ཆེད། གྲོང་རྡལ་དེའི་ཅང་ཁེང་གྲོང་ཚོའི་ཏང་ཀྲི་པུར“གྲོང་གསེབ་ཀྱི་ཏང་ཡོན་གྱིས་ཐོབ་ཐང་དང་ཁས་ལེན་ཡི་གེ་སྟོན་པའི”ལས་དོན་སྤེལ་ཐབས་ཐོག་མར་ལག་ལེན་བསྟར་ཞིང་། ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། “དམངས་ལྔ་སྐུལ་གཅིག”གི་ལས་དོན་ས་ཚིགས་གཅིག་དང་། དབུལ་སྒྲོལ་ལས་དོན་ས་ཚིགས་གཅིག དམངས་ཕན་ཞབས་ཞུའི་ལྟེ་གནས་གཅིག་བཅས་བཙུགས་ཏེ་ཏང་ཡོན་མི་རེ་ངོ་རེ་ཚང་མས་རང་ཉིད་ཀྱི་ཐོབ་ཐང་སྟོན་པ་དང་། མང་ཚོགས་ཀྱི་མདུན་དུ་ལོ་དེར་བསྒྲུབ་རྒྱུའི་བྱ་བ་དངོས་དང་ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་གཅིག་ཡན་ཡོངས་བསྒྲགས་ངང་ཁས་ལེན་བྱེད་པ། ལོ་མཇུག་ཏུ་མང་ཚོགས་ཀྱིས་ཞིབ་དཔྱད་དང་སྐར་མ་རྒྱག་པ་བཅས་བྱས་ནས་མང་ཚོགས་ཀྱིས་ལས་དོན་སྒྲུབ་སྐབས་ས་ཚིགས་མ་རྙེད་པ་དང་རེ་ཞུ་བྱེད་སྐབས་མི་འཚོལ་མི་ཐུབ་པའི་གནས་ཚུལ་མི་ཐོན་པ་བྱས་པས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་ཅིང་། འདི་ནི་ཅང་ཤིས་ཞིང་ཆེན་ནན་ཧྥུང་རྫོང་ཆ་དབན་གྲོང་རྡལ་ཅང་ཁེང་གྲོང་ཚོའི་ཏང་ཡོན་གྱིས་ཏང་ཡོན་གྱི་ཐོབ་ཐང་བཀོད་པ་དང་རོགས་སྐྱོར་ཁས་ལེན་བྱས་པའི་བསྒྲགས་བྱང་རང་ཁྱིམ་གྱི་གྱང་ཐོག་ཏུ་བཀལ་ནས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་གནས་ཚུལ་ཡིན་པ།

  
2016-12-01 2016-11-30