མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་
སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་2017ལོའི་གཙོ་གནད་ལས་ཀའི་ལས་
འགན་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་2017ལོའི་གཙོ་གནད་ལས་ཀའི་ལས་འགན་》(གཤམ་དུ་《ལས་ཀའི་ལས་འགན་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།
          《ལས་ཀའི་ལས་འགན་》ནང་། 2017ལོ་ནི་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་དགོངས་དོན་དང“ལོ་ལྔ་ཚན་བཅུ་གསུམ་པའི”སྨན་བཅོས་སྒྱུར་བཅོས་འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་གལ་ཆེའི་ལོ་ཞིག་དང་། ཅུང་ཆ་ལག་ཚང་བའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་སྒྲོམ་གཞི་གྲུབ་པའི་འགག་རྩའི་ལོ་ཞིག་ཀྱང་རེད་ཅེས་ནན་བཤད་བྱས་ཡོད།
         《ལས་ཀའི་ལས་འགན་》ནང་། 2017ལོའི་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་ཀའི་ལས་འགན་གཉིས་ལ་དབྱེ་བ་སྟེ། གཏན་ལ་འབེབས་དགོས་ངེས་ཀྱི་སྲིད་ཇུས་ཀྱི་ཡིག་ཆ་དང་དོན་འཁྱོལ་ལ་སྐུལ་སྤེལ་གཏོང་བའི་གཙོ་གནད་ལས་ཀ་རེད། གཏན་ལ་འབེབས་དགོས་ངེས་ཀྱི་སྲིད་ཇུས་ཀྱི་ཡིག་ཆའི་ནང་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་། དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་པ། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་རྒྱུར་ཤུགས་སྣོན། སྨན་རྫས་དཀོན་རིགས་ཀྱི་མཁོ་སྤྲོད་འགན་ལེན་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཐད་ཀྱི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་14ཚུད་ཡོད་ཅེས་བཏོན་ཡོད་པ་རེད།
         《ལས་ཀའི་ལས་འགན་》ནང་། ས་གནས་ཁག་གི་ཏང་ཨུད་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོའམ་གཙོ་འགན་འཁུར་མཁན་བློ་མཐུན་གཅིག་གིས་སྨན་བཅོས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བྱ་རྒྱུར་སྐུལ་སྤེལ་བཏང་ནས། སྨན་བཅོས་སྒྱུར་བཅོས་དེ་ས་གནས་སྲིད་གཞུང་གི་དཔྱད་ཞིབ་བླང་བྱའི་ནང་འཇུག་པ་དང་ས་གནས་ཁག་གི་སྨན་བཅོས་སྒྱུར་བཅོས་ཀྱི་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ནས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་གསལ་འགྲེལ་བྱ་རྒྱུ་སོགས་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་ཡོད། 《ལས་ཀའི་ལས་འགན་》ནང་། ད་དུང་སྒྱུར་བཅོས་ལས་འགན་ཁག་གི་འགན་འཁུར་སྡེ་ཚན་དང་གཏན་ལ་འབེབས་དགོས་ངེས་ཀྱི་སྲིད་ཇུས་ཀྱི་ཡིག་ཆར་དུས་ཚོད་དང་འཕེལ་རིམ་གྱི་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།