མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་རང་དམག་
གིས"བརྒྱད་གཅིག་གཟེངས་རྟགས"བཟོས་པ་དང་དཔྱད་འདེམས་ཐེངས་དང་པོ་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་རང་དམག་གིས“བརྒྱད་གཅིག་གཟེངས་རྟགས”བཟོས་པ་དང་འབྲེལ། དཔྱད་འདེམས་ཐེངས་དང་པོ་བྱ་རྒྱུ་སྒྲིག་འཛུགས་བྱས་པ་རེད། གསར་དུ་བཟོས་པའི“བརྒྱད་གཅིག་གཟེངས་རྟགས”ནི་ཀྲུང་དབྱང་དམག་ཨུད་ཀྱིས་གཏན་འབེབས་བྱས་པ་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིས་མཆན་འགོད་གནང་ནས་ལག་ཁྱེར་དང་གཟེངས་རྟགས་སྤྲོད་པའི་དམག་དཔུང་གི་མཚན་སྙན་མཐོ་ཤོས་ཡིན་ཞིང་། དེ་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་། བདེ་འཇགས། ཁེ་ཕན། འཕེལ་རྒྱས་བཅས་དང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་རླབས་ཆེན་འཇོག་མཁན་དམག་དཔུང་གི་མི་སྣར་སྤྲོད་ཀྱི་ཡོད། བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྤྱི་བདེའི་ད་ཞབས་དཔུང་སྡེ་བཅས་ཀྱིས་མིང་བཏོན་འོས་སྦྱོར་བྱས་པ་བརྒྱུད་ཉེ་དུས་འོས་མི་རགས་ཙམ་བདམས་ཟིན་ནས་དམག་དཔུང་གི་ཕྱི་ནང་དུ་ཁྱབ་བསྒྲགས་བྱས་ཏེ་དཔྱད་མོལ་དང་ལེན་བྱ་རྒྱུ་ཡིན་པ་རེད།
         “བརྒྱད་གཅིག་གཟེངས་རྟགས”དཔྱད་འདེམས་དང་སྤྲོད་པ་ནི་གཟེངས་རྟགས་སྤྲོད་རྒྱུའི་ཐབས་ཇུས་གཏན་འབེབས་སྐོར་གྱི་ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱས་ནས། རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེན་གྱི་རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དེར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དཔུང་ལ་བཅངས་གནང་བའི་བརྩེ་སེམས་ཟབ་མོ་དང་དཔའ་བོ་དཔེ་བཟང་གི་དཔེ་སྟོན་ལ་ཚད་མཐོའི་གཟེངས་བསྟོད་གནང་ལུགས་ཚུད་ཡོད་པ་དེས་འཐབ་འཛིང་པའི་སེམས་ཤུགས་ཆེ་རུ་དང་དམག་འཐབ་ཀྱི་ངར་ཤུགས་འཕེལ་བར་བྱེད་པ་མ་ཟད། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དྲང་ནུས་ཆེན་པོ་ཡང་འདུས་ཡོད་པ་རེད། ད་ཐེངས་དཔྱད་འདེམས་དང་བྱ་དགའ་སྤྲོད་པའི་ལས་དོན་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་རྩ་བའི་གཞི་འཛིན་སར་བརྩིས་ཏེ་དམག་གྲབས་དམག་རྒྱག་དང་ཐད་ཀར་དམག་འཐབ་ནུས་པར་ཞབས་འདེགས་ཞུ་བ་དང་སྔོན་ཐོན་རང་བཞིན་དང་འཐུས་ཚབ་རང་བཞིན་ལ་སྣང་ཆེན་གྱིས་དམག་འཐབ་ནུས་པ་གྲུབ་པ་དང་མཐོར་གཏོང་ལ་སྐུལ་འདེད་དང་། དམག་འཐབ་སོགས་ལས་འགན་གལ་ཆེན་ལེགས་འགྲུབ། ཚན་རྩལ་དམག་དར་ལ་སྐུལ་འདེད། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་ལེགས་སྐྱེས་ཁྱད་དུ་འཕགས་པ་ཕུལ་བ་དང་བྱས་རྗེས་རླབས་ཆེན་བཞག་པའི་དཔའ་བོ་དཔེ་བཟང་གི་དཔེ་སྟོན་གཙོ་གནད་ཐོག་འདེམས་བསྐོ་བྱ་རྒྱུ་རེད། རིམ་ཁག་གིས་དཔྱད་འདེམས་སྒྲིག་འཛུགས་བྱ་རྒྱུ་དེ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེ་རུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་འཐབ་འཛིང་པར་སྦྱོང་བརྡར་སྤྲས་ནས་དམག་གྲབས་བྱེད་པའི་གལ་ཆེའི་གཞི་རྟེན་དུ་བརྩིས་ཏེ། མིང་བཏོན་འོས་སྦྱོར་དང་། འོས་ཐོབ་ཞིབ་དཔྱད། རྩ་འཛུགས་ཀྱིས་ཁྱབ་བསྒྲགས། ཕྱོགས་ཡོངས་ནས་དཔྱད་ཞིབ། ཆོག་མཆན་སྤྲོད་རྒྱུར་སྙན་སེང་ཞུ་བ་བཅས་ཀྱི་གོ་རིམ་བརྒྱུད་དེ་སྒྲིག་འཛུགས་དང་ལག་བསྟར་བྱས་ནས། དཔྱད་འདེམས་བརྒྱུད་རིམ་དེ་དཔའ་བོ་དཔེ་བཟང་གི་བྱས་རྗེས་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་དཔོན་དམག་གི་ངར་ཤུགས་ལ་སྐུལ་ལྕག་གཏོང་བའི་བརྒྱུད་རིམ་དུ་འགྱུར་བ་བྱས་ཡོད།
        “བརྒྱད་གཅིག་གཟེངས་རྟགས”ནི་དམག་མིའི་ཆེས་གཟི་བརྗིད་ཆེ་ཤོས་ཀྱི་མཚན་སྙན་ཡིན་པ་དང་དཔའ་བོ་དཔེ་བཟང་ནི་མི་རིགས་ཀྱི་འོད་མདངས་འཚེར་ཤོས་ཀྱི་དམིགས་ཚད་ཡིན། རྒྱ་ཆེའི་དཔོན་དམག་གིས་འོས་སྦྱོར་དཔྱད་འདེམས་ནང་ཧུར་ཐག་ཞུགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བརྩེ་སེམས་ཟབ་མོ་སྒུལ་ཤུགས་ཆེན་པོ་དང“བརྒྱད་གཅིག་གཟེངས་རྟགས”དཔྱད་འདེམས་དང་སྤྲོད་རྒྱུ་གོ་སྐབས་གལ་ཆེན་ལ་བརྩིས་ཏེ་དཔའ་བོར་སློབ་སྦྱོང་དང་། བྱས་རྗེས་འཇོག་པ། སྔོན་ཐོན་པ་བྱེད་པ་བཅས་བྱས་ཏེ་དམག་དཔུང་སྟོབས་ཆེན་དང་དར་སྤེལ་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད་ཧུར་ཐག་ཞུགས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་གི་ཡིན་ཞེས་བཤད།
         བྱས་རྗེས་གཟེངས་རྟགས་སྤྲོད་རྒྱུ་ནི་རང་དམག་གི་མཚན་སྙན་སྤྲོད་པ་དང་སྐུལ་ལྕག་གཏོང་བའི་ལམ་ལུགས་གལ་ཆེན་ཞིག་ཡིན་པ་དང་། 1955ལོར་རྒྱལ་ཁབ་ཀྱིས་ས་ཞིང་གསར་བརྗེའི་དམག་འཁྲུག་དུས་སྐབས་དང་། རི་འགོག་དམག་འཁྲུག་དུས་སྐབས། བཅིངས་འགྲོལ་དམག་འཁྲུག་དུས་སྐབས་བཅས་རིང་གི་མི་དམངས་དམག་དཔུང་གི་བྱས་རྗེས་འཇོག་མཁན་ལ་བརྒྱད་གཅིག་གཟེངས་རྟགས་དང་། རང་བཙན་རང་དབང་བྱས་རྗེས་གཟེངས་རྟགས། བཅིངས་འགྲོལ་གཟེངས་རྟགས་བཅས་ཁག་སོ་སོར་སྤྲོད་རྒྱུའི་ཐག་བཅད་ཡོད། 1988ལོར་དམག་དཔུང་གིས་ཆ་རྐྱེན་ཚང་བའི་དཔུང་སྡེའི་ལས་ཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པར་སྐར་དམར་བྱས་རྗེས་གཟེངས་རྟགས་དང་། རང་བཙན་བྱས་རྗེས་གཟེངས་རྟགས། རྒྱལ་ཁའི་བྱས་རྗེས་གཟེངས་རྟགས་བཅས་ཁག་སོ་སོར་སྤྲོད་རྒྱུའི་ཐག་བཅད་པ་རེད།