མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་ཤིན་ཅང་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་19ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་ཤིན་ཅང་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན་གྱི་ཕྱི་དྲོ་བློ་མཐུན་ཡུས་ཀྲེང་ཧྲེང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཤིན་ཅང་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་དུ་སྐྱོད་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་བློ་གྲོས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་གཏམ་བཤད་གནང་སྐབས་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་སྙན་སྒྲོན་གྱིས་འདས་ཟིན་པའི་ལོ་ལྔའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་གནང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱས་བཤད་གཏིང་ཟབ་གནང་བ། དེང་སྐབས་ཀྲུང་གོའི་དོན་དངོས་དང་མཐུན་པའི་འཐབ་ཇུས་བྱེད་ཐབས་འགངས་ཆེན་རབ་དང་རིམ་པ་བཏོན་གནང་བ་བཅས་ནི་རང་རེའི་ཏང་གིས་དུས་རབས་གསར་པར་ཁ་ཕྱོགས་པ་དང་། རྒྱང་སྐྱོད་ལམ་གསར་པ་གཏོད་པ། ལེའུ་གསར་པ་མུ་མཐུད་རྩོམ་པ་བཅས་ཀྱི་ཆབ་སྲིད་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་རེད། ང་ཚོས་ངེས་པར་དུ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས།
         ཡུས་ཀྲེང་ཧྲེང་གིས་འདས་ཟིན་པའི་ལོ་ལྔའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱིར་བཏང་མིན་པའི་ཆབ་སྲིད་ཀྱི་བློ་གྲོས་དང་། དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་གཤིས་རྒྱུད། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་བཏང་བས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། རླབས་ཆེའི་ལག་ལེན་འདིའི་ནང་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཇི་ལྟར་གཏོང་དགོས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་འགངས་ཆེན་འདིར་དམ་པོར་དམིགས་ནས་དཀའ་ཚེགས་ཆེན་པོས་རིགས་པའི་གཞུང་ལུགས་འཚོལ་ཞིབ་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་གནང་ཡོད། དགོངས་པ་གལ་ཆེན་འདི་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན། རང་རེའི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པའི་མཛུབ་ཁྲིད་དགོངས་པ་བཅས་ཡིན་པས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན་བྱེད་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་དོན་དམ་པའི་དོན་སྙིང་འགངས་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད་ཅེས་གསུངས།
        ཡུས་ཀྲེང་ཧྲེང་གིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་རྒྱ་ཆེ་ཤོས་དང་། ཆེས་དངོས་ཡོད། སྤྱོད་གོ་ཆོད་ཤོས་བཅས་ཀྱི་དམངས་གཙོ་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་། རིམ་པ་མང་བ། ལམ་ལུགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གྲོས་མོལ་དམངས་གཙོའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་ཀྱི་རྒྱུན་གཏན་ཆབ་སྲིད་འཚོ་བའི་ཁྲོད་རྒྱ་ཁྱབ་དང་། རྒྱུན་སྲིང་། གཏིང་ཟབ་བཅས་ཀྱི་སྒོ་ནས་ཞུགས་པའི་དབང་ཆ་འགན་ལེན་བྱེད་དགོས། མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་དོན་གཙོ་བོ་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ་གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་མཐའ་འཁྱོངས་བྱེད་པ་དང་། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་ནུས་པ་གལ་ཆེན་འདོན་སྤེལ་ཡག་པོ་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཏེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་སེ་འབྲུ་ལྟར་དམ་པོ་སྦྲེལ་བ་བྱེད་དགོས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་ཡི་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོར་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
         བློ་མཐུན་ཨའེ་ལི་ཀེང·དབྱི་མིང་པ་ཧའེ་ཤིན་ཅང་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ་རེད།