མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་2017ལོའི་དབུལ་སྒྲོལ་འགག་སྒྲོལ་
གྱི་ལྟ་སྐུལ་ཞིབ་བཤེར་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་07ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་དབུས་ནུབ་བརྒྱུད་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)22ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་འགོ་ཚུགས་པ་རེད།
          རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《དབུལ་སྒྲོལ་འགག་སྒྲོལ་གྱི་ལྟ་སྐུལ་ཞིབ་བཤེར་ལས་ཀའི་བྱ་ཐབས་》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་བཀོད་སྒྲིག་གཞིར་བཟུང་། ད་རེས་ཀྱི་ལྟ་སྐུལ་ཞིབ་བཤེར་གྱི་ལས་འགན་གཙོ་བོ་ནི་2016ལོའི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གྲུབ་འབྲས་ལ་དཔྱད་ཞིབ་དང་ཀྲུང་དབྱང་སྐོར་གཟིགས་དང་དམངས་གཙོ་ཏང་ཤོག་ཀྲུང་དབྱང་གི་ལྟ་སྐུལ་སོགས་ནས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་དོན་འཁྱོལ་བྱ་རྒྱུར་ལྟ་ཞིབ་བྱེད་པ་དང་། གྲུབ་འབྲས་དཔྱད་ཞིབ་ཐད་གནད་དོན་མངོན་གསལ་དོད་པོ་ཡོད་པའི་འབྲེལ་ཡོད་ཞིང་ཆེན་ལ་སྐོར་ཞིབ་བྱ་རྒྱུ་དེ་རེད། ལྟ་སྐུལ་ཞིབ་བཤེར་བྱས་འབྲས་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུ་རྒྱུ་རེད།
           ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་22དེ་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་45ལས་གྲུབ་པ་དང་ཆབས་ཅིག་དམངས་གཙོ་ཀྲུང་དབྱང་ཏང་ཤོག་ཁག་ཞུགས་རྒྱུའི་གདན་ཞུ་བྱས་པ་དང་གཙོ་བོ་ལས་ཡུལ་དངོས་ལ་བརྟག་དཔྱད་དང་། ལྐོག་བཤེར་དཔེ་འཐེན་བརྟག་དཔྱད། ཐེར་འདོན་བདག་སྤྲོད་བཅས་ཀྱི་བྱ་ཐབས་སྤྱད་ཡོད། ཚོགས་ཆུང་ཁག་ཉེ་དུས་བསྟུད་མར་རྡོག་ཐོན་བྱས་ནས་ཟླ་7པའི་ཟླ་སྨད་གོང་གཞི་རྩའི་ཆར་ལེགས་སྒྲུབ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།