མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་སྤྱོད་ངན་དང་རུལ་
སུངས་ཀྱི་གནད་དོན་ཁག་52བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ལྟ་ཞིབ་པུའུ་ཡི་དྲ་ཚིགས་སུ། སྒྲིག་བཤེར་ལྟ་ཞིབ་སྡེ་ཁག་རིམ་པ་ཁག་གིས་ཞིབ་བཤེར་ཐག་གཅོད་བྱས་པའི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་སྤྱོད་ངན་དང་རུལ་སུངས་ཀྱི་གནད་དོན་ཁག་52བརྡ་ཁྱབ་བཏང་ཡོད་པ་རེད།
         བརྡ་ཁྱབ་བཏང་བའི་གནད་དོན་ནི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་27ནས་འབྱོར་བ་རེད། དེའི་ཁྲོད་དུ"གནས་སྤོའི་ཁ་གསབ་དངུལ་ཧམ་བཟའ་བྱས་པ"དང"ལས་གྲྭའི་མ་དངུལ་སྒྲིག་འགལ་ངང་བླངས་པ།" "རྒྱལ་ཁབ་ཀྱི་འབྲུ་རིགས་ཐད་ཀའི་ཁ་གསབ་དངུལ་གཡོ་ལེན་བྱས་པ"སོགས་མང་ཚོགས་ཀྱི་ཁ་གསབ་གཡོ་སྤྱོད་བྱས་རིགས་ཀྱི་གནད་དོན་ནི་གནད་དོན་ཡོངས་ཀྱི་ཕྱེད་ཀ་ཙམ་ཟིན་པ་དང་། "དབུལ་སྐྱོར་མ་དངུལ་སྒྲིག་འགལ་ངང་སྤྲད་པ"དང"དབུལ་སྐྱོར་བྱ་ཡུལ་ངོས་འཛིན་གནད་སྨིན་མ་བྱུང་བ།" "རྒྱལ་ཁབ་ཀྱི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་གཡོ་ལེན་བྱས་པ"སོགས་དབུལ་སྐྱོར་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་གནད་དོན་12ཡོད་པ་བཅས་ཐག་གཅོད་ཚ་ནན་བྱས་ཡོད་པ་རེད།