མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་སྒྲུབ་ཚུལ་རྒྱལ་ཁབ་
ཀྱི་སློབ་གསོ་ལྟ་སྐུལ་སློབ་སྟོན་གྱི་ཚོད་སྐོར་ནང་ཐེངས་དང་པོ་བཅུག་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཉེ་སྔོན། 《ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་སྒྲུབ་ཚུལ་གྱི་གདེང་འཇོག་བྱེད་ཐབས་》པར་འགྲེམས་བྱས་ཤིང་། དེ་ནི་རང་རྒྱལ་གྱིས་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་སྒྲུབ་ཚུལ་རྒྱལ་ཁབ་ཀྱི་སློབ་གསོ་ལྟ་སྐུལ་སློབ་སྟོན་ཚོད་སྐོར་ནང་འཇུག་ཐེངས་དང་པོ་ཡིན། དེ་ནི་རང་རྒྱལ་གྱིས“ཕྱོགས་ཡོངས་ནས་ཞིང་ཆེན་རིམ་པའི་སྲིད་གཞུང་གི་སྤྱི་འདོམས་འགན་འཁྲིའི་ནང་དོན་ཁ་གསལ་འདོན་ཐེངས་དང་པོ་དང་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་སྒྲུབ་ཚུལ་ལ་ཕྱོགས་བསྡུས་ལྟ་སྐུལ་སློབ་སྟོན་བྱེད་ཐེངས་དང་པོ་ཡང་ཡིན”ཞེས་ཀྲུང་གོ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་ཐན་ཧུའེ་ཧྲེང་གིས་དེ་ལྟར་ངོས་འཛིན་གནང་གི་འདུག
          རྒྱུ་མཚན་གང་ཡིན་ནམ།
          《རྒྱལ་ཁབ་ཀྱི་དུས་འབྲིང་དུས་རིང་གི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་འཆར་འགོད་རྩ་གནད་(2010ལོ་ནས་2020ལོ་བར)》ནང“ཞིང་ཆེན་རིམ་པའི་སྲིད་གཞུང་གི་སློབ་གསོ་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་དགོས་པ”དང“སྲིད་གཞུང་གིས་སློབ་གསོའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དོན་འཁྱོལ་བྱ་ཚུལ་ལ་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ”བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་དོ་དམ་དང་། སྒྲུབ་པ། གདེང་འཇོག་བཅས་ལོགས་སུ་དབྱེ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཞིང་ཆེན་རིམ་པའི་སྲིད་གཞུང་གི་སློབ་གསོའི་སྤྱི་འདོམས་དབང་ཆ་རྒྱ་ཆེར་གཏོང་དགོས་ལུགས་བཏོན་ཡོད།
           “ཞིང་ཆེན་རིམ་པའི་སྲིད་གཞུང་གི་སློབ་གསོ་སྤྱི་འདོམས་དབང་ཆ་རྒྱ་ཆེར་བཏང་རྗེས་རྒྱལ་ཁབ་ཀྱིས་ཇི་ལྟར་བྱས་ཏེ་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་སྒྲུབ་ཚུལ་ལ་ཚད་འཇལ་བྱེད་པ་དང་ཇི་ལྟར་བྱས་ཏེ་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་སློབ་གསོའི་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་རྒྱུར་ལྟ་སྐུལ་བྱས་ནས་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བར་ལམ་ལུགས་ཀྱི་ཇུས་གཞི་ཞིབ་ཕྲ་ཡོད་དགོས”ཞེས་སློབ་གསོ་པུའི་སློབ་གསོ་ལྟ་སྐུལ་སློབ་སྟོན་ཅུས་ཀྱི་ཅུས་ཀྲང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་སློབ་སྟོན་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་ཧོ་ཤིའུ་ཁྲའོ་ཡིས་དེ་ལྟར་ངོ་སྤྲོད་བྱས།
           “རང་རྒྱལ་གྱི་ས་གནས་སྲིད་འཛིན་སྒྲིག་གཞིའི་རིམ་པ་མཐོ་ཤོས་དང་བལྟོས་བཅས་རང་ཚུགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་ཚན་པ་ཡིན་པའི་ཞིང་ཆེན་རིམ་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཧ་ཅང་དམིགས་བསལ་གྱི་གནས་བབ་བཟུང་ཡོད། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་ས་ཁོངས་ནང་གི་སློབ་གསོ་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུ་སྤྱི་འདོམས། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུ་སྤྱི་འདོམས། རྒྱལ་ཁབ་ཀྱི་བླང་བྱ་དང་ས་གནས་ཀྱི་དོན་དངོས་དང་འཚམ་པའི་སློབ་གཉེར་ཆ་རྐྱེན་དང་། དགེ་རྒན་གྱི་སྒྲིག་ཁོངས། སློབ་བསྡུའི་གཞི་ཁྱོན། འགན་ལེན་ཆུ་ཚད་བཅས་བཟོ་བ་དང་འབྲེལ་དོན་འཁྱོལ་བྱ་རྒྱུ་སྤྱི་འདོམས། ས་ཁོངས་ནང་གི་སློབ་གསོའི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སློབ་གསོའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་སོགས་སྤྱི་འདོམས་བྱེད་དགོས། གོང་གསལ་སློབ་གསོའི་ལས་དོན་གྱི་འགན་འཁྲི་ཡག་པོ་སྒྲུབ་ཆེད་ངེས་པར་དུ་ཞིང་ཆེན་རིམ་པའི་སྲིད་གཞུང་གི་སྤྱི་འདོམས་ལ་དམིགས་ནས་ཁྲིམས་སྐྱོང་གིས་རྨང་གཞི་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྲིད་གཞུང་དབར་ལས་བགོས་ཁ་གསལ་དང་ཕན་ཚུན་སྦྲེལ་མཐུད་ཀྱི་ས་གནས་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་སྒྲུབ་པའི་རྩ་བའི་གདེང་འཇོག་ལམ་ལུགས་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་ཐབས་ཇུས་ཀྱི་དབང་ཆ་དང་། ལག་བསྟར་དབང་ཆ། ལྟ་སྐུལ་དབང་ཆ་བཅས་ཕན་ཚུན་ཚོད་འཛིན་དང་ཕན་ཚུན་མཐུན་སྦྱོར་གྱི་འཁོར་སྐྱོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལྟ་སྐུལ་སློབ་སྟོན་སྒྲིག་གཞིས་རང་ཚུགས་ངང་འགན་འཁྲི་སྒྲུབ་པའི་སྒྲིག་སྲོལ་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱེད་དགོས”ཞེས་ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚན་ཧྲི་དང་ཅི་ལིན་ཞིང་ཆེན་སློབ་གསོ་སློབ་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ཝང་ཆིན་ལུའུ་ཡིས་དབྱེ་ཞིབ་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད།
             “དེ་ནི་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི‘གཙོ་གནད་འདུ་འགོད’ཅིག་ཡིན་པ་དང་དེ་ནི་འཛམ་གླིང་གི་ཆུ་ཚད་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་སློབ་གསོ་ཧུར་ཐག་གཉེར་རྒྱུའི་འགན་ལེན་གལ་ཆེན་ཞིག་རེད་ལ། སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཐབས་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི‘མཐའ་མའི་འགག་གནད’ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ཡང་ཡིན”ཞེས་ཝང་ཆིན་ལུའུ་ཡིས་དེ་ལྟར་ངོས་འཛིན་བྱེད་ཀྱི་ཡོད།
           “ཞིང་ཆེན་རིམ་པའི་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་སྒྲུབ་ཚུལ་ལ་གདེང་འཇོག་བྱེད་པ་དེ་ནི་སྲིད་གཞུང་གིས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གསར་པ་ཞིག་རེད”ཨན་ཧུའེ་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་ལི་ཧོ་ཕིང་གིས་དབྱེ་ཞིབ་བྱས་ནས་ངོས་འཛིན་བྱས་པར། ད་བར་ད་དུང་འོས་འགན་སློབ་གསོའི་གྲོན་དངུལ་འགན་ལེན་ཆུ་ཚད་མཐོ་པོ་མེད་པའི་གནད་དོན་དང་། སློབ་གྲྭའི་སློབ་གཉེར་བྱ་སྤྱོད་ཚད་ལྡན་མེད་པའི་གནད་དོན། སློབ་འཁོར་བཀོད་སྒྲིག་གནས་ལ་མི་འཁྱོལ་བ་དང་སློབ་གྲྭ་དང་སློབ་གྲྭའི་བདེ་འཇགས་གནད་དོན། སློབ་གྲྭའི་འཆར་འགོད་དང་བཀོད་སྒྲིག་ལེགས་སྒྲིག་སོགས་ཀྱི་གནད་དོན། སློབ་ཞུགས་གོང་གི་སློབ་གསོའི་སྤྱི་པའི་ཞབས་ཞུ་མི་འདང་བའི་གནད་དོན། ལས་རིགས་སློབ་གསོའི་རྨང་གཞིའི་ནུས་པ་ཞན་པའི་གནད་དོན་སོགས་ལྷག་པའི་གནད་དོན་ཐད་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་བསྒྲུབས་པར་གདེང་འཇོག་དང་འགན་འཁྲི་བདའ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པའི་ལས་དོན་དེར་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་ཚད་མཐོའི་དོ་ཁུར་བྱ་རྒྱུ་དང་སྲིད་འཛིན་ལྟ་སྐུལ་འགན་འཁྲི་བདའ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་སློབ་གསོ་བཅོས་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད།
           གདེང་འཇོག་ཇི་ལྟར་བྱེད་དགོས་སམ།
           ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་བསྒྲུབས་པའི་སློབ་གསོའི་འགན་འཁྲིའི་གདེང་འཇོག་ལས་དོན་ནི་ལས་ཀ་གསར་པ་ཞིག་ཡིན་པས“ཇི་ལྟར་བྱས་ནས་གདེང་འཇོག”བྱ་རྒྱུ་དེ་དང་ཐོག་ཁ་གསལ་བཟོ་དགོས་པའི་གནད་དོན་ཞིག་རེད།
          《བྱེད་ཐབས་》ནང་སློབ་གསོ་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལ་གཞི་ཚུགས་ནས་ཕྱོགས་དྲུག་གི་གདེང་འཇོག་ནང་དོན་ཁ་གསལ་བཏོན་པའི་ནང་གཙོ་བོ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ཏང་གི་སློབ་གསོའི་མཛད་ཕྱོགས་ལག་བསྟར་བྱ་ཚུལ་དང་། རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། སྲིད་ཇུས་བཅས་ལག་བསྟར་བྱ་ཚུལ། རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་འཕེལ་རྒྱས་འགྲོ་ཚུལ། སྲིད་འཛིན་ས་ཁོངས་དེ་རང་གི་སློབ་གསོའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཚུལ། སློབ་གསོ་འགན་ལེན་བྱ་ཚུལ་དང་སློབ་གྲྭའི་སློབ་གཉེར་བྱ་སྤྱོད་ཚད་ལྡན་གྱི་གནས་ཚུལ་བཅས་ཚུད་ཡོད། ཆབས་ཅིག་ཕྱོགས་ཚང་མའི་ཐད་གཏན་འབེབས་ཞིབ་ཕྲ་བྱས་པ་དང་ཁྱོན་ནང་དོན་40ཙམ་ཚུད་ཡོད་པ་དང་གཏན་འབེབས་དེ་དག་ནང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྒྲུབ་དགོས་པའི་སློབ་གསོའི་འགན་འཁྲི་རྩ་བའི་ཆ་ནས་ཚུད་ཡོད། དཔེར་ན་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་འཕེལ་རྒྱས་འགྲོ་ཚུལ་ནང་གཙོ་བོ་ཀུན་ཁྱབ་རང་བཞིན་གྱི་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ་དང་། འོས་འགན་སློབ་གསོའི་ཆ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། དེང་རབས་ལས་རིགས་ཀྱི་སློབ་གསོ་མགྱོ གས་མྱུར་འཕེལ་རྒྱས་གཏོང་རྒྱུ། མཐོ་རིམ་སློབ་གསོ་རིགས་དབྱེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། དམངས་གཉེར་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་དང་ཚད་ལྡན་དུ་གཏོང་རྒྱུ། རྒྱུན་མཐུད་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ། མི་རིགས་སློབ་གསོ་འཕེལ་རྒྱས་མགྱོ གས་སུ་གཏོང་རྒྱུ། རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ། དམིགས་བསལ་སློབ་གསོ་ཡག་པོ་གཉེར་རྒྱུ། དཀའ་ངལ་ཡོད་པའི་ཚོགས་སྤྱིས་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་འགན་ལེན་བྱ་རྒྱུ། སློབ་གསོའི་ཐད་གླེང་མང་བའི་གནད་དོན་དང་དཀའ་གནད་འཕྲལ་དུ་ཐག་གཅོད་བྱ་རྒྱུ་སོགས་ཚུད་ཡོད།
           དོན་དངོས་བཀོལ་སྤྱོད་ཁྲོད་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་སློབ་སྟོན་ཨུ་ལྷན་གྱིས་རྒྱལ་ཁབ་ཀྱི་སློབ་གསོ་བྱ་གཞག་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་དང་དེ་སྔའི་གཙོ་གནད་ལས་འགན་དང་ལྷག་པའི་གནད་དོན་ལ་གཞིགས་ནས་ལོ་འཁོར་གྱི་གདེང་འཇོག་ལས་ཀའི་གཙོ་གནད་དང་ལག་བསྟར་ཞིབ་སྲོལ་བཟོས་ཏེ་གདེང་འཇོག་གི་དམིགས་ཚད་ཞིབ་ཚགས་སུ་བཏང་བ་དེ་དམིགས་སའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད”ཅེས་ཧོ་ཤིའུ་ཁྲའོ་ཡིས་ངོ་སྤྲོད་བྱས།
          《གདེང་འཇོག་བྱ་ཐབས་》ཀྱི་ནང་དོན་ནས་བལྟས་ན་གདེང་འཇོག་ལས་དོན་གྱིས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ལྟེ་བར་བྱས་པའི་ཐོག་སློབ་གསོའི་ལས་དོན་གྱི་ལྟེ་བ་དམ་འཛིན་བྱས་ཡོད། ལོ་ལྟར་དེ་སྔའི་གཙོ་གནད་ལས་འགན་དང་མངོན་གསལ་དོད་པའི་གནད་དོན་ལ་གཞིགས་ནས་ལོ་འཁོར་གྱི་གདེང་འཇོག་ལས་དོན་གྱི་གཙོ་གནད་གཏན་འཁེལ་བྱས་པས་གཙོ་གནད་འབུར་དུ་ཐོན་པ་དང་ཕན་འབྲས་ལ་གཙིགས་ཆེན་གྱི་རྩ་དོན་གང་ལེགས་མངོན་ཡོད། ཞིང་ཆེན་རིམ་པའི་རང་བཤེར་རང་དཔྱད་དང་། ཕྱོགས་གསུམ་པའི་ཆེད་ལས་སྒྲིག་གཞིའི་ལྟ་སྐུལ་ཚད་ལེན། ས་གནས་ས་ཐོག་གི་ཞིབ་བཤེར། བཅོས་སྒྲིག་བསྐྱར་ཞིབ་སོགས་ཀྱི་གནས་ཚུལ་ཕྱོགས་བསྡུས་བྱས་པར་བརྟེན་སྲིད་གཞུང་གིས་རང་གིས་རང་ལ་གདེང་འཇོག་དང་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་ལྟ་སྐུལ་ཐུབ་པ་དང་སློབ་གསོའི་ལྟ་སྐུལ་སློབ་སྟོན་གྱི་ཞིབ་བཤེར་མཛུབ་ཁྲིད་དང་ཕྱོགས་གསུམ་པའི་དབར་གྱི་གདེང་འཇོག་ནུས་པ་འདོན་སྤེལ་ཐུབ་པ་བྱུང་སྟེ་གདེང་འཇོག་ལ་བརྟེན་ནས་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་གདེང་འཇོག་ལ་བརྟེན་ནས་ལེགས་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་བའི་དམིགས་ཡུལ་བསྒྲུབས་ཐུབ་པ་བྱུང་ཡོད། གདེང་འཇོག་གི་འབྲས་བུ་དེ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ཏེ་གདེང་འཇོག་གི་ལས་དོན་ལ་ཡུན་རིང་ཕན་པ་ཐོབ་རྒྱུ་འགན་ལེན་བྱེད་དགོས་པ་ལས་ཕྱི་ཚུལ་ཙམ་དུ་མི་འགྱུར་བ་བྱེད་དགོས་ཞེས་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ཁེན་ཡུན་ཤིན་གྱིས་དབྱེ་ཞིབ་གནང་ནས་གསུངས།