མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ་ཤང་ཀང་དུ་བཅའ་སྡོད་ལུའེ་ཞིག་གི་དམིགས་
བསལ་དམག་འཐབ་ལེན་དང་པོར་གཟི་བརྗིད་མཚན་སྙན་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་བཀའ་རྒྱར་མཚན་རྟགས་བཀོད་དེ་ཤང་ཀང་དུ་བཅའ་སྡོད་དཔུང་སྡེའི་ལུའེ་ཞིག་གི་དམིགས་བསལ་དམག་འཐབ་ལེན་དང་པོར“ཤང་ཀང་དུ་བཅའ་སྡོད་དམག་དཔུང་གི་དམིགས་བསལ་དམག་འཐབ་དཔེ་མཚོན་ལེན”གྱི་གཟི་བརྗིད་མཚན་སྙན་གནང་བ་རེད།
         བཀའ་རྒྱའི་ནང་ལེན་དེས་དུས་བབ་གསར་པའི་འོག་གི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བར་དམིགས་ཏེ“མཐའ་གཅིག་ཏུ་གསུམ”གཞིར་བཟུང་དམག་དཔུང་གི་བླ་སྲོག་བཏོད་པ་དང་། “བཞི་ལྡན”གྱི་བླང་བྱར་དམིགས་ནས་མི་སྣ་གསོ་སྐྱོང་བྱེད་པ། “འཛམ་གླིང་གི་རྩེར་སོན”ལ་གཞིགས་ནས་ཧྲག་དམག་ནང་སྦྱོང་བྱེད་པ། “དམག་ཁྲིམས་འགྱུར་མེད”བསྲུངས་ནས་གཟུགས་བརྙན་བཏོད་པ་བཅས་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་དང་སྐས་རིམ་གསར་པར་སླེབས་ཏེ་ལས་འགན་གལ་ཆེན་རབ་དང་རིམ་པ་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་སྒྲུབ་བྱས་པ་དང་དམིགས་བསལ་གྱི་ཁོར་ཡུག་འོག་བཅའ་སྡོད་དམག་དཔུང་གི་འགན་ནུས་དང་འགན་འཁྲི་ནུས་ལྡན་ངང་བསྒྲུབས་ཡོད་ཅེས་འཁོད་ཡོད། དེ་སྔའི་ཀོང་ཀྲོའུ་དམག་ཁུལ་དང་ཤང་ཀང་དུ་བཅའ་སྡོད་དཔུང་སྡེས“གཞི་རིམ་འཛུགས་སྐྱོང་གི་དཔེ་དམག་ཚན་པར”སྔ་རྗེས་སུ་ཐེངས་གསུམ་གཟེངས་བསྟོད་བྱས་པ་དང་། བྱས་རྗེས་རིམ་པ་གཉིས་པ་དང་རིམ་པ་གསུམ་པ་ཐེངས་རེ་ཐོབ་པ། ལེན་ཏུའེ་ཡི་ཏང་ཀྲི་པུའུ་ལ“རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་གཟེངས་བསྟོད་བྱས་ཡོད་པ་རེད།
         བཀའ་རྒྱའི་ནང་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ལེན་དེར་སློབ་སྦྱོང་ཧུར་ཐག་བྱས་ནས་ཁོང་ཚོ་དང་འདྲ་བར་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་རྒྱུན་སྲིང་ལྷོད་མེད་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། དཔོན་དམག་ཚོའི་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། དབང་གྲགས་ལ་སྲུང་སྐྱོང་དང་། སྲོག་ཤིང་ལ་སྲུང་སྐྱོང་། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་སྲུང་སྐྱོང་དང་ལག་བསྟར་བཅས་མཐའ་གཅིག་ཏུ་བྱེད་པའི་ཐོག་ནས་དཔུང་སྡེར་བློ་དཀར་སེམས་དཀར་མཐའ་གཅིག་ཏུ་བྱེད་པ་དང་། དྭངས་གཙང་མཐའ་གཅིག་ཏུ་ཡོང་བ་བྱེད་པ། མཐའ་གཅིག་ཏུ་བློས་འགེལ་ཆོག་པ་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། ཁོང་ཚོ་དང་འདྲ་བར་འཐབ་ནུས་ཀྱི་གཞི་རྩའི་ཚད་གཞི་འབའ་ཞིག་དེ་གཏན་འཁེལ་ནན་པོ་བྱེད་པ་དང་། འགན་འཁྲིའི་ལས་འགན་ལ་དམ་པོར་གཞིགས་ནས་དམག་སྦྱོང་དམག་གྲབས་བྱེད་པ། དངོས་འཐབ་བླང་བྱར་དམ་པོར་གཞིགས་ནས་གོ་ཧྲག་སྟོབས་ཆེན་གཏོད་པ། སྐོང་ན་འཛོམས་ཐུབ་པ་དང་། འཛོམས་ན་འཐབ་ཐུབ་པ། འཐབ་ན་རྒྱལ་ཐུབ་པ་བཅས་ཀྱི་དམག་ཧྲག་ལུའེ་ཞིག་ཏུ་ཧུར་ཐག་བསྐྲུན་པ། ཁོང་ཚོ་དང་འདྲ་བར་ཁྲིམས་ལྟར་དམག་སྐྱོང་དང་དམག་དཔུང་ནན་པོས་སྐྱོང་བའི་བྱེད་ཕྱོགས་ལག་བསྟར་ནན་ཏན་བྱས་ནས་རང་རེའི་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བཀའ་ཁྲིམས་དང་སྲོལ་ཡིག་དང་སྒྲིག་སྲོལ་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པའི་ཐོག་ནས་རང་རེའི་དམག་དཔུང་གི་ཟིལ་རྔམས་ལྡན་པའི་དཔུང་སྡེ་དང་ཡ་རབས་ཚུལ་ལྡན་གྱི་དཔུང་སྡེའི་གཟུགས་བརྙན་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། ཁོང་ཚོ་དང་འདྲ་བར“མཐའ་འཁྱོངས་བཞི་དམ་འཛིན”གྱི་བླང་བྱ་གཞིར་བཟུང་གཞི་རིམ་འཛུགས་སྐྱོང་དམ་འཛིན་ཏན་ཏིག་བྱས་ནས་འཐབ་ས་དང་པོའི་དམག་འཐབ་མཁར་རྫོང་བརྟན་པོ་བསྐྲུན་པ་དང་། བླ་སྲོག་ཡོད་པ་དང་། འཇོན་ཐང་ཡོད་པ། ཁྲག་རྒྱུན་ཡོད་པ། ཀུན་སྤྱོད་ལེགས་པ་བཅས་ཀྱི་མི་རབས་གསར་པའི་གསར་བརྗེའི་དམག་མི་གསོ་སྐྱོང་བྱས་ཏེ་སྲ་ཞིང་བརྟན་པའི་འགྱུར་མེད་ཀྱི་དད་སེམས་དང་། འགྱུར་མེད་ཀྱི་ཡིད་ཆེས། འགྱུར་མེད་ཀྱི་སྒྲིག་ཁྲིམས། འགྱུར་མེད་ཀྱི་འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དཔུང་སྡེ་སྟོབས་ཆེན་ཞིག་བསྐྲུན་པ་བཅས་བྱེད་དགོས། དམག་ཡོངས་ཀྱི་དཔུང་སྡེ་དང་རྒྱ་ཆེའི་དཔོན་དམག་ཚོས་ལེན་དེ་མིག་དཔེར་བཟུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་དམག་སྦྱོང་དམག་གྲབས་ལ་སྐུལ་མ་གཏིང་ཟབ་གཏོང་བ་དང་། བདེན་འཚོལ་དངོས་སྒྲུབ་བྱེད་པ། གསར་འབྱེད་གསར་གཏོད་བྱེད་པ། དངོས་འཛིན་དངོས་སྒྲུབ་བྱེད་པ་མ་ཟད། གྲུབ་འབྲས་གཟེངས་སུ་ཐོབ་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུས་ཏེ་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་འགྲུབ་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།