མི་དམངས་དྲ་བ།

༄༅།།"བསམ་བློ་དང་ཀུན་སྤྱོད་ལེགས་སྤེལ་དང་རིག་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་
རྒྱག་པ"སྐོར་གྱི་གསར་འགོད་པ་སྣེ་ལེན་ཚོགས་འདུ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་21ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།'བསམ་བློ་དང་ཀུན་སྤྱོད་ལེགས་སྤེལ་དང་རིག་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་
རྒྱག་པ'སྐོར་གྱི་གསར་འགོད་པ་སྣེ་ལེན་ཚོགས་འདུ།

     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་20ཉིན་གྱི་ཆུ་ཚོད་10:00ཐོག ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པའི་སྣེ་ལེན་འཚོགས་འདུ་ཐེངས་གཉིས་པའི་ཐོག་ཀྲུང་གོའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་སུན་ཀྲི་ཅུན་དང་། ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཞ་ཝེ་ཏུང་། རིག་གནས་པུའུ་ཡི་པུའུ་ཀྲང་གཞོན་པ་ཞ་ཀྲའོ་ལུན། གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཧོང་སེན་བཅས་གདན་འདྲེན་ཞུས་ཏེ་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། གསར་འགོད་པས་བཏོན་པའི་དྲི་བར་ལན་ཡང་བཏབ་པ་རེད།