མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་གཉེར་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 16:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ནན་ཧའེ་རུ་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་གཉེར་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དམ་བཅའ་འཇོག་སྐབས་ལྟ་སྐུལ་གནང་བ་རེད།
         《རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་》དང་《རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་སྡེ་ཚན་ཁག་གིས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་རྩ་ཁྲིམས་དམ་འཇོག་སྒྲིག་འཛུགས་བྱ་ཐབས་》གཞིར་བཟུང་། 2016ལོའི་ཟླ་9པ་ནས་2017ལོའི་ཟླ་5པ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་གཞག་བྱས་པའི་སྡེ་ཚན་39ཡི་འགན་ཁུར་བ་62ཀྱིས་ཁྲིམས་ལྟར་རྩ་ཁྲིམས་ལ་དམ་བཅའ་བཞག་པ་རེད།
         སྔ་དྲོའི་ཆུ་ཚོད་11ཙམ་ལ་རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་དབྱང་ཅིན་གྱིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད། དེ་ནས་མི་ཚང་མ་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་དུ་བཏང་བ་རེད། དམ་འཇོག་སྣེ་འཁྲིད་མཁན་གྱིས་ལག་ཏུ་རྩ་ཁྲིམས་ཉར་ཏེ་དམ་ཚིག་ཀློག་པ་དང་དམ་བཅའ་འཇོག་མཁན་གཞན་དག་གིས་རུ་སྟར་སྒྲིག་ནས་ཡར་ལངས་ཏེ་དམ་འཇོག་སྣེ་འཁྲིད་མཁན་གྱི་རྗེས་སུ་དམ་ཚིག་ཀློག་པ་རེད།
         དམ་བཅའ་བཞག་རྗེས་ལི་ཁེ་ཆང་གིས་ཚང་མར་དམ་བཅའི་ཚིག་བློ་ལ་བརྟན་པོར་ངེས་ནས་རྩ་ཁྲིམས་ལྟར་འགན་ནུས་སྒྲུབ་པ་དང་། དམངས་ཆེད་འགན་ནུས་སྒྲུབ་པ། སྲིད་བརྩོན་བྱས་རྗེས་འཇོག་པ། སྤྱོད་གཙང་གཞུང་དྲང་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་རྒྱུ་མེད་པའི་སྐུལ་ལྕག་གནང་བ་རེད།