མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་25.6བཏང་ནས་རྨོ་ཞིང་ལ་ལོ་ཏོག་རེས་འདེབས་
དང་དབྱར་མར་འཇོག་པའི་ཚོད་ལྟའི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཉེ་ཆར། ནོར་སྲིད་པུས་ཞིང་ལས་པུའུ་དང་མཉམ་དུ་2017ལོའི་རྨོ་ཞིང་ལ་ལོ་ཏོག་རེས་འདེབས་དང་དབྱར་མར་འཇོག་པའི་ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་ལ་ཞིབ་འཇུག་བྱས་ཏེ་2017ལོར་རྨོ་ཞིང་ལ་ལོ་ཏོག་རེས་འདེབས་དང་དབྱར་མར་འཇོག་པའི་ཚོད་ལྟའི་རྒྱ་ཁྱོན་མུའུ་ཁྲི་1200བར་ཆེ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ཡོད། དེའི་ནང་རྨོ་ཞིང་ལ་ལོ་ཏོག་རེས་འདེབས་ཀྱི་རྒྱ་ཁྱོན་མུའུ་ཁྲི་1000དང་དབྱར་མར་འཇོག་པའི་རྒྱ་ཁྱོན་མུའུ་ཁྲི་200ཟིན་ཡོད། ཚོད་ལྟ་བྱ་ཡུལ་རྩ་དོན་ཐོག་འགྱུར་ལྡོག་མེད་ལ། ཚོད་ལྟའི་ལས་འགན་སྒྲུབ་པའི་ས་ཞིང་ལོ་གསུམ་ནང་འགྱུར་ལྡོག་མེད། ཀྲུང་དབྱང་ནོར་སྲིད་ཀྱིས་ཚོད་ལྟ་བྱ་ཡུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་2017ལོར་མ་དངུལ་སྒོར་དུང་ཕྱུར་25.6བཀོད་སྒྲིག་བྱས་ནས་ཐད་ཀར་མ་དངུལ་སྤྲོད་པའམ་ཡང་ན་འབྲུ་རིགས་ཀྱི་རིན་ཐང་དངོས་པོར་ཕབ་ནས་ཁ་གསབ་སྤྲོད་པའི་བྱེད་སྟངས་གཙོ་བོ་སྤྱད་དེ་ཁ་གསབ་མ་དངུལ་རྫོང་དང་ཤང་དུ་དོན་འཁྱོལ་ཐུབ་པ་དང་ཞིང་པའི་ལག་ཏུ་འབྱོར་བ་བྱ་རྒྱུ་རེད།