མི་དམངས་དྲ་བ།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་12པའི་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་
བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་20ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་17ཉིན་ཀྲུང་དབྱང་དམག་ཨུད་གཞུང་དོན་ཐིང་གིས་བརྡ་ཐོ་བཏང་སྟེ་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་ལྷག་དོན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་ནས་དཔོན་དམག་གི་བསམ་བློ་གཅིག་གྱུར་དང་། བྱ་སྤྱོད་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཡོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དམག་དཔུང་སྟོབས་ཆེན་དང་དམག་དཔུང་དར་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་བསྟན་དོན། ཀྲུང་དབྱང་དམག་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གཙོ་གནད་ཐོག་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་དགོས། འདས་ཟིན་པའི་ལོ་འདིའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་བསུ་བཞིན་མདུན་དུ་སྐྱོད་པ་དང་ཞུན་བརྡར་ཐེབས་ནས་མདུན་དུ་སྐྱོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་བཙུགས་པ། ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཡིད་ཆེས་གོང་བཀུར་བྱེད་ཚད་སྔར་བས་ཆེ་རུ་ཕྱིན་པ་བཅས་དཔོན་དམག་གིས་གསལ་པོ་རྟོགས་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་དངོས་སུ་གསལ་པོ་བཏོན་པ་དེ་ཐོག་ནས་ཏང་དང་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་མཚོན་ཡོད། དེས་ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་པ་གསལ་པོ་རྟོགས་རྒྱུར་གཙོ་གནད་ཐོག་ཁྲིད་སྟོན་བྱེད་དགོས།
         བརྡ་ཐོའི་ནང་ནན་བཤད་གནང་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དོན་སྙེང་གི་བླང་བྱ་དང་དགོངས་དོན་གྱི་ངོ་བོ་ཤེས་རྟོགས་གཏིང་ཟབ་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པའི་ཐད་འབད་བརྩོན་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དམག་ཡོངས་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་ལ་དམིགས་ཏེ་བསམ་བློ་གཅིག་གྱུར་དང་ལས་དོན་ལ་དམ་འཛིན་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཐད་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་ཡོང་བ་དང་། དམག་དོན་འཐབ་རྩོད་གྲ་སྒྲིག་ལ་ཕན་འབྲས་གལ་ཆེན་ཐོབ་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ཟིལ་གྱིས་གནོན་པའི་རྣམ་པ་ཆགས་པ། རང་རེའི་དམག་དཔུང་འཛུགས་སྐྱོང་ལ་རྣམ་པ་གསར་རྐྱང་མངོན་པ་བཅས་བྱེད་དགོས།
         བརྡ་ཐོའི་ནང་བླང་བྱ་བསྟན་དོན། རིམ་ཁག་ཏང་ཨུད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་ལ་ཚད་མཐོའི་མཐོང་ཆེན་དང་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་འདོམས་བཀོད་སྒྲིག་ནན་ཏན་དང་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱེད་དགོས་པ་དང་། བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པས་པར་འགྲེམས་བྱས་པའི་བརྒྱུད་བསྒྲགས་གནད་བསྡུས་གཞིར་བཟུང་། དམག་དཔུང་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའམ་ཡང་ན་ཐོན་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་གང་མགྱོགས་ཚོགས་འདུའི་དགོངས་དོན་དཔོན་དམག་ཡོངས་དང་ལས་བྲལ་དང་ལས་འཁྱུར་མི་སྣ་སོགས་ལ་བརྒྱུད་བསྒྲགས་བྱེད་དགོས། དམག་ཡོངས་ཀྱི་དཔོན་དམག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། “འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”སྔར་བས་བརྟན་དུ་གཏོང་བ། དབང་གྲགས་ལ་སྲུང་སྐྱོང་དང་། སྲོག་ཤིང་ལ་སྲུང་སྐྱོང་། དམག་ཨུད་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལ་སྲུང་སྐྱོང་དང་ལག་བསྟར་བཅས་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ། དམག་དཔུང་འཛུགས་སྐྱོང་དང་སྒྱུར་བཅོས་དང་དམག་དོན་འཐབ་རྩོད་གྲ་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་དང་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།