མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས"འབད་འབུངས་ཡར་བརྩོན་གྱི་ལོ་ལྔའི"གྲུབ་འབྲས་འགྲེམས་སྟོན་ཆེ་གྲས་
ལ་གཟིགས་སྐོར་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་27ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས'འབད་འབུངས་ཡར་བརྩོན་གྱི་ལོ་ལྔའི'གྲུབ་འབྲས་འགྲེམས་སྟོན་ཆེ་གྲས་
ལ་གཟིགས་སྐོར་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་ཉེར་ཡོད་པའི་སྐབས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་འགྲེམས་སྟོན་ཁང་དུ་ཕེབས་ནས“འབད་འབུངས་ཡར་བརྩོན་གྱི་ལོ་ལྔའི”གྲུབ་འབྲས་འགྲེམས་སྟོན་ཆེ་གྲས་ལ་གཟིགས་སྐོར་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་5ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་སྤྱིར་བཏང་གཏན་ནས་མིན་པའི་ལོ་5རེད། ལོ་5ཡི་རིང་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དུས་བསྟུན་མདུན་སྐྱོད། སྙིང་རུས་ཆེན་པོས་འབད་བརྩོན། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་མྱུར་པོ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་མངོན་གསལ་དོད་པོ་ཡོང་རྒྱུར་སྐུལ་འདེད་བཏང་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡང་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དང་། གྲུབ་འབྲས་གལ་ཆེན། རྩ་ཆེའི་ཉམས་མྱོང་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་དར་སྤེལ་བཏང་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་རྒྱུར་སྐུལ་ལྕག་བྱེད་པ་དང་། སྙིང་སྟོབས་རབ་འཕེལ་དང་། འབད་འབུངས་ཡར་བརྩོན། ཡང་འབད་བསྐྱར་འབད་བྱེད་པ། རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་འདུ་འགོད། རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་མུ་མཐུད་འབད་འཐབ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཀྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།
         ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་45ཡི་ཐོག་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་པེ་ཅིང་འགྲེམས་སྟོན་ཁང་གི་འགྲེམས་སྟོན་ཚོམས་ཆེན་དུ་ཕེབས་ནས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཏང་ཀྲུང་དབྱང་གི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་གཙོ་རྐང་དུ་བྱས་ནས་བརྗོད་དོན་གཙོ་བོའི་ནང་དོན་འགྲེམས་ཁུལ་10དང་ཁྱད་ལྡན་ཉམས་ལེན་འགྲེམས་ཁུལ་1 བཀོད་སྒྲིག་ཇུས་འགོད་བྱས་ཏེ་བརྒྱུད་ལམ་སྣེ་མང་དང་སྒྲ་འོད་གློག་གསུམ་གྱི་བྱ་ཐབས་གང་ལེགས་སྤྱད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་བཏང་བས་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ལུགས་གང་ལེགས་མངོན་པར་བྱས་པ་དང་། རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཁྱད་དུ་འཕགས་པའི་བློ་གྲོས་དང་ངོམས་སུ་ཆོག་པའི་འཇོན་ཐང་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་འགྱུར་ལྡོག་གསར་པ་དང་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ངོ་མ་དང་དེ་བཞིན་ལས་བྱེད་མང་ཚོགས་ཚོས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པར་བྱས་ཡོད་པ་རེད།
         ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི“གདུང་བཞི་ཀ་བརྒྱད”ཀྱི་བྱེད་པོའི་སྒྲོམ་གཞིའི་གསོན་ཉམས་ལྡན་པའི་བརྙན་ལམ་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་དང་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལས་དོན་གྱི་ཞིབ་ཕྲའི་གྲངས་གཞི་མཚོན་པར་བྱས་པ་དང་། སྔོན་ཐོན་དཔེ་མཚོན་དང་དུས་རབས་ཀྱི་མིག་དཔེའི་གནས་ཚུལ་མང་པོ་མངོན་པར་བྱས་པ། ཀྲུང་གོའི་རོགས་ཟླའི་འབྲེལ་བའི་དྲ་རྒྱ་གོ་ལ་ཡོངས་སུ་ཁྱབ་པའི་བརྒྱུད་ལམ་སྣེ་མང་གི་ཐོན་རྫས་འགྲེམས་སྟོན་བྱས་པ། ལས་བྱེད་དཔུང་ཁག་འཛུགས་སྐྱོང་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཡིག་རིས་འགྲེམས་སྟོན་བྱས་ཡོད་པ་རེད། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་བཟོ་དབྱིབས་དང་། བྱང་གསུམ་འགོག་སྲུང་ནགས་ཚལ་གྱི་མ་ལག་འཛུགས་སྐྲུན་ལས་གྲྭའི(1978ལོ་ནས་2050ལོ་བར)མཚོན་བྱེད་དཔེ་རིས། འཛམ་གླིང་ཐོག་གཏིང་འཛུལ་རིང་ཤོས་ཀྱི་ལས་སྒྲུབ་རྣམ་པའི་མི་ཞུགས་ཆུར་འཛུལ་ཡོ་བྱད“ཀླུ་མོ་རྟགས་ཅན”གྱི་བཟོ་དབྱིབས། ཀྲུང་གོས་རང་བརྟེན་ཞིབ་བཟོ་བྱས་པའི་རྟ་ཤུགས་400ཡི་རིམ་མེད་མགྱོགས་ཚད་འགྱུར་བའི་འདྲུད་འཐེན་འཕྲུལ་འཁོར་ཐོག་མ། དམག་དཔུང་སྟོབས་ཆེར་གཏོང་བའི་རྒྱང་སྐྱོད་ལམ་བུའི་ནང་མཚོ་ཐོག་རྒྱང་སྐྱོད་བྱེད་པའི་གོ་མཚོན་དང་སྒྲིག་ཆས་བཟོ་དབྱིབས་སོགས་དངོས་དཔེའི་བཟོ་དབྱིབས་མང་པོ་ཞིག་དང་། བརྙན་ལམ་གྱི་དཔྱད་གཞི་དུམ་བུ་མང་པོ་ཞིག པར་རིས་དང་དཔེ་རིས་མང་པོ་བཅས་ལ་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཡང་ཡང་གཟིགས་པ་རེད།